དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་མང་ཚོགས་ལ་དབུལ་སྒྲོལ་བྱེད་རོགས་བྱས་པ།

  • ཡོང་ཁུངས།   མི་དམངས་དྲ་བ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2016-05-31

    1.jpg

    འདི་ནི་ཟླ་4ཚེས་16ཉིན་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ལེགས་པོ་གྲོག་རོང་དུ་པར་བླངས་པའི་མག་མང་སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཡིན་པ།

    11.jpg

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱེད་པ་ཤང་བདེ་ཞིང་གྲོང་ཚོའི་བྱེ་རྡོ་བཟོ་གྲྭའི་བཟོ་པ་ཞིག་གིས་རྡོ་རྒྱུ་བཟོ་བཞིན་པ།

    2.jpg

    ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྐྱིད་གཤོང་གྲོང་རྡལ་གྱི་སྐར་དམར་སྡེ་ཁུལ་དུ་སློབ་མ་ཞིག་གིས་ལྷ་རིས་འབྲི་རྩལ་གསོ་སྦྱོང་དང་ལེན་བྱེད་བཞིན་པ།

    3.jpg

    ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་མག་མང་ཤང་གི་མོན་པ་རིགས་བུ་མོ་ཆོས་སྐྱིད་ཀྱིས་མག་མང་སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་ཐོག་ཁང་ཉིས་རྩེག་ཅན་གྱི"ཁྱིམ་ཚང་མགྲོན་ཁང་"ཞིག་འཛུགས་གཉེར་བྱས་པ།

    4.jpg

    ལྷོ་ཁ་གྲོང་ཁྱེར་ཡུམ་བུ་བླ་སྒང་མཛེས་ལྗོངས་ཁུལ་དུ་རྟ་འཁྲིད་ལས་གཉེར་བྱེད་མཁན་ཟླ་བ་དང་ལོ་4ཅན་གྱི་རྟ་སྒྲོལ་མ་གཉིས་ཀྱིས་རི་ལམ་དུ་མཉམ་པར་ལེན་བཞིན་པ།

    5.jpg

    ཟླ་5ཚེས་18ཉིན་ལྷོ་ཁ་གྲོང་ཁྱེར་ཡུམ་བུ་བླ་སྒང་འདབས་ནས་པར་དུ་བླངས་པའི"ཞིང་དུད་སྤྲོ་སྐྱིད་ཁང་"ཞིག་གི་སྦྱིན་བདག་(གཡས)གི་བརྙན་པར།

    6.jpg

    ལྷོ་ཁ་གྲོང་ཁྱེར་གུང་དཀར་རྫོང་སྐྱིད་གཤོང་གྲོང་རྡལ་གྱི་སྐར་དམར་སྡེ་ཁུལ་གྱི་གྲོང་མི་ཚོས་ཡུལ་གཞན་དུ་གནས་སྤོས་ལས་གྲྭ་སྒྲུབ་བཞིན་པ།

    མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་ཡུལ་གཞན་དུ་གནས་སྤོས་དང་། ཐོན་ལས་ལ་རོགས་སྐྱོར། གནས་སྤོས་ལས་ཞུགས། ནུས་རྩལ་གསོ་སྦྱོང་། སྐྱེ་ཁམས་སྐྱིན་གསབ། ཐུན་མོང་དཔལ་འབྱོར་འཕེལ་རྒྱསལ་སོགས་པའི་ཕྱོགས་བསྡུས་བྱེད་ཐབས་ལག་བསྟར་བྱས་ནས་ཞིང་འབྲོག་མང་ཚོགས་ལ་དབུལ་སྒྲོལ་བྱེད་རོགས་བྱས་ཤིང་། བསྡོམས་པས་དབུལ་ཕོངས་མི་གྲངས་ཁྲི་7.9ཉུང་དུ་བཏང་བ་དང་། མི་གྲངས་ཁྲི་1.07གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་རེད། ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་གི་དཔལ་འབྱོར་ཞིབ་འཇུག་ཁང་གི་སྙན་ཞུ་ལས་མངོན་པ་ལྟར་ན། 2015ལོའི་ལོ་མཇུག་གི་བར་དུ་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དང་ཞིང་འབྲོག་མང་ཚོགས་ཀྱི་ལོ་རེའི་ཆ་སྙོམས་ཀྱི་སྤྱོད་འཐུས་ཡོང་འབབ་སོ་སོར་སྒོར་ཁྲི་2.4དང་སྒོར་8990ཟིན་ཞིང་། 2010ལོའི་ལྡབ་1.7དང་2.1ཡིན་པ་དང་། ལོ་རེར་ཆ་སྙོམས་སུ་11%དང་16%འཕར་བ་རེད། "ལོ་ལྔ་ཚན་བཅུ་གསུམ་པའི་"རིང་ད་ཞིང་འབྲོག་མང་ཚོགས་ཀྱི་ལོ་རེའི་ཆ་སྙོམས་ཀྱི་སྤྱོད་འཐུས་ཡོང་འབབ་13%ཡན་འཕར་བར་ཁག་ཐེག་ཏན་ཏིག་བྱ་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་པ་ལྟར་ན་2018ལོར་སྔ་སྣུར་གྱིས་གྲོང་ཁྱེར་ཡོངས་ཀྱི་དབུལ་སྒྲོལ་ལས་དོན་ལེགས་འགྲུབ་བྱ་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།