དབུ་ཤོག>ཞིང་འབྲོག་གསར་པ།
  • པ་སྣམ་རྫོང་གིས་ཀྭ་རིཌ་དང་སྔོ་ཚལ་འདེབས་འཛུཌ་ལ་བརྟེན་ནས་མང་ཚོཌ་དབུལ་སྒྲོལ་ཡོང་ཐབས་བྱས་པ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།      |     སྤེལ་དུས།  2016-06-03

    01.jpg

    སྔོ་ཚལ་དྲོད་ཁང་ནང་ཡུལ་སྐོར་བ་ཚོས་གཅིག་མཇུག་གཉིས་མཐུད་ངང་ཀྭ་རིགས་དང་སྔོ་ཚལ་གྱི་དྲོ་བ་མྱོང་བཞིན་པ།

    02.jpg

    ཀྭ་རིགས་འབྲས་བུ་ལྗིད་ཐིག་ཐིག སོ་ནམ་ཞིང་པ་དགའ་ལྷང་ལྷང་།

    03.jpg

    དཀའ་སྤྱད་འབྲས་བུའི་རོ་བཅུད་ཞིམ་པོ་ཞིང་པའི་གདོང་ནས་ལྷག་པར་མངོན།

    སྤྱི་ཟླ༥པའི་ཚེས༢༨ཉིན། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གིས་ཀྭ་རིགས་དང་སྔོ་ཚལ་འཐུ་བའི་བྱེད་སྒོ་སྤེལ་བར་ས་ཁུལ་དེའི་གྲོང་མི་དང་ཡུལ་སྐོར་བ་མང་དག་ཞིག་དེའི་ནང་ཞུགས་ཡོད་པ་རེད། པ་སྣམ་རྫོང་གིས་ད་ལོ་སྣ་གྲངས༣༠ལྷག་ཙམ་གྱི་མེ་ཏོག་འདེབས་འཛུགས་དྲོད་ཁང་བརྒྱབ་ཡོད་པ་དང་། བོད་སྨན་གྱི་སྨན་རྩ་དང་རྒུན་འབྲུམ་སོགས་ཀྱི་རིགས་རྒྱུད་གསར་པ༡༦ནང་འདྲེན་བྱས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཧྲན་ཏུང་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྱོར་འོག་པ་སྣམ་རྫོང་གིས་སྔོ་ཚལ་དང་ཤིང་འབྲས་འདེབས་འཛུགས་དྲོད་ཁང་༥༤༢༨བརྒྱབ་ཡོད། སྤྱི་ལོ༢༠༡༥ལོར་ཀྭ་རིགས་དང་སྔོ་ཚལ་ཐོན་འབབ་ཀྲོན་ཁྲི༨༠༠༠ཟིན་ཏེ་བྲིན་ཚོང་ཡོང་འབབ་སྒོར་དུང་ཕྱུར་གཅིག་ཡན་བྱུང་ཞིང་མི་གྲངས༡༠༠༠ལྷག་ཙམ་དབུལ་སྒྲོལ་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།