དབུ་ཤོག>ཞིང་འབྲོག་གསར་པ།
  • ཆུ་གསུམ་རྫོང་གིས་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-17

    ད་ལོ་ཆུ་གསུམ་རྫོང་གིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དེ་གོ་སྐབས་སུ་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་བརྟན་པོར་ཆགས་པ་དང་རང་རྟོགས་ངང་ལག་ལེན་བསྟར་ནས་ལས་ཀའི་སྤྱོད་ཚུལ་ལེགས་སྒྱུར་ཏན་ཏིག་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལ་དམ་འཛིན་གྱིས་རྫོང་ཡོངས་ཀྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་གྱི་ལས་དོན་བདེ་བླག་ངང་བསྒྲུབ་པར་སྐུལ་སྤེལ་ཏན་ཏིག་བཏང་བ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། ཆུ་གསུམ་རྫོང་གིས་2015ལོའི་སྤྱི་པའི་བོགས་གཏོང་ཁང་པའི་འཛུགས་སྐྲུན་རྣམ་གྲངས་མུ་མཐུད་སྐྲུན་འགོ་བཙུགས་པ་དང་། མ་དངུལ་ཁྱོན་བསྡོམས་སྒོར་ཁྲི་1195.95གཏོང་རྒྱུ་ཡིན་པ་དང་མ་དངུལ་སྒོར་ཁྲི་215བཏང་ཟིན་ནས་སྒྲུབ་ཚད་18%ཟིན་ཡོད། 2016ལོར་རྫོང་དེའི་ལས་ཤག་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི་504གཏོང་རྒྱུ་ཡིན་པ་དང་། ལས་ཤག་24གསར་དུ་བསྐྲུན་པར་མ་དངུལ་སྒོར་ཁྲི་30ལྷག་བཏང་ཡོད། སྤྱི་པའི་བོགས་གཏོང་ཁང་པའི་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི་720ཟིན་པ་དང་སྤྱི་པའི་བོགས་གཏོང་ཁང་པ་48གསར་དུ་བསྐྲུན་པར་མ་དངུལ་སྒོར་ཁྲི་36བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།