དབུ་ཤོག>ཞིང་འབྲོག་གསར་པ།
  • གནད་སྨིན་དབུལ་སྐྱོར་སྐོར་གྱི་ཤེས་བྱ་གསལ་འགྲེལ། ༣

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-06

    12.ཡིག་ཚགས་དང་གཱ་བཟོ་བའི“གསལ་རྟོགས་ལྔ”གང་དག་ཡིན་ནམ།

    གཅིག་ནི་ཁྱིམ་ཚང་གི་གནས་ཚུལ་དང་། དབུལ་པོར་གྱུར་རྐྱེན། དཔལ་འབྱོར་ཡོངས་ཁུངས་སོགས་ཀྱི་གཞི་རྩའི་གནས་ཚུལ་མཐིལ་རྟོགས་བྱས་ཏེ་གཞི་རྩའི་ཡིག་ཚགས་བཟོས་ནས“གནས་ཚུལ་ཚང་མ་གསལ་རྟོགས”ཐུབ་པ་དང་། གཉིས་ནི་དབུལ་སྒྲོལ་ཐབས་ལམ་དང་ཐག་གཅོད་བྱེད་དགོས་པའི་དཀའ་ངལ་གཙོ་བོ་གསལ་པོ་ཤེས་པ་བྱས་ཏེ་གནད་དོན་ཐོ་འགོད་བྱས་ནས“གནད་དོན་ཚང་མ་གསལ་རྟོགས”ཐུབ་པ། གསུམ་ནི་དེ་སྔོན་རོགས་སྐྱོར་བྱས་ཚུལ་དང་རོགས་སྐྱོར་ཕན་འབྲས་གསལ་པོ་རྟོགས་པ་དང་། རོགས་སྐྱོར་བྱ་ཐབས་འདོན་པ། རོགས་སྐྱོར་འཆར་གཞི་བཟོ་བ་བཅས་བྱས་ནས“ཁ་གཏད་གཅོག་ཐབས་གསལ་རྟོགས”ཐུབ་པ། བཞི་ནི་རོགས་སྐྱོར་ཚན་པ་དང་ལས་བྱེད་པ་གཏན་འཁེལ་བྱེད་པ་དང་། དུད་ཚང་གཏན་འཁེལ་དང་། མི་སྣ་གཏན་འཁེལ། དུས་ཚོད་གཏན་འཁེལ། འགན་འཁྲི་གཏན་འཁེལ་བཅས་ཀྱི་ཐོག་ནས་རོགས་སྐྱོར་བྱེད་པ་དང་། དབུལ་སྐྱོར་ལས་དོན་དང་ཁ་མི་བྲལ་བ། དབུལ་སྐྱོར་ལས་འགན་དང་ཁ་མི་བྲལ་བའི“གཏན་འཁེལ་བཞི་དང་མི་བྲལ་བ་གཉིས”ལག་བསྟར་བྱས་ནས“འགན་འཁྲི་གསལ་རྟོགས”ཐུབ་པ། ལྔ་ནི་དུད་ཚང་རེ་རེར་དབུལ་སྒྲོལ་འཆར་གཞི་བཟོས་ཏེ་དབུལ་སྒྲོལ་དུས་བཀག་གཏན་འཁེལ་བྱས་ནས“ལས་འགན་གསལ་རྟོགས”ཐུབ་པ་བཅས་ཡིན།

    13. དབུལ་པོར་གྱུར་རྐྱེན་གང་དག་ཡོད་དམ།

    གཅིག་ནི་ཕྱུག་འགྱུར་ཐབས་ལམ་མི་འདང་བ་དང་། གཉིས་ནི་འཕེལ་རྒྱས་ཀྱི་མ་དངུལ་མི་འདང་བ། གསུམ་ནི་ངལ་རྩོལ་རྩལ་ནུས་ཞན་པ། བཞི་ནི་ཆ་འཕྲིན་ཞབས་ཞུ་དཀོན་པ། ལྔ་ནི་འཐུང་ཆུར་དཀའ་ངལ་ཡོད་པ། དྲུག་ནི་ནང་མིར་ནད་ཚབས་ཆེན་ཕོག་པའམ་ཡང་ན་དབང་པོ་སྐྱོན་ཅན་ཡིན་པ། བདུན་ནི་རྒན་རྒོན་ལ་བསྙེན་བཀུར་ཞུ་བའི་ཁུར་པོ་ལྕི་བ། བརྒྱད་ནི་བུ་ཕྲུག་སློབ་གྲྭར་གཏོང་བའི་ཁུར་པོ་ལྕི་བ་བཅས་ཡིན།

