
ལྷོ་ཁ་ས་ཁུལ་ལྕེ་བདེ་ཞོལ་གྲོང་རྡལ་དང་། བསམ་ཡས་གྲོང་རྡལ། སླད་མོན་པ་མི་རིགས་ཤང་བཅས་རང་སྐྱོང་ལྗོངས་ཀྱི་ཁག་དང་པོའི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་ཁོངས་སུ་བཅུག་པ་རེད། ལྕེ་བདེ་ཞོལ་ཁྱད་ལྡན་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་བྱེད་ཡུན་ནི་2015ལོ་ནས་2030ལོ་བར་ཡིན་པ་དེ་དུས་རིམ་གསུམ་གྱི་རྣམ་གྲངས་ལག་བསྟར་བརྒྱུད། ལྕེ་བདེ་ཞོལ་དེ་ཉིད་ཁྱད་ཆོས་མངོན་གསལ་དོད་པ་དང་། ཁོར་ཡུག་མཛེས་པ། རྨང་གཞིའི་སྒྲིག་བཀོད་ཆ་ཚང་བ་བཅས་ཀྱི་དུས་རབས་ཀྱི་ཉམས་འགྱུར་དང་ཁྱད་ཆོས་མངོན་གསལ་དོད་པའི་གྲོང་རྡལ་ཆུང་གྲས་ཤིག་ཏུ་བསྐྲུན་རྒྱུ་ཡིན་ཞིང་། འདི་ནི་གོང་དཀར་རྫོང་ལྕེ་བདེ་ཞོལ་གྱི་མང་ཚོགས་ཚོས་འགྲེམས་པང་ལ་ལྟ་བཞིན་ཁྱད་ལྡན་གྲོང་རྡལ་ཆུང་གྲས་སྔ་ཙམ་བསྐྲུན་ཐུབ་རེ་བྱེད་པ།