གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་གྱི“5﹢3”གྱི་ལས་འགན་ཁྲོད་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་གཞིར་བཟུང་། ཉེ་ཆར།བསམ་གྲུབ་རྩེ་ཆུས་ཆུ་མིག་ཤང་ལྷ་ཆུང་གྲོང་ཚོར་བཅའ་སྡོད་གཞིས་རྩེ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ལས་དོན་རུ་ཁག་གིས་གྲོང་མི་སྐོང་ནས་ཏང་གི་དམངས་ཕན་སྲིད་ཇུས་གཅིག་སྡུད་ཐོག་དྲིལ་བསྒྲགས་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དྲིལ་བསྒྲགས་ཀྱི་ནང་དོན་གཙོ་བོ་ནི་འགན་ལེན་ལྔའི་དུད་ཚང་ལ་བསྙེན་བཀུར་གྱི་གྲོན་དངུལ་དང་། རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོབ་ཀྱི་ཁ་གསབ་དང་བྱ་དགའ། ཞིང་འབྲོག་པའི་བདེ་སྡོད་ལས་གྲྭའི་ཁ་གསབ། ཞིང་འབྲོག་ཁུལ་གྱི“ཕྲུ་གུ་བུ་གཅིག་གམ་བུ་མོ་གཉིས”ཀྱི་བྱ་དགའ། འཆར་ལྡན་བུ་བཙའི་དུད་ཚང་གི་དམིགས་བསལ་གྱི་རོགས་སྐྱོར་ལམ་ལུགས། ལོ་ཏོག་གི་སོན་བཟང་ཁྱབ་གདལ་ཁ་གསབ། ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ། ཕྱུགས་རིགས་ཀྱི་རྒྱུད་པ་ལེགས་གཏོང་གི་ཁ་གསབ། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན། “རྒན་གྲས་གསུམ”གྱི་ཁ་གསབ་སྤྲོད་ཡུལ་དང་ཁ་གསབ་ཚད་གཞི། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་རོགས་སྐྱོར་སྲིད་ཇུས། གྲོང་གསེབ་ཀྱི་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་ཁ་གསབ་སྲིད་ཇུས། སློབ་ཞུགས་གོང་གི་སློབ་གསོའི་ཁ་གསབ་སྲིད་ཇུས། འོས་འགན་སློབ་གསོ་ནས་མཐོ་འབྲིང་དུས་མཚམས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་གི“འགན་ལེན་གསུམ”གྱི་སྲིད་ཇུས། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་གི་རོགས་དངུལ་སྲིད་ཇུས། རིགས་བདུན(དགེ་འོས་དང་། ཞིང་། འབྲོག ནགས། ཆུ། ས། གཏེར)གྱི་མཐོ་སློབ་སློབ་མར་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་སྲུང་གྲོན་དངུལ་སོགས་དམངས་ཕན་སྲིད་ཇུས་ཁག་30ཡིན་པ་རེད། གྲོང་མི་སྒྲིག་འཛུགས་ཀྱིས་གཅིག་སྡུད་ཐོག་དམངས་ཕན་སྲིད་ཇུས་སློབ་སྦྱོང་བྱས་པ་བརྒྱུད། ཞིབ་ཅིང་ཕྲ་བའི་དྲིལ་བསྒྲགས་འཆད་འགྲེལ་བྱས་ཏེ། གྲོང་མི་ཚོས་དམངས་ཕན་སྲིད་ཇུས་ཁག་ལ་དེ་བས་གཏིང་ཟབ་པའི་ཤེས་རྟོགས་ཐུབ་པ་བྱས་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སྐྱོང་དེ་བས་ཟབ་ཚོར་ཐུབ་པ་བྱས་པ་དང་དུས་མཚུངས། དམངས་ཕན་སྲིད་ཇུས་ཁག་དེ་བས་ཡོངས་བསྒྲགས་དང་། འདྲ་མཉམ། གཞུང་དྲང་ངང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།