
གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མ་རྩ་བརྒྱ་ཆ40དང་ཞིང་དུད་རང་ཉིད་ཀྱིས་བརྒྱ་ཆ60བཏང་ནས་སྔོ་ཚལ་དྲོད་ཁང་སྐྲུན་པ།

གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རིན་མེད་ཀྱི་སྔོ་ཚལ་སོན་བཟང་སྐྱེལ་བ།
ཉེ་དུས། སྣང་རྫོང་དམངས་སྲིད་ཅུས་ཀྱི་འུད་ལེགས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དཔྱིད་རྨོས་དཔྱིད་འདེབས་ཀྱི་གོ་སྐབས་དང་བསྟུན་ནས། གནད་འཕིགས་དབུལ་སྐྱོར་གྱི་གསར་འབྱེད་ལས་ཀར་ཟུང་འབྲེལ་གྱིས། དྲོད་ཁང་གི་སྔོ་ཚལ་འདེབས་བཙུགས་ཐོན་ལས་ལ་དམིགས་ནས་མ་དངུལ་སྐྱེལ་བ་དང་། ཆ་འཕྲིན་སྐྱེལ་བ། ལག་ཤེས་སྐྱེལ་བ་གཙོ་བོར་བྱེད་པའི་གསུམ་སྐྱེལ་ལས་གྲྭ་སྤེལ་ཏེ། འུད་ལེགས་གྲོང་ཚོའི་དྲོད་ཁང་སྔོ་ཚལ་འདེབས་འཛུགས་དེ་ཐོན་ལས་ཅན་དང་གཞི་ཁྱོན་ཅན། གཅིག་བསྡུས་ཅན་ཆགས་པར་སྐུལ་འདེད་བཏང་ནས། དམིགས་བསལ་ཁྱད་ཆོས་ལྡན་པའི་དྲོད་ཁང་དཔལ་འབྱོར་ཞིག་ཆགས་རྒྱུར་བརྩོན་ལེན་བྱེད་བཞིན་ཡོད།