དབུ་ཤོག>ཞིང་འབྲོག་གསར་པ།
  • འཛམ་གླིང་གི“ས་བབ་མཐོ་ཤོས་ཀྱི་གྲོང་རྡལ་དང་པོར”འོད་ཁྲིད་ཚི་སྐུད་དྲ་རྒྱའི་གྲོང་རྡལ་གྱི་སྒོ་བྱང་བཀལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2016-05-07

    ཉེ་ཆར་གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཀྲུང་གོའི་གློག་འཕྲིན་གཞིས་རྩེ་ཡན་ལག་ཀུང་སི་དང་མཉམ་དུ་འཛམ་གླིང་གི“ས་བབ་མཐོ་ཤོས་ཀྱི་གྲོང་རྡལ་དང་པོར”འོད་ཁྲིད་ཚི་སྐུད་ཀྱི་དྲ་རྒྱའི་གྲོང་རྡལ་གྱི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཕག་རི་གྲོང་རྡལ་དུ་འཚོགས་ཤིང་། གཞིས་རྩེ་གྲོང་ཁྱེར་དང་། གྲོ་མོ་རྫོང་། ཀྲུང་གོ་གློག་འཕྲིན་གཞིས་རྩེ་ཡན་ལག་ཀུང་སི་སོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་མཛད་སྒོར་ཞུགས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཕག་རི་གྲོང་རྡལ་དེ་གཞིས་རྩེ་གྲོང་ཁྱེར་གྱི་མཐའ་མཚམས་གྲོང་རྡལ་གཙོ་བོའི་གྲས་ཤིག་ཡིན་པ་དང་། ཕག་རི་འོད་ཁྲིད་ཚི་སྐུད་དྲ་རྒྱའི་གྲོང་རྡལ་དུ་འཛུགས་སྐྲུན་བྱས་པ་དེས་ཕག་རི་གྲོང་རྡལ་གྱི་རྗེས་སུ་ལུས་པའི་འཕྲིན་གཏོང་གནས་སྟངས་ལ་ལེགས་བཅོས་ཆེན་པོ་ཡོང་རྒྱུ་མ་ཟད། ཕག་རིའི་ཆ་འཕྲིན་དུ་གྱུར་བའི་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་ཕྱིན་ནས་ཕག་རིའི་མང་ཚོགས་རྣམས་རྒྱུན་སྲོལ་གྱི་འཕྲིན་གཏོང་སྤྱི་ཚོགས་ནས་མྱུར་ཚད་མགྱོགས་པའི་ཆ་འཕྲིན་དུས་རབས་སུ་མཆོང་སྐྱོད་ཡོང་རྒྱུ་རེད། གོམ་སྟབས་རྗེས་མར་ཀྲུང་གོ་གློག་འཕྲིན་གཞིས་རྩེ་ཡན་ལག་ཀུང་སིས་གཞིས་རྩེ་གྲོང་ཁྱེར་གྱི་འོད་ཁྲིད་ཚི་སྐུད་དྲ་རྒྱའི་ཤང་གྲོང་འཛུགས་སྐྲུན་བྱ་ཤུགས་མུ་མཐུད་ཆེ་རུ་བཏང་ནས་2016ལོར་གཞིས་རྩེ་གྲོང་ཁྱེར་གྱི་ཤང་གྲོང་ཚང་མ་འོད་ཁྲིད་ཚི་སྐུད་དྲ་རྒྱའི་དུས་རབས་ལ་སླེབས་པ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།