
བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ལྟེ་བའི་སློབ་ཆུང་གི་ཞག་སྡོད་སློབ་མས་སློབ་གྲྭའི་རླངས་འཁོར་ནང་ཞུགས་ནས་ཁྱིམ་ལ་ལོག་འགྲོ་བ།
གཞིས་རྩེ་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཁག་བདུན་པའི་ཆིང་ཏའོ་བོད་སྐྱོར་ལས་བྱེད་ཚོགས་པས་ནང་སའི་སློབ་གྲྭའི་རླངས་འཁོར་གྱིས་སློབ་མ་སྐྱེལ་བསུ་བྱེད་པའི་ཉམས་མྱོང་ནང་འདྲེན་བྱས་ནས། གཞིས་རྩེ་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ཀུང་སི་དང་མཐུན་སྦྱོར་ལེགས་པར་བྱས་ནས་སློབ་གྲྭའི་རླངས་འཁོར་ཀུང་སི་བཙུགས་པ་དང་། སྲིད་གཞུང་གིས་ཞབས་ཞུ་ཉོ་བའི་བྱ་ཐབས་བརྒྱུད་དེ་བསམ་གྲུབ་རྩེ་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཞག་སྡོད་སློབ་མར་དུས་ཚོད་དང་སྡོད་གནས་ཀྱི་དབྱེ་བས་སོ་སོར་སྐྱེལ་བསུ་བྱས་པས། བསམ་གྲུབ་རྩེ་ཆུས་ཡོངས་ཀྱི་ཞག་སྡོད་སློབ་མ༧༠༠༠ལྷག་ཙམ་གྱི་སློབ་གྲྭར་འགྲོ་འོང་གི་བདེ་འཇགས་གནས་ཚུལ་ཐག་གཅོད་ཐུབ་ཡོད། ཞིབ་རྩིས་བརྒྱབ་པར་གཞིགས་ན། སློབ་མ་སྐྱེལ་བསུ་བྱེད་པའི་དུས་ཚོད་ཕུད་སློབ་གྲྭའི་རླངས་འཁོར་གྱིས་སློབ་མ་སྐྱེལ་བསུ་ཞབས་ཞུས་ཆ་སྙོམས་ཞིང་པའི་ཁྱིམ་ཚང་རེར་ལོ་རེར་སློབ་མ་སྐྱེལ་བསུ་བྱེད་པའི་འགྲོ་སོང་སྒོར༢༦༠ཉུང་དུ་ཕྱིན་པས། ལོ་གཅིག་ལ་ཁྱོན་ཞིང་འབྲོག་མང་ཚོགས་ཀྱི་འགྲོ་སོང་སྒོར་ཁྲི༡༦༠གྲོན་ཆུང་བྱེད་ཐུབ་ཀྱི་ཡོད།