
ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་སྲིད་ཇུས་དང་། མ་དངུལ། ལག་རྩལ་སོགས་ཕྱོགས་མང་པོའི་ཐད་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་ཧུར་ཐག་བྱས་པས། ད་ཆ་ཁྱད་ཆོས་མངོན་གསལ་དོད་པའི་ཁྱད་ལྡན་ཐོན་ཟོག་སྣ་ཚོགས་མེ་ཏོག་མཉམ་བཞད་ལྟར་མང་པོ་ཐོན་ཡོད་ལ། དེ་དག་ལ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་ཀྱང་དགའ་པོ་བྱེད་ཀྱི་ཡོད་ཅིང་། འདི་ནི་ཉེ་ཆར་འདམ་གཞུང་རྫོང་ཞིང་འབྲོག་ཐོན་ཟོག་ཚོང་འདུས་ཐོག་རྒྱལ་ནང་གི་ཡུལ་སྐོར་བས་རང་ལྗོངས་ཀྱི་ཁེ་ལས་ཀྱིས་གསར་སྤེལ་བྱས་པའི་ས་མཐོ་མི་འཕྲོད་པའི་ནད་སྔོན་འགོག་གི་ཁྱད་ཆོས་ལྡན་པའི་འཐུང་བྱའི་བྲོ་བ་མྱོང་བའི་གནས་ཚུལ་ཡིན་པ།