དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་ལས་གོང་འཕེལ་གྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།    |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2016-04-25

    ལོ་ལྔ་ཚན་བཅུ་གཉིས་པའི་རིང་ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་ལས་བརྟན་པོ་དང་མགྱོགས་པོའི་ངང་གོང་འཕེལ་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད།  ན་ནིང་ལོ་མཇུག་བར་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་ཐེངས་དང་པོར་སྒོར༡༠༣༧༨ཟིན་པ་དང་།  ཞིང་འབྲོག་ལས་ཕྱོགས་བསྡུས་ཐོན་སྐྱེད་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས། ཐོན་ལས་དང་པོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར༢༣.༣༨ཟིན་གྱི་ཡོད།  

    ལོ་ལྔ་ཚན་བཅུ་གཉིས་པའི་རིང་ལྷ་ས་གྲོང་ཁྱེར་གྱིས་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་ཕྱོགས་བསྒྱུར་རིམ་སྤོར་བྱེད་རྒྱུས་ཁ་ཕྱོགས་དང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུ་དང་ཞིང་ལས་ཐོན་རྫས་མཁོ་སྤྲོད་ནུས་ལྡན་ཐུབ་རྒྱུ་གཉིས་ཀྱིས་ལྟེ་བ། ས་གཙང་འབྱུང་འཕྲོད་ཐོན་ལས་གོང་འཕེལ་གཏོང་རྒྱུས་ཁྲིད་སྟོན་བཅས་བྱས་ནས། འབྲེལ་ཡོད་ཐོན་ལས་སྐུལ་འདེད་ཤུགས་ཆེན་བཏང་བས་ཞིང་འབྲོག་ལས་དེང་རབས་ཅན་དུ་འགྱུར་རྒྱུར་འགག་སྒྲོལ་གསར་པ་བྱུང་ཞིང་ཐོན་འབབ་མཐོ་བ་དང་སྤུས་ཀ་ལེགས་པ། ལས་ཕྱོད་ཆེ་བ། འབྱུང་འཕྲོད་ཡིན་པ། བདེ་འཇགས་ལྡན་པ་བཅས་ཀྱི་དེང་རབས་ཅན་གྱི་ཞིང་ལས་མ་ལག་ཅིག་རིམ་བཞིན་ཆགས་ཡོད།  

    ཤེས་རྟོགས་བྱས་པར་གཞིགས་ན། ལོ་ལྔ་ཚན་བཅུ་གསུམ་པའི་རིང་ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་ལས་ཐད་བརྟན་པོ་གཅིག་དང་འཕར་སྣོན་གཉིས།  ཕྱོགས་འགྱུར་གསུམ།  རིམ་སྤོར་བཞི་བཅས་ཀྱི་དམིགས་ཡུལ་སྒྲུབ་དགོས་པ་དེ་ཡང་། འབྲུ་རིགས་ཐོན་འབབ་ཀྲོན་ཁྲི་ཚོ༡༨ནས་མི་ཆག་པ་བྱེད་རྒྱུ་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ཡོང་འབབ་མང་དུ་གཏོང་རྒྱུ་དང་། ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ།  ཞིང་འབྲོག་ལས་ཐོན་སྐྱེད་མ་ལག་དང་ཞིང་འབྲོག་ལས་གཉེར་སྐྱོང་མ་ལག་ཞིང་འབྲོག་ལས་ཐོན་ལས་མ་ལག་བཅས་ཕྱོགས་འགྱུར་རིམ་སྤོར་བྱས་ནས།་ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ཀྱི་ནུས་པ་དང་རྒྱུན་བསྲིང་གོང་འཕེལ་གྱི་ནུས་པ། ཁྲོམ་རའི་འགྲན་རྩོད་ནུས་པ།  ཞིང་ལས་དངོས་པོའི་ལག་རྩལ་སྒྲིག་ཆས་ཆུ་ཚད་བཅས་མཐོ་རུ་གཏོང་རྒྱུ། ཞིང་འབྲོག་ལས་ཚད་ལྡན་ཅན་གྱི་ཐོན་སྐྱེད་ཁྱོན་ཡོངས་ལ་ཁྱབ་པ་བྱེད་རྒྱུ་དང་།  ཞིང་ལས་ཐོན་སྐྱེད་འཕྲུལ་ཆས་ཅན་ཁྱོན་ཡོངས་ལ་ཁྱབ་པ་བྱེད་རྒྱུ།  ཞིང་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞིའི་བརྒྱུད་རིམ་ཧྲིལ་པོའི་ལྟ་འདོམས་ཁྱོན་ཡོངས་ལ་ཁྱབ་པ་བྱེད་རྒྱུ་བཅས་མངོན་འགྱུར་གང་ལེགས་ཐུབ་པ་བྱེད་རྒྱུ་རེད།།  

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།