དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ཐོན་ལས་དང་ཞིབ་འཇུག་ཟུང་འབྲེལ་བྱས་ནས་ཁྱད་ལྡན་གྱི་གནོད་མེད་བཟའ་བཅའ་འཕེལ་རྒྱས་གཏོང་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-06-01

    བོད་ཀྱི་ས་མཐོའི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་ཟོག་ཐོན་སྐྱེད་ཀྱི་རྟེན་གཞི་བཙུགས་ནས་ཞིང་འབྲོག་ལས་ཐོན་འཕར་ལ་བརྟེན་ཏེ་ཞིང་འབྲོག་པར་འབབ་འཕར་ཡོང་བ་བྱ་ཆེད། 2015ལོར་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་དང་པོའི་ཚོང་དོན་ངོ་འཕྲད་གྲོས་མོལ་གྱི་བྱེད་སྒོ་སྤེལ་རིང་། ཚན་ཞིབ་ལག་རྩལ་གྱི་གྲུབ་འབྲས་ཁག་གཅིག་ཐད་ཁེ་ལས་དང་གྲོས་མོལ་བྱུང་སྟེ་ཁྲོམ་རའི་མདུན་ལམ་ཡངས་པའི་ཚན་རྩལ་གྲུབ་འབྲས་36ཁྱབ་གདལ་གཏོང་ཐུབ་པ་བྱུང་ཡོད། གྲུབ་འབྲས་36དེ་དག་ཁྲོད་ནས་གྲུབ་འབྲས་25ནི་ཞིང་འབྲོག་ལས་ཀྱི་སྤྱོད་སྒོ་ཆོད་པའི་ལག་རྩལ་ཡིན་པ་དང་། 80%ནི་བོད་ཀྱི་རི་སྐྱེས་ཀོ་ཤ་དང་། ས་མཐོའི་སྦྲང་རྩི། མཐོ་གྲང་ས་ཁུལ་གྱི་ལུག་སོགས་དམིགས་བསལ་ཁྱད་ཆོས་ལྡན་པའི་ཐོན་ཁུངས་སྲུང་སྐྱོང་དང་རྒྱུད་སྤེལ་གྱི་ལག་རྩལ་ཡིན་པ་རེད།

    “སྲོ་ལོ་དམར་པོ་ཡུན་རིང་པོ་བཏུང་ན་རིམས་འགོག་ནུས་པ་ཆེ་རུ་སོང་སྟེ་དབང་རྩའི་མ་ལག་དང་གསང་རྒྱུད་ཟགས་གཤེར་མ་ལག་གཉིས་ཀྱི་འདུ་བ་སྙོམས་པ་མ་ཟད། རྒས་དཀའ་བ་དང་། ངལ་དུབ་གསོ་བ། གསོ་རླུང་མི་འདང་བ་གསབ་པ། རླབས་ཕྲན་གྱི་འགྱེད་འཕྲོ་འགོག་པ། རིག་པ་གསལ་དུ་འགྲོ་བ་སོགས་ཀྱི་ནུས་པ་ཐོན་གྱི་ཡོད”ཅེས་ལྗོངས་ཞིང་འབྲོག་ཚན་རིག་ཁང་རི་ཁུལ་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་བས་གསར་འགོད་པར་དེ་ལྟར་ངོ་སྤྲོད་བྱས།

    1997ལོར་བཙུགས་པའི་བོད་ལྗོངས་རི་ཁུལ་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་ནི་ཞིང་འབྲོག་ཚན་རིག་ཁང་ཐོན་ལས་གསར་སྤེལ་ཁྲུའུ་ཡི་ཚན་རྩལ་རྣམ་པའི་ཁེ་ལས་ཤིག་ཡིན་པ་དང“ཡག་པོ་འདུག”རྟགས་ཅན་གྱི་སྲོ་ལོ་དམར་པོའི་བཏུང་བྱ་གཙོ་བོར་ཐོན་སྐྱེད་བྱས་ནས་ལོར་ཐོན་སྐྱེད་བྱེད་ཚད་ཏུན་750ཙམ་ཟིན་ཞིང། ཐོན་སྐྱེད་ལག་རྩལ་བྱང་ཆུབ་པས་ཁྲོམ་རའི་མདུན་ལམ་ཡངས་པོ་ལྡན། ལོ་8ལྷག་ཙམ་ཞིབ་འཇུག་དང་འགག་སྒྲོལ་ཐེངས་མང་བྱས་པ་བརྒྱུད་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་མེ་ཏོག་ཆེན་པོའི་སྲོ་ལོ་དམར་པོ་མི་ཐབས་ལ་བརྟེན་ནས་འདེབས་གསོ་བྱེད་ཐུབ་པ་བྱུང་ཡོད། “སྲོ་ལོ་དམར་པོ་མི་ཐབས་ལ་བརྟེན་ནས་འདེབས་གསོ་བྱེད་ཐུབ་པ་བྱུང་བས་གཞི་ཁྱོན་ཆེན་པོས་ཁྱབ་གདལ་བཏང་ཚེ་སྲོ་ལོ་དམར་པོའི་བཏུང་བྱ་ཐོན་སྐྱེད་ལ་མ་བཅོས་རྒྱུ་ཆ་ཕུན་སུམ་ཚོགས་པོ་མཁོ་འདོན་ཐུབ་ངེས་ཡིན་པས་ད་ནས་བཟུང་ཀུང་སིས་རྒྱུ་ཆ་མི་འདང་བའི་སེམས་ཁྲལ་བྱེད་དགོས་མེད”ཅེས་རི་ཁུལ་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བས་དགའ་ཚོར་ཆེན་པོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།