དབུ་ཤོག>ཞིང་འབྲོག་གསར་པ།
  • ནག་ཆུ་ས་ཁུལ་གྱིས་ས་མཐོའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2016-03-07

    སྤྱི་ལོ༢༠༡༦ལོ་ནས་བཟུང་། ནག་ཆུ་ས་ཁུལ་གྱིས་ས་མཐོའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རྟེན་གཞི་འཛུགས་སྐྲུན་གཙོ་གནད་དུ་བྱས་ནས་ཐོན་ལས་ལེགས་ཆ་འདོན་སྤེལ་ཏན་ཏིག་བྱེད་པ་དང་ཐོན་རྫས་ཀྱི་ཁྱད་ཆོས་མངོན་པར་བྱེད་པ།  ཐོན་སྐྱེད་གྲུབ་ཚུལ་ལེགས་སུ་གཏོང་བ།  མ་དངུལ་རྣམ་གྲངས་གཅིག་སྒྲིལ་བྱེད་པ་བཅས་བྱས་ཏེ་ཕྱོགས་བསྡུས་ཀྱི་ཐོན་སྐྱེད་ནུས་པ་ཆེ་བ་དང་ལས་སྣོན་འཕར་ཐང་གི་གཏིང་ཤུགས་ཆེ་བའི་ཞིང་ཕྱུགས་ཐོན་རྫས་རྟེན་གཞི་ཁག་གཅིག་འཛུགས་སྐྲུན་བྱས་ནས་རྟེན་གཞི་གཅིག་གཏོད་པ་དང་ཁྱད་ཆོས་གཅིག་མངོན་པ།  སྣེ་འདྲེན་གཅིག་ཆགས་པ།  ཁུལ་གཅིག་གོང་འཕེལ་ལ་སྐུལ་ཁྲིད།  ཁུལ་དེའི་མང་ཚོགས་ཕྱུག་པོ་ཆགས་པ་བཅས་ཕན་ཚུན་སྤེལ་རེས་ཀྱི་གོང་འཕེལ་བཟང་བའི་རྣམ་པ་ཞིག་ཆགས་པ་བྱེད་རྒྱུ་རེད།

    ནག་ཆུ་ས་ཁུལ་གྱིས་སྣེ་འདྲེན་གསོ་སྐྱོང་བྱེད་པ་དང་གཞི་ཁྱོན་ཆེ་རུ་གཏོང་བ། རྟེན་གཞི་འཛུགས་པ། ཞིང་འབྲོག་དུད་ཚང་ལ་ཁྲིད་སྟོན་བྱེད་པ་བཅས་ཀྱི་བླང་བྱར་གཞིགས་ནས་འཁོར་སྐྱོད་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་བཟོ་བ་དང་གསར་གཏོད་བྱེད་པ། ཚན་རྩལ་གཏོང་འཇོག་ལ་མཐོང་ཆེན་བྱེད་པ།  ཚན་རྩལ་དེ་ཐོན་སྐྱེད་དང་ལས་སྣོན།  ཕྱིར་འཚོང་བཅས་དང་ཟུང་འབྲེལ་བྱེད་པའི་ཐོག་ལས་གོང་འཕེལ་གཏོང་སྟངས་ལ་སྐུལ་སྤེལ་གཏོང་བ།  དུད་ཚང་གཅིག་གིས་དུད་ཚང་མང་པོའི་སྣེ་འཁྲིད་པ་དང་དུད་ཚང་མང་པོས་གྲོང་ཚོ་ཡོངས་ཀྱི་སྣེ་འཁྲིད་པ།  གྲོང་ཚོ་གཅིག་གིས་གྲོང་ཚོ་མང་པོ་སྦྲེལ་མཐུད་ཐུབ་པ།  གྲོང་ཚོ་མང་པོ་རྟེན་གཞིར་གྱུར་བ་བཅས་ཀྱི་གོང་འཕེལ་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱེད་པ།  ཐོན་སྐྱེད་ཆུ་ཚད་མཐོ་བ་དང་ཐོན་ལས་ཁྱད་ཆོས་ཆེ་བ།  དཔེ་སྟོན་སྐུལ་ཁྲིད་བཟང་བ་བཅས་ཀྱི་ཞིང་འབྲོག་ཐོན་ལས་ཀྱི་དཔེ་སྟོན་རྫོང་ལྔ་རིམ་བཞིན་ཧུར་ཐག་གཏོད་པ།  ས་ཁུལ་དེང་རབས་རྩྭ་ཐང་འབྲོག་ལས་དཔེ་སྟོན་རྟེན་གཞི་དེ་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་འབྲོག་ལས་དཔེ་སྟོན་ཁུལ་དང་།  ས་ཁུལ་དེ་ཡོངས་ཀྱི་ཞིང་འབྲོག་ལས་ཚན་རྩལ་དངོས་བསྒྱུར་གྱི་གསོ་སྐྱོང་བྱེད་གནས་དང་ཐོན་ལས་ཅན་གྱི་དཔེ་སྟོན་སྟེགས་བུར་འགྱུར་བ་བྱེད་རྒྱུ་རེད།

    སླད་ཕྱིན་ནག་ཆུ་ས་ཁུལ་གྱིས་རྒྱུན་ཆད་མེད་པར་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ས་ཞིང་བཅོས་སྒྲིག  ཕྱུགས་རིགས་གསོ་སྤེལ་སོགས་རྣམ་གྲངས་ཀྱི་མ་འཇོག་འོས་འཚམ་ངང་རྟེན་གཞིར་ཕྱོགས་ནས་རྒྱུད་བཟང་ཕྱུགས་རིགས་དང་གཟན་ཆག་མཁོ་འདོན།  སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་གསོ་སྤེལ་ལག་རྩལ་སོགས་ཀྱི་ཐད་གཙོ་གནད་ཐོག་རོགས་སྐྱོར་བྱེད་རྒྱུ་དང་།  ཐོན་སྐྱེད་གཙོ་རྒྱུ་གཞན་དག་རིམ་བཞིན་རྟེན་གཞིར་གཅིག་བསྡུས་བྱས་ནས་ས་ཁོངས་ཀྱི་ཁྱད་ཆོས་དང་གཞི་ཁྱོན་གྱི་ལེགས་ཆ་ཆགས་པ་བྱས་ཏེ། སྤྱི་ལོ༢༠༢༠ལོར་སླེབས་དུས་རྟེན་གཞི་ཁག་གི་ཐོན་རྫས་ཚོང་ཟོག་ཏུ་འགྱུར་ཚད་བརྒྱ་ཆ༨༠ཡན་ཟིན་པ་བྱེད་རྒྱུ་རེད།།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།