
འདི་ལོའི་དཔྱིད་འདེབས་ཞིང་ལས་ཐོན་ལས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད་ཉེ་ཆར་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གིས་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཆུ་ཡུར་ནང་གི་གད་སྙིགས་གཙང་བཟོ་དང་ཉམས་བཟོ་བྱས་ནས་ཆུ་ཡུར་ནང་ཆུ་རྒྱུག་ཤུགས་ཆེ་རུ་བཏང་སྟེ་དཔྱིད་འདེབས་ཐད་འཕྲད་པའི་གནད་དོན་ཁག་ཐག་གཅོད་ལེགས་པར་བྱས་ཡོད་ཅིང་། འདི་ནི་པ་སྣམ་རྫོང་གི་ཞིང་འབྲོག་པས་ཚ་ཚ་འུར་འུར་ངང་ཆུ་ཡུར་བཤངས་པའི་གནས་ཚུལ་ཡིན་པ།