དབུ་ཤོག>ཞིང་འབྲོག་གསར་པ།
  • མི་དམངས་དངུལ་ཁང་ཉིང་ཁྲི་ལྟེ་བའི་ཡན་ལག་དངུལ་ཁང་གིས་དབུལ་སྐྱོར་དངུལ་བུན་བསྐྱར་མའི་ཁག་དང་པོའི་དངུལ་བུན་སྒོར་ཁྲི་ཚོ་ཉིས་སྟོང་བཏང་བ།

  • ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།    |     སྤེལ་དུས།  2016-06-21

    མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ལྟེ་བའི་ཡན་ལག་དངུལ་ཁང་གིས་ཉིན་ཤས་གོང་། ཉིང་ཁྲིའི་དམངས་འཚོའི་ཤང་གྲོང་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སིར་ལེགས་སྒྲུབ་ལྡན་པའི་ངང་། རང་སྐྱོང་ལྗོངས་ཀྱི་དབུལ་སྐྱོར་དངུལ་བུན་བསྐྱར་མའི་ཁག་དང་པོའི་དངུལ་བུན་སྒོར་ཁྲི་ཚོ་ཉིས་སྟོང་བཏང་བ་དང་དངུལ་བུན་གཏོང་ཡུན་ལོ་གཅིག་ཡིན་ཞིང་སྐྱེད་ཀ་འཇལ་ཚད་བརྒྱ་ཆ༡.༧༥ཡིན། མ་དངུལ་དེ་ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་ལས་དང་འབྲེལ་བའི་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་ཆེད་ཆེད་དོན་བེད་སྤྱོད་བྱེད་རྒྱུ་ཡིན་ཞིང་།  གཙོ་གནད་ཐོག་ཉིང་ཁྲི་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་དང་དབུལ་ཕོངས་མི་འབོར་གྱི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དབུལ་སྐྱོར་དངུལ་བུན་བསྐྱར་མ་དེ་ནི་དབུལ་ཕོངས་ས་ཁུལ་གྱི་ཞིང་ལས་དང་འབྲེལ་བའི་དངུལ་རྩའི་ཞབས་ཞུ་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུའི་ཐད་ཆེད་དོན་བེད་སྤྱོད་བྱེད་པའི་དངུལ་བུན་ཞིག་ཡིན་པ་དང་། སྤྱིར་བཏང་གི་ཞིང་ལས་དང་འབྲེལ་བའི་དངུལ་བུན་བསྐྱར་མ་དང་བསྡུར་ན་དབུལ་སྐྱོར་དངུལ་བུན་བསྐྱར་མར་ཕྱོགས་གཅིག་ནས་ཞིང་སྐྱོར་གྱི་དངུལ་བུན་བསྐྱར་མ་ལས་དེ་བས་གཟིགས་སྐྱོང་གི་སྐྱེད་ཀ་ལག་བསྟར་བྱེད་རྒྱུ་དང་། ཕྱོགས་གཞན་ཞིག་ནས་དབུལ་སྐྱོར་དངུལ་བུན་བསྐྱར་མའི་དོན་དངོས་བེད་སྤྱོད་དུས་ཡུན་རིང་ཤོས་ལོ་ལྔ་བྱེད་ཆོག་གི་ཡོད་པའི་ཁྱད་ཆོས་ལྡན་ཡོད། ཐེངས་འདིའི་དབུལ་སྐྱོར་དངུལ་བུན་བསྐྱར་མ་བཏང་བ་དེས་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ལྟེ་བའི་ཡན་ལག་དངུལ་ཁང་གིས། ཁོངས་གཏོགས་ས་ཁུལ་གྱི་ས་གནས་ཁྲིམས་མིའི་དངུལ་རྩའི་ཚན་པའི་དངུལ་རྩའི་དབུལ་སྐྱོར་གྱི་ཡིད་རྟོན་དངུལ་བུན་གཏོང་བའི་ལམ་ལུགས་ལ་ཁ་གསབ་དང་འཐུས་སྒོ་ཚང་དུ་བཏང་བ་མཚོན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།