དབུ་ཤོག>ཞིང་འབྲོག་གསར་པ།
  • ད་ལོ་ལྷ་ས་གྲོང་ཁྱེར་གྱིས་སྟག་རྩེ་རྫོང་སོགས་སུ་ས་མཐོའི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་རྟེན་གཞི་སྐྲུན་རྒྱུ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2016-05-26

    ད་ལོ་ལྷ་ས་གྲོང་ཁྱེར་གྱིས་སྟག་རྩེ་རྫོང་དང་ཆུ་ཤུར་རྫོང་གཉིས་ཀྱི་སྤུས་ལེགས་སྔོ་ཚལ་རྟེན་གཞི་དང་ལྷུན་གྲུབ་རྫོང་གི་ཕན་པོའི་བལ་འཇམ་ལུག་གི་རྒྱུད་བཟང་གསོ་སྤེལ་ར་བ།  སྙེ་མོ་རྫོང་གི་བོད་བྱ་གསོ་སྤེལ་ར་བ་སོགས་ས་མཐོའི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་རྟེན་གཞི་སྐྲུན་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན།  ལོ་ལྔ་ཚན་བཅུ་གཉིས་པའི་རིང་ལྷ་ས་གྲོང་ཁྱེར་གྱིས་རིགས་ཁག་གི་ཞིང་འབྲོག་ལས་རྣམ་གྲངས་ཐད་མ་དངུལ་སྒོར་དུང་ཕྱུར་76000བཏང་སྟེ་སྔོ་ཚལ་འདེབས་འཛུགས་དང་བཞོན་མ་གསོ་ཚགས།  ཕག་པ་གསོ་སྤེལ།  བོད་བྱ་གསོ་ཚགས་སོགས་ཐོན་ལས་གོང་འཕེལ་ཤུགས་ཆེ་བཏང་བས་ཁྲེང་ཀོན་ཆུས་དང་སྟོད་ལུང་བདེ་ཆེན་ཆུས།  སྟག་རྩེ་རྫོང་།  ཆུ་ཤུར་རྫོང་།  ལྷུན་གྲུབ་རྫོང་བཅས་ཀྱིས་གཙོ་བོ་བྱས་པའི་ས་མཐོའི་སྒྲིག་བཀོད་སྐྱེད་ཚལ་ཐོན་ལས་ཆགས་ནས་ཞིང་ལས་སྒྲིག་བཀོད་རྒྱ་ཁྱོན་མུའུ་17700ཟིན་པ་དང་།  ཁྲེང་ཀོན་ཆུས་དང་ཆུ་ཤུར་རྫོང་གིས་གཙོ་བོ་བྱས་པའི་ས་གཙང་འབྱུང་འཕྲོད་བཞོན་མའི་ཐོན་ལས་ཆགས་ནས་རྒྱུད་བཟང་བཞོན་མ་མགོ་གྲངས་80000གསོས་པ།  ཆུ་ཤུར་རྫོང་དང་སྟོད་ལུང་བདེ་ཆེན་ཆུས་ཀྱིས་གཙོ་བོ་བྱས་པའི་ས་གཙང་འབྱུང་འཕྲོད་ཕག་གསོའི་ཐོན་ལས་ཆགས་ནས་ཐོན་སྐྱེད་རྟེན་གཞི་25བར་མང་དུ་ཕྱིན་པ་དང་ཕག་པ་70000ལྷག་ཙམ་བཤས་བཏང་བ།  སྟོད་ལུང་བདེ་ཆེན་ཆུས་དང་སྙེ་མོ་རྫོང་གིས་རྟེན་གཞི་བྱས་པའི་ས་གཙང་འབྱུང་འཕྲོད་བོད་བྱ་གསོ་ཚགས་ཐོན་ལས་ཆགས་ནས་བོད་བྱ་ཁྲི་ཚོ་56གསོ་ཚགས་བྱས་པ།  འདམ་གཞུང་དང་ལྷུན་གྲུབ།  མལ་གྲོ་གུང་དཀར་བཅས་རྫོང་གིས་གཙོ་བོ་བྱས་པའི་འབྲི་གཡག་འདེམས་གསོའི་ཁུལ་ཆགས་ནས་ལོར་ཕ་གཡག་མགོ་གྲངས་300ལྷག་ཙམ་མཁོ་འདོན་བྱེད་པ་བཅས་བྱས་པ་དང་།  ལྷ་ས་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་འཛུགས་སྐྲུན་བྱས་པ་དེས་ཞིང་འབྲོག་པ་མང་ཚོགས་ཁྲི་ཚོ་12ལྷག་ཙམ་ལ་ཕན་པ་ཐོབ་ནས་ཞིང་འབྲོག་པ་མི་རེར་ཆ་སྙོམས་འབབ་འཕར་སྒོར་950ཡན་བྱུང་ཡོད།

    ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ་2013ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་ཤང་གྲོང་རྡལ་གྱི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སྐྲུན་འགོ་ཚུགས་པ་དང་།  ད་བར་ཤང་གྲོང་རྡལ་31གི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སྐྲུན་ཟིན་པ་དང་ལྷག་མའི་ཤང་གྲོང་རྡལ་26གི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱེད་རྒྱུ་དེ།  ལོ་ལྔ་ཚན་བཅུ་གསུམ་པའི་ཞིང་ལས་གོང་འཕེལ་འཆར་འགོད་ནང་བཅུག་པ་དང་ད་ལོ་ཚང་མ་སྐྲུན་ཐུབ་བཟོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།