དབུ་ཤོག>ཞིང་འབྲོག་གསར་པ།
  • གནད་སྨིན་དབུལ་སྐྱོར་སྐོར་གྱི་ཤེས་བྱ་གསལ་འགྲེལ། ༢

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-03

    6.“ལྔ་འཛོམས་གྲོང་ཚོ”གང་ཡིན་ནམ།

    གཅིག་ནི་གྲོང་ཚོར་དམིགས་ཚད་དང་ལས་འགན་ཡོད་པ་དང་། གཉིས་ནི་གྲོང་ཚོར་འཆར་འགོད་འཆར་གཞི་ཡོད་པ། གསུམ་ནི་གྲོང་ཚོར་རྣམ་གྲངས་ཀྱི་མ་དངུལ་ཡོད་པ། བཞི་ནི་གྲོང་ཚོར་རོགས་སྐྱོར་གྱི་འགན་འཁྲི་ཡོད་པ། ལྔ་ནི་གྲོང་ཚོར་ལྟ་ཞིབ་ཚད་ལེན་དང་དོ་དམ་བྱེད་མཁན་ཡོད་པ།

    7.“དྲུག་འཛོམས་དུད་ཚང”གང་ཡིན་ནམ།

    གཅིག་ནི་དུད་ཚང་ལ་ཆ་སྒྲིག་རོགས་སྐྱོར་བྱེད་པ་དང་། གཉིས་ནི་དུད་ཚང་ལ་དབུལ་སྒྲོལ་འཆར་གཞི་ཡོད་པ། གསུམ་ནི་དུད་ཚང་ལ་རྣམ་གྲངས་བཀོད་སྒྲིག་བྱེད་པ། བཞི་ནི་དུད་ཚང་ལ་ཐོན་ལས་སྐྱེད་སྲིང་བྱེད་པ། ལྔ་ནི་དུད་ཚང་ལ་རྗེས་འདེད་ལྟ་ཞིབ་ཚད་ལེན་བྱེད་པ། དྲུག་ནི་དུད་ཚང་ལ་ཕན་འབྲས་དོན་གཉེར་བྱེད་པ་བཅས་ཡིན།

    8.“མི་ཐོག་ཏུ་དོན་འཁྱོལ་བདུན”གང་ཡིན་ནམ།

    གཅིག་ནི་“སློབ་འབྲིང་ནས་སློབ་མཚམས་ཆད་པའི་ཁྱིམ་ཚང་དབུལ་པོའི་ངལ་ནུས་ལྷག་མ”སོགས་སློབ་རྒྱུས་རྣམ་པའི་རྩལ་ནུས་གསོ་སྦྱོང་མི་ཐོག་ཏུ་དོན་འཁྱོལ་དང་། གཉིས་ནི་འབྲིང་རིམ་ཆེད་ལས་སློབ་གསོའི་སློབ་ཡོན་རྩ་ཆག་གཏོང་བ་དང་སློབ་སྐྱོར་རོགས་དངུལ་སྲིད་ཇུས་མི་ཐོག་ཏུ་དོན་འཁྱོལ། གསུམ་ནི་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་དང་། ལས་རིགས་སློབ་གསོ། སློབ་ཞུགས་གོང་གི་སློབ་གསོ་བཅས་མི་ཐོག་ཏུ་དོན་འཁྱོལ། བཞི་ནི་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པ། འགན་ལེན་ལྔའི་བསྙེན་བཀུར། གྲོང་གསེབ་ཀྱི་ནད་ཆེན་རོགས་སྐྱོབ་སོགས་ཀྱི་སྲིད་ཇུས་མི་ཐོག་ཏུ་དོན་འཁྱོལ། ལྔ་ནི་འཆར་ལྡན་བུ་བཙའི་བྱ་དགའི་སྲིད་ཇུས་མི་ཐོག་ཏུ་དོན་འཁྱོལ། དྲུག་ནི་འབབ་འཕར་ཐོན་ལས་ལག་རྩལ་གསོ་སྦྱོང་མི་ཐོག་ཏུ་དོན་འཁྱོལ། བདུན་ནི་ལས་གཏོད་རྣམ་པ་དང་། གསར་སྤེལ་རང་བཞིན། སྤྱི་ཕན་རང་བཞིན་བཅས་ཀྱི་ལས་ཞུགས་ལས་གནས་བཀོད་སྒྲིག་བྱ་ཐབས་མི་ཐོག་ཏུ་དོན་འཁྱོལ་བཅས་ཡིན།

