
གོང་དཀར་རྫོང་ལྕེ་བདེ་ཞོལ་མང་ཚོགས་ཀྱིས་གྲོང་རྡལ་དཔེ་སྟོན་ལྟེ་གནས་ཀྱི་འཆར་འགོད་འགྲེམས་སྤེལ་ལ་ལྟ་བཞིན་པ།
ལྷོ་ཁ་ས་ཁུལ་ལྕེ་བདེ་ཞོལ་གྲོང་རྡལ་དང་བསམ་ཡས་གྲོང་རྡལ། སླད་མོན་པ་མི་རིགས་ཤང་བཅས་རང་སྐྱོང་ལྗོངས་ཀྱི་ཁག་དང་པོའི་དམིགས་བསལ་གྲོང་རྡལ་གྱི་དཔེ་སྟོན་ལྟེ་གནས་འཛུགས་སྐྲུན་ནང་ཚུད་པ་དང་། ལྕེ་བདེ་ཞོལ་དམིགས་བསལ་གྲོང་རྡལ་འཛུགས་སྐྲུན་གྱི་དུས་ཚད་ནི་སྤྱི་ལོ༢༠༡༥ལོ་ནས༢༠༣༠ལོ་བར་ཡིན། དུས་མཚམས་གསུམ་གྱི་རྣམ་གྲངས་ལས་གྲྭའི་ལག་བསྟར་བྱས་པ་བརྒྱུད་ལྕེ་བདེ་ཞོལ་དམིགས་བསལ་གྲོང་རྡལ་དཔེ་སྟོན་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་མ་ཟད། ཁོར་ཡུག་ལེགས་བཅོས་དང་རྨང་གཞིའི་སྒྲིག་བཀོད་ལེགས་སྒྲིག་བྱས་ནས་ཚོང་ལས་གཙོ་བོའི་གྲོང་རྡལ་དང་། ཡུལ་སྐོར་གྱི་གྲོང་རྡལ། དམིགས་བསལ་རིག་གནས་ལྡན་པའི་དེང་རབས་ཅན་གྱི་གྲོང་རྡལ་ཞིག་འཛུགས་སྐྲུན་བྱེད་བཞིན་ཡོད།།