དབུ་ཤོག>ཞིང་འབྲོག་གསར་པ།
  • ཡར་ཀླུང་ཚོང་འདུས་ཐོག་མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་བྲིན་ཁ་རྒྱུགས་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་དྲ་བ།    |     སྤེལ་དུས།  2016-07-06

    འགོ་ཚུགས་མ་ཐག་པའི་སྐབས 34པའི་ལྷོ་ཁའི་ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་ཐོག་ཞིང་འབྲོག་ཁུལ་གྱི་ཚོང་དུད་མང་པོས། མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་ཟོག་མང་པོ་ཞིག་རྒྱ་ཆེའི་འཛད་སྤྱོད་པར་མཁོ་འདོན་ཞུས་ཡོད་པ་རེད།

    11.jpg

    འཛད་སྤྱོད་པས་གྲ་ནང་གི་གསེར་ཁུང་སྣམ་བུ་འདེམས་ཉོ་གནང་བཞིན་པ།

    མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་ཉོ་ཚོང་ཁུལ་དུ་ལྷོ་ཁའི་རྫོང་ཁག་སོ་སོའི་ཡུལ་ཟོག་ཐོན་རྫས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པ་རེད། རང་ལྗོངས་ཀྱི་སྣམ་བུའི་གྲོང་ཚོ་དང་པོར་འབོད་པའི་གྲ་ནང་རྫོང་གསེར་ཁུང་རྒྱུན་སྲོལ་སྣམ་ཆས་མཉམ་ལས་ཁང་གི་ལས་མི་ཚོས་གོ་སྐབས་དམ་འཛིན་གྱིས། སྣམ་བུ་སྒྲིག་བཤོམས་ལེགས་པར་བྱས་ནས་འཛད་སྤྱོད་པའི་མིག་དབང་བཀུག་ཐབས་བྱེད་བཞིན་ཡོད་པ་དང་། མཉམ་ལས་ཁང་དེ་གའི་འགན་འཁུར་བས་གསར་འགོད་པར་ང་ཚོའི་མཉམ་ལས་ཁང་དེ་མ་གཞི་ཡར་ཀླུང་ཚོང་འདུས་ལ་ཞུགས་ཐེངས་དང་པོ་ཡིན་ན་ཡང་ཚོང་བྲིན་ཁ་རྒྱུགས་པོ་འདུག དེར་བརྟེན་ང་ཚོས་མུ་མཐུད་ལོ་རེའི་ཚོང་འདུས་ལ་འཆར་ཅན་བཞིན་ཞུགས་ནས་རྒྱ་ཆེའི་མཛད་སྤྱོད་པར་རྒྱུ་གཙང་སྤུས་གཙང་གི་སྣམ་བུའི་ཐོན་རྫས་མཁོ་འདོན་ཞུ་རྒྱུ་ཡིན་ཞེས་གསུངས།

    22.jpg

    ཚོང་པས་རང་གི་ཚོང་ཟོག་གི་དགེ་མཚན་གླེང་བཞིན་པ།

    བསྟན་འཛིན་ནི་ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་ནས་ཡིན་པ་དང་། རྒྱུན་དུ་སླེའུ་དང་ཕྱར་བ་སོགས་ཚོང་གཉེར་བྱེད་ཀྱི་ཡོད་པ་མ་ཟད། ད་ལོ་ཁོང་ཚོང་འདུས་ལ་ཞུགས་ཐེངས་དགུ་པ་དེ་རེད། ཁོང་གིས་ད་ལོ་ཚོང་འདུས་ལ་ཉོ་ཆ་བརྒྱག་པར་ཡོང་མཁན་སྔ་ལོ་ལས་མང་བ་འདུག་པས། ངའི་སླེའུ་དང་ཕྱར་བ་ཡང་བརྒྱད་ཙམ་ཞིག་བྲིན་སོང་ཞེས་ངོ་གདོང་ནས་འཛུམས་མདངས་འཕྱུར་བཞིན་གསུངས།

    33.jpg

    འཛད་སྤྱོད་པས་སོ་སོའི་བློར་འགྲོ་བའི་ཕོར་པ་འདེམས་ཉོ་བྱེད་བཞིན་པ།

    44.jpg

    བཀྲག་མདངས་རྒྱས་པའི་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་རྩམ་ཟོ་དང་མར་ཟོ།

    གསར་འགོད་པས་བརྒྱུད་མངའ་བྱས་པར་གཞིགས་ན། འཛད་སྤྱོད་པས་སླེའུ་དང་ཕྱར་བ། སྣམ་བུ་སོགས་འཐག་ལས་རིགས་ཀྱི་ཐོན་རྫས་འདེམས་ཉོ་གནང་མཁན་མང་པོ་ཡོད་པ་ཕུད། ད་དུང་ཤིང་ཕོར་དང་རྩམ་ཟོ་སོགས་མཁོ་ཆས་མངགས་ཉོ་གནང་མཁན་ཡང་མང་པོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།