
ལྕང་ར་ཤང་རམ་ཁང་གྲོང་ཚོའི་མང་ཚོགས་ཀྱིས་ཞིང་ཁྱིམ་དེབ་ཁང་དུ་དཔེ་དེབ་ལྟ་བཞིན་པ།
ཞིང་འབྲོག་པའི་དེབ་ཉོ་ཁག་པ་དང་དེབ་གཡར་ཁག་པ། དེབ་ལྟ་ཁག་པའི་དཀའ་གནད་ཐག་གཅོད་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་རྒྱང་རྩེ་རྫོང་ལྕང་ར་ཤང་རམ་ཁང་གྲོང་ཚོས་ཞིང་འབྲོག་མང་ཚོགས་ལ་ཉེ་བར་མཁོ་བའི་ཞིང་ལས་ལག་རྩལ་ཤེས་བྱ་ཞིང་ནང་དུ་སྐྱེལ་ནས། རིག་གནས་གཤམ་སྤེལ་དང་ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་བའི་ཐབས་ལམ་བརྒྱུད་ཞིང་འབྲོག་མང་ཚོགས་ལ་དུས་ཆར་བབས་པ་ལྟར་འདེབས་འཛུགས་དང་གསོ་ཚགས་ཐད་འཕྲད་པའི་དཀའ་ངལ་འཕྲལ་དུ་སེལ་རོགས་བྱས་ཡོད།