
བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིས་ཞིང་འབྲོག་པར་ཕྱུགས་རིགས་ཤས་གཏོང་སྐོར་གྱི་གནས་ཚུལ་གསལ་བཤད་བྱེད་བཞིན་པ།
ཞིང་འབྲོག་ཁུལ་དུ་ཕྱུགས་རིགས་ཤས་བཏང་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དངུལ་དམར་ཡོང་འབབ་མཐོ་རུ་གཏོང་བ་དང་། དཔལ་འབྱོར་སྤྱི་ཚོགས་ལེགས་པོ་དང་མྱུར་པོའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ་ནི་གཙོ་བོའི་ཐབས་ཇུས་ཡིན། ཉིན་ཤས་བསྟུད་མར་རང་སྐྱོང་ལྗོངས་ཀྱི་རྨང་བརྟན་དམངས་ཕན་བྱེད་སྒོའི་གྲོང་ཚོར་བཅའ་སྡོད་ནག་ཆུ་ས་ཁུལ་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་གྱི་ལས་དོན་རུ་ཁག་གིས་ཐབས་ཇུས་སྣ་ཚོགས་བཏོན་ནས་ཞིང་འབྲོག་པར་ཕྱུགས་རིགས་ཤས་གཏོང་བའི་ལས་དོན་གང་ལེགས་སྤེལ་རོགས་བྱེད་བཞིན་ཡོད།།