དབུ་ཤོག>ཞིང་འབྲོག་གསར་པ།
  • ཁྱད་ལྡན་ཐོན་ཁུངས་སྤྱད་དེ་ལེགས་ལྡན་ཐོན་ལས་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-06-01

    2015ལོར་ལྗོངས་ཡོངས་ཀྱི་ཁྱད་ལྡན་བཟའ་བཅའ་ལས་སྣོན་ཁེ་ལས་ལ་ཐོན་ལས་ཀྱི་གནས་ཐང་འཕར་ཁྲལ་སྒོར་དུང་ཕྱུར་14.78བྱུང་བའི་ཁྲོད་རང་བྱུང་འཐུང་ཆུ་ཐོན་ཚད་ཏུན་ཁྲི་42.56ཟིན་པ་དེ་དུས་མཚུངས་ལས་178%འཕར་བ་དང་བོད་ལྗོངས་ས་མཐོའི་གཅེས་ནོར་འབྲིའི་འོ་ལས་ཚད་ཡོད་ཀུང་སིས་འབྲིའི་འོ་མ་ཏུན་9600ཐོན་སྐྱེད་བྱས་པར་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་5.6བྱུང་ཡོད།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གིས་རྒྱལ་ཁབ་ཀྱི་གཙོ་གནད་ཐོན་ལས་དར་འཕེལ་དང་ལག་རྩལ་སྒྱུར་བཀོད་ཀྱི་ཆེད་དོན་མ་དངུལ་གྱི་ཀྲུང་དབྱང་གི་སྔོན་རྩིས་ནང་ནས་སྒོར་དུང་ཕྱུར་1.31ཁ་གསབ་བྱས་ཏེ་ཞིང་འབྲོག་ཐོན་རྫས་ལས་སྣོན་རྣམ་གྲངས་57ལ་རྒྱབ་སྐྱོར་བྱས་པར་བསྡོམས་མ་དངུལ་སྒོར་དུང་ཕྱུར་22.27བཏང་བ་དང་རང་སྐྱོང་ལྗོངས་ཀྱི་ཐོན་ལས་དང་ཁེ་ལས་སྒྱུར་བཅོས་འཕེལ་རྒྱས་ཀྱི་མ་དངུལ་རྣམ་གྲངས་3དོན་འཁྱོལ་བྱས་པར་བསྡོམས་མ་དངུལ་སྒོར་དུང་ཕྱུར་1.33བཏང་ཡོད།

    གྲངས་གཞི་རབ་དང་རིམ་པ་ལས་ཀྲུང་དབྱང་ནས་ས་གནས་བར་ཚང་མས་རང་ལྗོངས་ཀྱི་ཁྱད་ལྡན་བཟའ་བཅའ་ལས་སྣོན་འཕེལ་རྒྱས་ལ་མཐོང་ཆེན་བྱས་ནས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་གལ་ཆེའི་ཡིག་ཆ་བཏོན་པ་མ་ཟད། ད་དུང་མ་དངུལ་གྱི་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་གསལ་བཤད་བྱས་ཡོད། གྲུབ་འབྲས་རབ་དང་རིམ་པ་ལས་རང་ལྗོངས་ཀྱིས་ཁྱད་ལྡན་བཟའ་བཅའ་ལས་སྣོན་བཟོ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པའི་རྟིང་ཤུགས་ཆེན་པོ་དང་འདེགས་སྐྱོར་ནུས་ལྡན་མངོན་པ་དེ་ཐོག་ནས་རང་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་བྱུང་བ་གསལ་བཤད་ཐུབ་ཡོད།

    རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་འཛད་རྫས་ཐོན་ལས་ཁྲུའུ་ཡི་ཁྲུའུ་ཀྲང་སྤེན་པ་སྒྲོལ་མས་ལོ་མང་ནང་ས་མཐོའི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་རང་ལྗོངས་སུ་ཁྱད་ལྡན་བཏུང་བྱ་ལས་སྣོན་ལས་རིགས་དང་། ཞིང་ལས་ཐོན་རྫས་ལས་སྣོན་བཟོ་ལས། ཕྱུགས་རིགས་དང་ཁྱིམ་བྱའི་ཐོན་རྫས་ལས་སྣོན་ལས་རིགས། ནགས་ཁྲོད་ཐོན་རྫས་ལས་སྣོན་ལས་རིགས། ཁྱད་ལྡན་ཞག་ཚི་ལས་སྣོན་ལས་རིགས། བདེ་སྲུང་བཟའ་བཅའ་ལས་སྣོན་ལས་རིགས་བཅས་ཁྱབ་ཁོངས་ཆེན་པོ་དྲུག་རགས་ཙམ་ཆགས་པ་མ་ཟད་ལྷག་དོན་དུ་རང་བྱུང་འཐུང་ཆུ་དང་། ནས་ཀྱི་སྦི་རག འབྲིའི་འོ་མ་སོགས་ཐོན་རྫས་གཙོ་བོར་བྱེད་པའི་ཁྱད་ལྡན་བཟའ་བཅའི་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་ནས་བོད་ཀྱི་ཁྱད་ལྡན་ཐོན་ལས་དེ་བཟོ་ལས་ཅན་གསར་པའི་ལམ་བུའི་ཐོག་སྐྱོད་འགོ་ཚུགས་ཡོད་ཅེས་བརྗོད།

    མིག་སྔར་རང་ལྗོངས་ཀྱི་ཁྱད་ལྡན་བཟའ་བཅའ་ལས་སྣོན་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་ནས་ལོར་འོ་མ་ཐོན་ཚད་ཏུན་ཁྲི་གཅིག་ཙམ་ཟིན་པ་དང་ལས་རིགས་ཀྱི་ཁ་ཕྱོགས་གསར་པའི་སྣེ་འཁྲིད་མཁན་ས་མཐོའི་གཅེས་ནོར་འབྲིའི་འོ་མ་ཚད་ཡོད་ཀུང་སི་ཡོད་པ་མ་ཟད་རྒྱལ་སྤྱིའི་ལས་རིགས་གཅིག་པའི་ཁྲོད་ཁས་ལེན་ཆེན་པོ་ཐོབ་པ་དང“གཏེར་ཆུ་ཡག་ཤོས་ཀྱི་བྱ་དགའ་ཐོབ་པའི”བོད་ཀྱི་5100རྟགས་ཅན་ཡོད་ལ་2015ལོར་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་དང་ཕྱིར་ཚོང་ཏུན་ཁྲི་6ལྷག་ཙམ་ཟིན་པའི་ནས་ཀྱི་སྦི་རག་ཀྱང་ཡོད། གློ་བུར་དུ་ཐོན་པའི་ཁྱད་ལྡན་བཟའ་བཅའི་ཁེ་ལས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེ་དག་ལས་རིགས་ཀྱི་སྣེ་འདྲེན་པར་གྱུར་བ་དང་ཐོན་རྫས་ལྗོངས་ཕྱི་ནང་གི་སྒོ་རྩིས་ཚོང་ཁང་ཁག་དང་ཕྱིར་ཚོང་ས་ཚིགས་ཆེ་གྲས་ཁག་ཏུ་བྲིན་ཚོང་ཐུབ་ནས་མི་རྣམས་ཀྱིས་ཧ་ཅང་དགའ་པོ་བྱེད་པའི་འཚོ་བའི་སྤྱོད་ཆས་སུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།