    9.གྲོང་ཚོ་དབུལ་པོའི“ཡོད་པ་བརྒྱད”ནང་གང་དག་ཚུད་ཡོད་དམ།

    གཅིག་ནི་གཙོ་ཁྲིད་ཐོན་ལས་ཡོད་པ་དང་། གཉིས་ནི་ཆེད་ལས་མཉམ་ལས་ཁང་ཡོད་པ། གསུམ་ནི་སློབ་ཁྲིད་བྱ་ཡུལ་དང་འཕྲོད་བསྟེན་ཁང་ཡོད་པ། བཞི་ནི་རྒན་གསོ་ཁང་དང་བུ་བཅོལ་ཁང་ཡོད་པ། ལྔ་ནི་ཕྱོགས་བསྡུས་རང་བཞིན་གྱི་གྲོང་མིའི་བྱེད་སྒོ་སྤེལ་ཡུལ་ཡོད་པ། དྲུག་ནི་དངུལ་རྩའི་ལས་གཉེར་ས་ཚིགས་ཁྱབ་ཡོད་པ། བདུན་ནི་ཕྱོགས་བསྡུས་ཀྱི་ཚོང་ལས་ཞབས་ཞུ་ཡོད་པ། བརྒྱད་ནི་གྲོང་ཚོའི་བཀོད་པ་དང་རྣམ་པ་བཟང་པོ་ཡོད་པ་བཅས་ཡིན།

    10.དུད་ཚང་དབུལ་པོའི“ཡོད་པ་བརྒྱད”ནང་གང་དག་ཚུད་ཡོད་དམ།

    གཅིག་ནི་བདེ་འཇགས་ཀྱི་སྡོད་ཁང་ཡོད་པ་དང་། གཉིས་ནི་བདེ་འཇགས་ཀྱི་འཐུང་ཆུ་ཡོད་པ། གསུམ་ནི་གཞི་རྩའི་ཞིང་ཁ་ཡོད་པ། བཞི་ནི་འབབ་འཕར་ཐོན་ལས་ཡོད་པ། ལྔ་ནི་ཉུང་མཐར་ཡང་མི་གཅིག་ལ་རྩལ་ནུས་ཐོབ་ཐང་ལག་ཁྱེར་ཡོད་པ། དྲུག་ནི་གཞི་རྩའི་སྤྱི་ཚོགས་འགན་ལེན་ཡོད་པ། བདུན་ནི་ཁྱིམ་དུ་འབྲུ་རིགས་ལྷག་མ་ཡོད་པ། བརྒྱད་ནི་ལག་ཏུ་དངུལ་ལྷག་མ་ཡོད་པ་བཅས་ཡིན།

    11.“ཐུག་འཕྲད་གཉིས”དང“གསལ་རྟོགས་ལྔ”གང་ཡིན་ནམ།

    “ཐུག་འཕྲད་གཉིས”ནི་མཉམ་འགུལ་དབུལ་སྐྱོར་ལས་དོན་རུ་ཁག་གིས་གྲོང་ཚོའི་ལས་བྱེད་པ་དང་ཐུག་འཕྲད་བྱེད་པ་དང་། རོགས་སྐྱོར་དུད་ཚང་དང་ཐུག་འཕྲད་བྱེད་པ།

    “གསལ་རྟོགས་ལྔ”ནི་མཉམ་འགུལ་དབུལ་སྐྱོར་ལས་དོན་རུ་མིས་རང་ཉིད་ཀྱི་ལས་ཀའི་འགན་འཁྲི་གསལ་པོ་རྟོགས་དགོས་པ་དང་། གྲོང་ཚོའི་ལས་བྱེད་པས་མཉམ་འགུལ་ཚན་པ་སུ་ཡིན་པ་དང་དབུལ་སྐྱོར་ལས་དོན་རུ་ཁག་གི་རུ་དཔོན་སུ་ཡིན་པ་གསལ་པོ་རྟོགས་དགོས་པ། འབྲེལ་གཏུག་དུད་ཚང་གིས་རང་ཉིད་ལ་འབྲེལ་གཏུག་བྱེད་མཁན་ལས་བྱེད་པ་སུ་ཡིན་པ་གསལ་པོ་རྟོགས་དགོས་པ། དུད་ཚང་དབུལ་པོས་རོགས་སྐྱོར་བྱ་ཐབས་གང་ཡིན་པ་གསལ་པོ་རྟོགས་དགོས་པ། གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱིས་དབུལ་སྐྱོར་འགག་སྒྲོལ་དང་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་འཆར་འགོད་གསལ་པོ་རྟོགས་དགོས་པ་བཅས་ཡིན།

    (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།