དབུ་ཤོག>ཞིང་འབྲོག་གསར་པ།
  • 《བོད་ཀྱི་སྲོལ་རྒྱུན་སོ་ནམ་ཡོ་བྱད་ཀུན་གསལ་མེ་ལོང》ཞེས་པ་ཟླ་འདིར་པར་སྐྲུན་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2016-04-07

    ཞིང་ལས་རིག་གནས་མྱུར་སྐྱོབ་སྔོག་འདོན་དང་ཐོ་འགོད་བྱས་ནས་ས་མཐོའི་ཞིང་ལས་རིག་གནས་ཞིབ་འཇུག་སྲུང་སྐྱོང་ལ་རྨང་གཞིའི་དཔྱད་གཞིའི་ཡིག་རིགས་མཁོ་འདོན་བྱ་ཆེད། བོད་ཀྱིས་ལོ་2ལྷག་ཙམ་སྤྱད་དེ་སྔོག་འདོན་དང་ལེགས་སྒྲིག་བྱས་པའི《བོད་ཀྱི་སྲོལ་རྒྱུན་སོ་ནམ་ཡོ་བྱད་ཀུན་གསལ་མེ་ལོང》ཞེས་པ་ཟླ་འདིར་པར་སྐྲུན་བྱ་རྒྱུ་རེད།

    བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)གི་ཀྲུའུ་རེན་མིག་དམར་གྱིས་ངོ་སྤྲོད་བྱས་དོན། 2014ལོར་བོད་ཀྱིས་ཞིང་ལས་ཡོ་བྱད་ཡོངས་ཁྱབ་ཞིབ་བཤེར་འཚོལ་བསྡུ་དང་། ཞིང་ལས་གླུ་གར་ལེགས་སྒྲིག ཞིང་ལས་ཡུལ་སྲོལ་གོམས་གཤིས་ཉམས་པ་སོར་ཆུད་སོགས་ནང་དོན་གཙོ་བོར་བྱས་པའི“བོད་ཀྱི་ཞིང་ལས་རིག་གནས་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་ཉར་ཚགས”ལས་དོན་དངོས་སུ་སྤེལ་ཞིང་། 《བོད་ཀྱི་སྲོལ་རྒྱུན་སོ་ནམ་ཡོ་བྱད་ཀུན་གསལ་མེ་ལོང》ཞེས་པ་དེ་ནི་ད་ཐེངས་ཀྱི་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་སྲུང་སྐྱོབ་ལས་དོན་གྱི་གྲུབ་འབྲས་གཙོ་བོའི་གྲས་ཤིག་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། དེབ་དེ་ནི་བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་ལྟེ་གནས་ཀྱིས་ཆེད་མི་སྒྲིག་འཛུགས་བྱས་ཏེ་བོད་ལྗོངས་ལྷོ་ཁ་ས་ཁུལ་དང་གཞིས་རྩེ་གྲོང་ཁྱེར་གྱི་ས་གནས་ཁག་གི་ཞིང་འབྲོག་ཁུལ་དུ་བསྐྱོད་ནས་ཞིང་པ་དང་། རྫ་བཟོ་བ། ཤིང་བཟོ་བ་བཅས་མི་རབས་རྒན་གྲས་ལ་འདྲི་རྩད་དང་བློ་འདྲི་བྱས་རྗེས་པར་ལེན་ལེགས་སྒྲིག་བྱུང་བ་ཞིག་རེད། དེབ་དེའི་ནང་གཙོ་བོ་སོ་ནམ་ཡོ་བྱད་ཀྱི་ཐོན་སྐྱེད་ལག་རྩལ་རིགས་17དང་དངོས་པོའི་པར་རིས་300ལྷག་ཙམ་བཀོད་པ་དེས་བོད་ཀྱི་སོ་ནམ་ཡོ་བྱད་སྣ་ཚོགས་ཀྱི་མིང་དང་། རྒྱུ་ཆ། སྤྱོད་ནུས། ཐོན་སྐྱེད་ལག་རྩལ་སོགས་ཅུང་ཆ་ཚང་བའི་སྒོ་ནས་ཐོ་འགོད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།