    14. འདུ་འགོད་བཅུ།

    ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱས་ནས་རོགས་སྐྱོར་དང་། ལས་རིགས་སློབ་གསོའི་གསོ་སྦྱོང་། དབུལ་སྐྱོར་གྲངས་ཉུང་ཡིད་རྟོན་དངུལ་བུན་གཡར་བ། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པ། དྲ་ཐོག་ཚོང་དོན་ལ་བརྟེན་ནས་དབུལ་སྐྱོར། ཡུལ་སྐོར་ལ་བརྟེན་ནས་དབུལ་སྐྱོར། འོད་ཤུགས་ལ་བརྟེན་ནས་དབུལ་སྐྱོར། ལོ་སྐྱུར་ལྗོན་ཤིང་ལ་བརྟེན་ནས་དབུལ་སྐྱོར། ཕྱུག་འགྱུར་སྣེ་ཁྲིད་པའི་ལས་གཏོད་གསོ་སྦྱོང་། སྣེ་འདྲེན་ཁེ་ལས་ཀྱིས་སྣེ་ཁྲིད་བྱེད་པ་བཅས་ཡིན།

    15.ཇུས་འདོན་བཞི།

    རིགས་དབྱེ་ཇུས་འདོན་དང་། མི་དང་ས་ཁུལ་དང་བསྟུན་ནས་ཇུས་འདོན། དབུལ་པོར་འགྱུར་རྐྱེན་དང་བསྟུན་ནས་ཇུས་འདོན་། དབུལ་པོའི་རིགས་དང་བསྟུན་ནས་ཇུས་འདོན་པ་བཅས་ཡིན།

    16. ཐབས་ལམ་རིགས་ལྔ།

    ཐོན་སྐྱེད་དང་ལས་ཞུགས་ལ་རོགས་སྐྱོར་བྱས་ནས་ཁག་གཅིག་འཕེལ་རྒྱས་གཏོང་བ་དང་། ཡུལ་གཞན་དུ་གནས་སྤོ་བྱས་ནས་ཁག་གཅིག་བཀོད་སྒྲིག་བྱེད་པ། སྣོད་བཅུད་སྲུང་སྐྱོབ་བྱས་ནས་ཁག་གཅིག་དབུལ་སྒྲོལ་བྱེད་པ། སློབ་གསོའི་དབུལ་སྐྱོར་བྱས་ནས་ཁག་གཅིག་དབུལ་སྒྲོལ་བྱེད་པ། མ་མཐའི་འཚོ་བའི་འགན་ལེན་སྲིད་ཇུས་ལ་བརྟེན་ནས་ཁག་གཅིག་མཐའ་སྐྱོང་བ་བཅས་ཡིན།

    17.ཁག་གཅིག་རེ་ལྔ།

    ཐོན་སྐྱེད་ལ་རོགས་སྐྱོར་བྱས་ནས་ཁག་གཅིག་འཕེལ་རྒྱས་གཏོང་བ་དང་། དབུལ་སྐྱོར་གནས་སྤོ་བྱས་ནས་ཁག་གཅིག་བཀོད་སྒྲིག་བྱེད་པ། མ་མཐའི་འཚོ་བའི་འགན་ལེན་སྲིད་ཇུས་ལ་བརྟེན་ནས་ཁག་གཅིག་མཐའ་སྐྱོང་བ། ཤེས་འཕེལ་སློབ་གསོར་བརྟེན་ནས་ཁག་གཅིག་ལས་ཞུགས་ཐུབ་པ་བྱེད་པ། བདེ་ཐང་དབུལ་སྐྱོར་བྱས་ནས་ཁག་གཅིག་ལ་སྐྱོབ་རོགས་བྱེད་པ་བཅས་ཡིན།

    18.རང་རྒྱལ་གྲོང་གསེབ་ཀྱི་དབུལ་སྐྱོར་གསལ་སྤེལ་ཐད་གཏན་འཁེལ་བྱས་པའི་གཙོ་གནད་ལས་དོན་ཁག་བཅུ།

    གཙོ་གནད་ལས་དོན་ཁག་བཅུ་ནི། གྲོང་ཚོ་རིམ་པའི་ལམ་བུ་ཤར་གཏོང་ཐུབ་པ་དང་། འཐུང་ཆུ་བདེ་འཇགས་ཡོད་པ། གྲོང་གསེབ་ཀྱི་གློག་ཤུགས་འགན་ལེན་བྱེད་པ། ཉེན་ཡོད་སྡོད་ཁང་སྒྱུར་བཀོད་བྱེད་པ། ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་འབབ་འཕར་ཐུབ་པ། ཤང་གྲོང་ཡུལ་སྐོར་ལ་བརྟེན་ནས་དབུལ་སྐྱོར་བྱེད་པ། སློབ་གསོར་བརྟེན་ནས་དབུལ་སྐྱོར་བྱེད་པ། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ། རིག་གནས་འཛུགས་སྐྱོང་། གྲོང་ཚོ་དབུལ་པོ་ཆ་འཕྲིན་ཅན་དུ་འགྱུར་བ་བཅས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།