དབུ་ཤོག>ཞིང་འབྲོག་གསར་པ།
  • གངས་ལྗོངས་ས་མཐོར་ལུས་སྦྱོང་བྱེད་པའི་ཚ་རླབས་འཕྱུར།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།    |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2016-04-29

    1.jpg

    ལྷ་ས་གྲོང་ཁྱེར་གྱི་གྲོང་མིས་རྫོང་རྒྱབ་ཀླུ་ཁང་གི་སྤྱི་གླིང་ནང་ལུས་སྦྱོང་བྱེད་བཞིན་པ།

    གསར་འགོད་པས་ཤེས་རྟོགས་བྱས་པར་འདི་ལོ་རང་ལྗོངས་ཀྱིས་གྲོང་ཁྱེར་གྱི་སྡེ་ཁུལ་དུ་དུས་ཚོད་སྐར་མ༡༥ཡི་ལུས་སྦྱོང་འཁོར་རྒྱ་བཙུགས་ཏེ། ཆ་རྐྱེན་ཡོད་པའི་གྲོང་ཁུལ་རྙིང་པར་གྲོང་ཁྱེར་སྡེ་ཁུལ་གྱི་ལུས་རྩལ་སྒྲིག་ཆས་སྒྲིག་སྦྱོར་བྱ་རྒྱུ་དང་གསར་དུ་བསྐྲུན་པའི་སྡེ་ཁུལ་དུ་ལུས་རྩལ་སྒྲིག་ཆས་ཁྱབ་ཚད་བརྒྱ་ཆ༡༠༠ཟིན་རྒྱུ་རེད། དམངས་ཡོངས་ཀྱི་ལུས་སྦྱོང་འཕེལ་རྒྱས་ཀྱི་འཆར་འགོད་གཞིར་བཟུང་། བོད་ཀྱིས་སྤྱི་ལོ༢༠༢༠ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒྱལ་དམངས་གཟུགས་གཞིས་ཚད་ལོན་ཚད་བརྒྱ་ཆ༨༠ཡན་ཟིན་པ་དང་། མི་རེའི་ཆ་སྙོམས་ལུས་རྩལ་རྩེད་ས་སྨི་གྲུ་བཞི་མ༡.༨ཟིན་པ། མི༧༠༠རེར་སྤྱི་ཚོགས་ཀྱི་ལུས་རྩལ་ཁྲིད་སྟོན་པ་གཅིག་ཡོད་པ། རྒྱུན་དུ་ལུས་སྦྱོང་ནང་ཞུགས་མཁན་མི་གྲངས་ལྗོངས་ཡོངས་ཀྱི་སྤྱིའི་མི་འབོར་གྱི་བརྒྱ་ཆ༣༠ཡན་ཟིན་པ་བཅས་བྱ་རྒྱུ་རེད། 

    ཉིན་ཤས་རིང་། གསར་འགོད་པས་ལྷ་ས་གྲོང་ཁུལ་གྱི་སྡེ་ཁུལ་དང་སྤྱི་གླིང་ཁག་ཏུ་སྐྱོད་སྐབས། སྤྱི་པའི་ལུས་སྦྱོང་ཡོ་ཆས་ཡོད་སར་ལུས་སྦྱོང་བྱེད་པར་ཡོང་མཁན་མི་རྒྱུན་ཆད་མེད་པ་མཐོང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།