དབུ་ཤོག>ཞིང་འབྲོག་གསར་པ།
  • སྐྱེ་ལྡན་ཞིང་འབྲོག་ཐོན་ལས་གོང་འཕེལ་སྟོབས་ཆེར་ཕྱིན་ནས་གཞིས་རྩེའི་ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་བསྒྱུར་རིམ་སྤོར་ཐད་སྐུལ་མ་ཐེབས་པ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2016-03-30

    ཉེ་བའི་ལོའི་ནང་།  བོད་ལྗོངས་ཕྱིར་གཏོང་ནང་འདྲེན་དངོས་ཟོག་ཞིབ་བཤེར་དང་ནད་ཡམས་བརྟག་དཔྱད་ཅུད་ཀྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ།  བོད་ཀྱི་ཁྱད་ལྡན་ཐོན་ལས་དང་གསར་དར་ཐོན་ལས་གོང་འཕེལ་རིམ་སྤོར་ཡོང་རྒྱུར་རྒྱབ་སྐྱོར་བྱས་ནས་ཕྱིར་གཏོང་རྒྱ་སྐྱེད་དང་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་ཡོད།  ལྷག་པར་དུ་སྤྱི་ལོ་2015ལོའི་ཚུན་དུ།  གཞིས་རྩེ་གྲོང་ཁྱེར་དུ་སྤེལ་བའི་སྐྱེ་ལྡན་ཐོན་རྫས་ཀྱི་དཔང་འདོན་ཁས་ལེན་དཔེ་སྟོན་ཁུལ་གཏོད་པའི་བྱེད་སྒོ་སྤེལ་བ་དེས།  ས་གནས་ཀྱི་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ཐད་སྐུལ་འདེད་ནུས་ལྡན་ཐེབས་པ་མ་ཟད་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་རྒྱུར་ཡང་སྐུལ་མ་ཐེབས་ཡོད།

    སྤྱི་ལོ་2015ལོའི་ལོ་མགོར་བོད་ལྗོངས་ཕྱིར་གཏོང་ནང་འདྲེན་དངོས་ཟོག་ཞིབ་བཤེར་དང་ནད་ཡམས་བརྟག་དཔྱད་ཅུད་ཀྱིས་གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་དང་ཐུན་མོང་ཐོག  གཞིས་རྩེ་གྲོང་ཁྱེར་དུ་སྐྱེ་ལྡན་ཐོན་རྫས་ཀྱི་དཔང་འདོན་ཁས་ལེན་དཔེ་སྟོན་ཁུལ་གཏོད་པའི་བྱེད་སྒོ་སྤེལ་རྒྱུའི་གཏན་འཁེལ་བྱས་པ་དང་དཔེ་སྟོན་ཁུལ་གཏོད་པའི་བྱེད་སྒོ་སྤེལ་བ་དང་བསྟུན་ནས།  གཞིས་རྩེ་གྲོང་ཁྱེར་གྱིས་ནས་དང་གམ་པའི་ལུག  ཞོག་ཁོག  ཁྱད་ལྡན་སྔོ་ཚལ།  བོད་བྱ།  ནགས་ཁུལ་ཐོན་ཁུངས་སོགས་ཁྱད་ལྡན་ཐོན་ལས་ལ་བརྟེན་ཏེ་ཞིང་འབྲོག་ཐོན་རྫས་ཀྱི་སྐྱེ་ལྡན་ཐོན་རྫས་ཀྱི་དཔང་འདོན་ཁས་ལེན་ལས་དོན་སྒྲིག་འཛུགས་ཡག་པོ་བྱས་ཡོད།

    འགན་འཁུར་བས་ངོ་སྤྲོད་གནང་བར་གཞིགས་ན།  ད་བར་གཞིས་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་ཁེ་ལས་ཁག་གིས་སྐྱེ་ལྡན་ཐོན་རྫས་ཀྱི་བརྗེས་སྒྱུར་དཔང་འདོན་ཁས་ལེན་ལག་ཁྱེར་དང་སྐྱེ་ལྡན་ཐོན་རྫས་ཀྱི་དཔང་འདོན་ཁས་ལེན་ལག་ཁྱེར་43རེ་ཞུ་ལེགས་གྲུབ་བྱས་པའི་ནང་།  ཨེ་མར་སྒང་གི་ཞོག་ཁོག་དང་པ་སྣམ་གྱི་ཁམས་བཟང་རྩམ་པ་སོགས་ཞིང་ལས་ཐོན་རྫས་ལ་སྐྱེ་ལྡན་ཐོན་རྫས་ཀྱི་བརྗེས་སྒྱུར་དཔང་འདོན་ཁས་ལེན་གྱི་ལག་ཁྱེར་རགས་ཡོད་པ་དང་།  གམ་པའི་ལུག་ཤའི་རིགས་ཀྱི་བཟའ་བཅའ་དང་གྲོ་མོའི་མོག་རོ་སོགས་ལ་སྐྱེ་ལྡན་ཐོན་རྫས་ཀྱི་དཔང་འདོན་ཁས་ལེན་ལག་ཁྱེར་རགས་ཡོད།

    གཞན་ཡང་།  སྐྱེ་ལྡན་ཞིང་འབྲོག་ཐོན་ལས་གོང་འཕེལ་སྟོབས་ཆེར་ཕྱིན་པ་དེས་གཞིས་རྩེའི་ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་བསྒྱུར་རིམ་སྤོར་ཐད་སྐུལ་མ་ནུས་ལྡན་ཐེབས་པ་དང་།  དེང་རབས་ཞིང་འབྲོག་ལས་མགྱོགས་མྱུར་གོང་འཕེལ་འགྲོ་རྒྱུར་སྐུལ་མ་ཐེབས་པ།  ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མགྱོགས་མྱུར་འཕར་རྒྱུར་སྐུལ་མ་ཐེབས་པ་བཅས་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།