དབུ་ཤོག>ཞིང་འབྲོག་གསར་པ།
  • གནད་སྨིན་དབུལ་སྐྱོར་སྐོར་གྱི་ཤེས་བྱ་གསལ་འགྲེལ། ༡

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-02

    ལེ་ཚན་གཏོད་པའི་གཏམ།

    དེ་རིང་ནས་བཟུང་གཅིག་རྗེས་གཉིས་མཐུད་ངང་གནད་སྨིན་དབུལ་སྐྱོར་སྐོར་གྱི་ཤེས་བྱ་གསལ་འགྲེལ་ལེ་ཚན་བཏོན་ནས་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་དང་འབྲེལ་བ་ཡོད་པའི་གླེང་མང་བའི་གནས་ཚུལ་དང་དཀའ་གནད་གསལ་འགྲེལ་བྱས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་དུས་ཐོག་དང་། གནད་འཁེལ། ཕྱོགས་ཡོངས། གཏིང་ཟབ་བཅས་ཀྱི་སྒོ་ནས་ཀྲུང་དབྱང་གིས་བཏོན་པའི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྲིད་ཇུས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པ་དང་ལས་དོན་དངོས་ནང་ལག་བསྟར་དོན་འཁྱོལ་ཐུབ་རྒྱུར་ཕན་པ་ཐོབ་རྒྱུ་ཡིན་པས། དོ་ཁུར་ཡོད་པ་ཞུ།

    1.གང་འདྲ་ཞིག་ལ་གནད་སྨིན་དབུལ་སྐྱོར་ཟེར་རམ།

    གནད་སྨིན་དབུལ་སྐྱོར་ནི་རགས་ལས་དབུལ་སྐྱོར་གྱི་ཆ་འགྲིག་ཡིན་ཞིང་། ས་ཁོངས་དབུལ་པོ་མི་འདྲ་བའི་ཁོར་ཡུག་དང་ཞིང་དུད་དབུལ་པོ་མི་འདྲ་བའི་གནས་ཚུལ་ལ་དམིགས་ནས་ཚན་རིག་དང་ནུས་ལྡན་གྱི་གོ་རིམ་སྤྱད་དེ་དབུལ་སྐྱོར་བྱ་ཡུལ་གནད་སྨིན་དབྱེ་འབྱེད་དང་། གནད་སྨིན་རོགས་སྐྱོར། གནད་སྨིན་དོ་དམ་བཅས་ཀྱི་དབུལ་སྐྱོར་བྱ་ཐབས་ཤིག་ལ་ཟེར།

    2.“གནད་སྨིན་དྲུག”གང་དང་གང་ཡིན་ནམ།

    གཅིག་ནི་དབུལ་སྐྱོར་བྱ་ཡུལ་གནད་སྨིན་དང་། གཉིས་ནི་དབུལ་སྐྱོར་དམིགས་ཚད་གནད་སྨིན། གསུམ་ནི་དབུལ་སྐྱོར་ནང་དོན་གནད་སྨིན། བཞི་ནི་དབུལ་སྐྱོར་བྱ་ཐབས་གནད་སྨིན། ལྔ་ནི་དབུལ་སྐྱོར་དཔྱད་ཞིབ་གནད་སྨིན། དྲུག་ནི་དབུལ་སྐྱོར་འགན་ལེན་གནད་སྨིན་བཅས་ཡིན།

    3.“བྱེད་དགོས་པ་བཅུ”གང་དང་གང་ཡིན་ནམ།

    གཅིག་ནི་འགོ་ཁྲིད་ཀྱི་སེམས་ནུས་དབུལ་སྐྱོར་འགག་སྒྲོལ་ཐད་གཅིག་སྡུད་བྱེད་དགོས་པ་དང་། གཉིས་ནི་ནོར་ཤུགས་གཏོང་སྒོ་དབུལ་སྐྱོར་འགག་སྒྲོལ་ཐད་སྤྱོད་དགོས་པ། གསུམ་ནི་རྣམ་གྲངས་བཀོད་སྒྲིག་དེ་དབུལ་སྐྱོར་འགག་སྒྲོལ་ཐད་ཕྱོགས་དགོས་པ། བཞི་ནི་རྨང་གཞིའི་སྒྲིག་བཀོད་སྔོན་ལ་དབུལ་སྐྱོར་འགག་སྒྲོལ་ཐད་སྤྱོད་དགོས་པ། ལྔ་ནི་ལས་ཀའི་སྤྱོད་ཚུལ་དབུལ་སྐྱོར་འགག་སྒྲོལ་ཐོག་ནས་མངོན་པ་བྱེད་དགོས་པ། དྲུག་ནི་དབུལ་སྐྱོར་འགག་སྒྲོལ་ཐད་ཀྱི་དཀའ་ངལ་ནུས་ལྡན་ངང་སེལ་དགོས་པ། བདུན་ནི་སྒྱུར་བཅོས་བྱ་ཐབས་དབུལ་སྐྱོར་འགག་སྒྲོལ་དང་ཟུང་འབྲེལ་བྱེད་དགོས་པ། བརྒྱད་ནི་སྟོབས་ཤུགས་དབུལ་སྐྱོར་འགག་སྒྲོལ་ཐོག་གཅིག་སྡུད་བྱེད་དགོས་པ། དགུ་ནི་མི་སྤྱོད་ཁ་ཕྱོགས་དབུལ་སྐྱོར་འགག་སྒྲོལ་ལ་ཕྱོགས་དགོས་པ། བཅུ་ནི་ལས་དོན་དོན་འཁྱོལ་དབུལ་སྐྱོར་འགག་སྒྲོལ་ཐོག་ནས་མངོན་དགོས་པ་བཅས་རེད།

    4.མཉམ་འགུལ་བྱ་སྤྱོད་ཀྱི“ལས་འགན་ཆེན་པོ་དྲུག”གང་དང་གང་ཡིན་ནམ།

    གཅིག་ནི་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་། གཉིས་ནི་དམངས་ཀྱི་འདུན་པ་མཚོན་པ། གསུམ་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཞི་ནི་སེམས་ཁམས་ཞི་ལྷོད་དུ་གཏོང་བ། ལྔ་ནི་རྩ་སྲ་རྨང་བརྟན་ཡོང་བ་བྱེད་པ། དྲུག་ནི་དཔེ་མཚོན་ཁྱབ་གདལ་དུ་གཏོང་བ་བཅས་ཡིན།

    5.“1236”གང་ཡིན་ནམ།

    “1”ནི་རྒྱུན་མཐུད་ངང་འབབ་འཕར་ཡོང་བའི་སྲོག་ཤིང་དེར་དམ་འཛིན་བྱེད་པ་དང་། “2”ནི་ལྟོ་གོས་ལ་སེམས་ཁྲལ་མེད་པ་བྱེད་པ། “3”ནི་འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བཅས་འགན་ལེན་གསུམ་དོན་འཁྱོལ་བྱེད་པ། “6”ནི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། དམངས་ཕྱུག་ཐོན་ལས་སྐྱེད་སྲིང་། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པ། དངུལ་རྩའི་མ་དངུལ་འདེགས་སྐྱོར། སྤྱི་པའི་ཞབས་ཞུ་འགན་ལེན། ནུས་པ་དང་བྱང་ཚད་མཐོར་གཏོང་བཅས་ཚད་བརྒལ་ཆེན་པོ་དྲུག་ཡོང་བ་བྱེད་པ་བཅས་ཡིན།

    (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།