
རྒྱལ་རྩེ་རྫོང་ཕན་ཐོགས་སྣམ་བུ་ཞིང་འབྲོག་པའི་ལས་སྣོན་མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་མི་རིགས་བཟོ་རྩལ་ཐོན་རྫས།
ཉེ་བའི་ལོའི་ཚུན་དུ་གཞིས་རྩེ་གྲོང་ཁྱེར་གྱིས་དེང་རབས་ཚན་རྩལ་དང་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལག་ཤེས་བཟོ་རྩལ་བྱ་གཞག་དེ་ཉིད་གཞི་ཁྱོན་ཅན་དང་ཐོན་ལས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད་པ་དང་། ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་ཡོད་པའི་ངང་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་དང་ཐོན་སྐྱེད་བྱ་རྒྱུར་འཁྲིད་སྟོན་བྱས་ནས་འབབ་འཕར་ཡོང་ཐབས་བྱས་ཡོད་པ་རེད།