
བོད་ལྗོངས་སྨན་རྩིས་ཁང་གི་སྒོ་བསྟེན་སྨན་ཁང་ནས་ནད་པར་སྨན་སྤྲད་བཞིན་པ།

བོད་ལྗོངས་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་དུ་བོད་སྨན་རིལ་བུ་བཟོ་བཞིན་པ།
ཉེ་བའི་ལོའི་ནང་བོད་ལྗོངས་ཀྱི་བོད་སྨན་ཁེ་ལས་དང་ཚན་རིག་ཞིབ་འཇུག་ཚན་པས་བོད་སྨན་ཞིབ་འཇུག་གི་འགག་གནད་ལས་སྒྲོལ་ཏེ། ཚད་ལྡན་ཅན་གྱི་བོད་སྨན་བཟོ་བར་སྐུལ་འདེད་བཏང་ནས་བོད་སྨན་སྦྱོར་སྡེ་མང་དག་ཅིག་བཟོས་ནས་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ཤེས་རྟོགས་བྱས་པར་གཞིགས་ན། ད་ལྟ་བོད་ལྗོངས་ལ་དེང་རབས་ཅན་གྱི་བོད་སྨན་ཐོན་སྐྱེད་ཁེ་ལས་ཁྱོན ༢༡ ཡོད་པ་དང་། སྤྱི་ལོ ༢༠༡༥ ལོར་བོད་སྨན་ཁེ་ལས་ཀྱི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༡༤.༥ ཟིན་ཡོད་པ་རེད།།