
གཞིས་རྩེ་ས་ཁུལ་སྐྱིད་གྲོང་རྫོང་གིས་ཐོན་སྐྱེད་བྱས་པའི་ཤིང་ཕོར་དེ་ཤིང་རྒྱུ་ལེགས་པ་དང་། ལས་སྣོན་ཞིབ་ཚགས་པ། བཟོ་རྩལ་ཁྱད་དུ་འཕགས་པ་བཅས་ཡོད་པར་བརྟེན་ལྗོངས་ཡོངས་སུ་བྲིན་ཁ་རྒྱུག་པོ་ཡོད་ཅིང་། ཉེ་བའི་ལོ་ཤས་ནང་ཤིང་ཕོར་འཚོང་མཁན་གྱི་ཚོང་དུད་ཀྱང་རིམ་གྱིས་མང་དུ་ཕྱིན་པ་སྟེ། རྫོང་དེའི་སྐྱིད་གྲོང་གྲོང་རྡལ་གྱི་ཡུལ་མི་གཡང་འཛོམས་ཀྱིས་ལོ་6གི་སྔོན་དུ་ཤིང་ཕོར་གྱི་ཚོང་རྒྱག་འགོ་བཙུགས་པ་དང་ཁོང་དང་ཁོང་གི་ཚོང་རོགས་ཀྱིས་དེ་སྔོན་གཞིས་རྩེ་གྲོང་ཁྱེར་དང་། ལྷ་ས་གྲོང་ཁྱེར། ནག་ཆུ་གྲོང་རྡལ། རྩེད་ཐང་གྲོང་རྡལ་སོགས་སུ་སྔ་རྗེས་སུ་སྐྱིད་གྲོང་གི་ཤིང་ཕོར་འཚོང་བར་བསྐྱོད་ནས་ཚོང་ལོ་རེ་བཞིན་ལེགས་སུ་ཕྱིན་ནས་གཡང་འཛོམས་ཀྱང་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱུང་ཡོད།འདི་ནི་གཡང་འཛོམས(གཡས་ཀྱི་གཉིས་པ )ཀྱིས་གཞིས་རྩེ་གྲོང་ཁྱེར་དུ་ཤིང་ཕོར་འཚོང་བའི་གནས་ཚུལ་ཡིན་པ།