ཉིན་ཤས་གོང་རྒྱལ་ཁབ་སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས་ཉིང་ཁྲིའི་བེ་ཤ་དང་། ཉིང་ཁྲིའི་བོད་ཕག མེ་ཏོག་གི་རྡོ་ཁོག སྨན་གླིང་གི་བོད་བྱ། རྒྱ་ཚའི་སྟར་ཁ། གྲོ་མོའི་མོག་རོ། ཨེ་མ་སྒང་གི་ཞོག་ཁོག དཔའ་ཤོད་ཀྱི་བྲ་བོ། རི་བོ་ཆེའི་ཚགས་ཤ ལྷ་རིའི་འབྲི་གཡག(ཉང་གཡག)སོགས་ཐོན་རྫས་10རྒྱལ་ཁབ་ཀྱི་ས་གཤིས་མཚོན་རྟགས་ཐོན་རྫས་གྲས་སུ་འཇུག་རྒྱུའི་ཆོག་མཆན་སྤྲད་པ་རེད། དུས་མཚུངས་རང་ལྗོངས་ཀྱི་རྫ་ཡུལ་གྱི་འབྲས་དང་རྫ་ཡུལ་གྱི་གཡང་འབུམ་གཉིས་ས་གཤིས་མཚོན་རྟགས་ཐོན་རྫས་སྲུང་སྐྱོབ་བྱེད་ཁོངས་ནང་འཇུག་རྒྱུའི་འདུན་ཞུ་བདག་སྤྲོད་བྱེད་བཞིན་ཡོད། དེས་ན་ད་བར་ལྗོངས་ཡོངས་སུ་རྒྱལ་ཁབ་ཀྱི་ས་གཤིས་མཚོན་རྟགས་སྲུང་སྐྱོབ་ཐོན་རྫས་28ཟིན་ཡོད།