སྤྱི་ལོ་2012ལོར་ཐོན་ལས་དང་མཚོན་རྟགས། ཚོང་རྟགས་བཅས་གསུམ་ལ་སྐུལ་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་1.6ལྷག་ཙམ་བཏང་ནས་ཞིང་འབྲོག་ཐོན་ལས་གོང་འཕེལ་ལ་རྒྱབ་སྐྱོར་བྱས་པ་རེད། དེངས་སྐབས། གྲོང་ཁྱེར་དེ་ཡོངས་སུ་རྫོང་ཚང་མར་ཐོན་ལས་ཡོད་པ་དང་ཤང་ཚང་མར་ཐོན་རྫས་ཡོད་པ། མི་ཚང་མས་མཚོན་རྟགས་ལ་དོ་སྣང་བྱེད་པ། མི་ཚང་མས་ཚོང་རྟགས་དང་ཐུམ་སྒྲིལ་ལ་དང་དོད་བྱེད་པ་བཅས་ཀྱི་འདུ་ཤེས་གསར་པ་ཆགས་ཏེ། སྤྱིར་ན་ཐོན་རྫས་ཚང་མར་ཚོང་རྟགས་དང་ཐུམ་སྒྲིལ་ཡོད་པར་གྱུར་ཡོད།
ཤེས་རྟོགས་བྱས་པར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱིས་ཐོན་ལས་ཀྱི་མཚོན་རྟགས་གཏོད་རྒྱུར་དམིགས་ནས་སྦ་རས་ཞིང་དང་བྱ་ཡུལ་སོགས་ཐོན་རྫས་ཐུམ་སྒྲིལ་60ལྷག་ཙམ་ཇུས་འགོད་བྱས་པ་དང་རྩེ་ཐེར་དང་། ལྷུན་རྩེའི་ནས་ནག་དང་ནས་ནག་པོའི་རྩམ་པ། རྒྱ་ཚའི་སྟར་ཀ་བཅས་ཐོན་རྫས་བཞིར་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོབ་ཐོན་རྫས་ཀྱི་དཔང་འདོན་ཁས་ལེན་བྱུང་བ་དང་བོད་མིའི་འབྱུང་ཁུངས་དང་སྲས་མཁར་དགུ་ཐོགས། རྩེ་ཐེར་བཅས་ཚོང་རྟགས་གསུམ་ལ་རང་སྐྱོང་ལྗོངས་གྲགས་ཅན་ཚོང་རྟགས་ཀྱི་མཚན་སྙན་ཐོབ་པ། འཕྲེང་འགོའི་ཞོག་ཁོག་དམར་པོ་དང་ལེགས་པོའི་ཇ་ལོ། ལྷུན་རྩེའི་ནས་ནག་བཅས་ལ་ཞིང་ལས་པུའི་ཞིང་ལས་ཐོན་རྗས་ས་ཁམས་མཚོན་རྟགས་ཀྱི་དཔང་འདོན་ཁས་ལེན་བྱུང་བ་བཅས་རེད། སྤྱི་ལོ་2015ལོའི་ལོ་མཇུག་བར་། ཐོན་ལས་དང་མཚོན་རྟགས། ཚོངས་རྟགས་བཅས་ཀྱི་སྐུལ་སྤེལ་བྱས་ནས། གསོ་སྐྱོང་ཁེ་ལས་ཀྱིས་རིགས་ཁག་བྲིན་འཚོང་བྱེད་གནས་97སྐྲུན་པར་ཁེ་གཙང་སྒོར་ཁྲི་ཚོ་1185བྱུང་བ་རེད།