དབུ་ཤོག>ཞིང་འབྲོག་གསར་པ།
  • གནད་སྨིན་དབུལ་སྒྲོལ་བྱས་ནས“ཁྱད་ཆོས་ལྡན་པ་བྱ་རྒྱུར” ཤུགས་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-09

    299610_yis_1467949816993.jpg

    གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་ཀ་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཚུན། ལྷོ་རོང་རྫོང་གིས“ཐོན་སྐྱེད་འཕེལ་རྒྱས་བཏང་ནས་ཁག་གཅིག་དབུལ་སྒྲོལ་བྱེད་པའི”དམིགས་ཚད་ལ་གཞིགས་ཏེ། ལྷོ་རོང་ཁྱད་ལྡན་ཐོན་ཟོག་གསར་སྤེལ་ཀུང་སི་སྣེ་འདྲེན་ཁེ་ལས་སུ་བྱས་པའི་རྨང་གཞིའི་ཐོག མ་འཇོག་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཁེ་ལས་ཧྲིལ་པོའི་སྟོབས་ཤུགས་དང་ཁེ་ལས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་བས། ལྷོ་རོང་རྫོང་གི་གཞི་ཁྱོན་ཅན་གྱི་འདེབས་གསོ་དང་། ཞིང་ལས་ཐོན་ཟོག་ཐོན་ལས་ཅན་གྱི་གཉེར་སྐྱོང་། ཐོན་ལས་ལོང་འབྲེལ་རྒྱུན་སྲིང་དང་། འབྲེལ་ཡོད་ཐོན་ལས་དབར་སྦྲེལ་མཐུད་མཉམ་འདྲེས་བཅས་ལ་སྐུལ་མ་ནུས་ལྡན་ཐེབས་ནས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཡངས་སུ་འགྲོ་རྒྱུ་དང་དངུལ་སྨར་ཡོང་འབབ་མང་དུ་འགྲོ་རྒྱུར་དཔེ་མཚོན་སྣེ་འདྲེན་གྱི་ནུས་པ་ཐོན་ཞིང་། འདི་ནི་ལྷོ་རོང་རྫོང་ལྷོ་རོང་ཁྱད་ལྡན་ཐོན་ཟོག་གསར་སྤེལ་ཀུང་སིའི་ལས་མིས་ཁྲོམ་བཀྱག་ཏུ་ཚོང་ཟོག་སྒྲིག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།