དབུ་ཤོག>ཞིང་འབྲོག་གསར་པ།
  • ཆབ་མདོ་གྲོང་ཁྱེར་གྱིས་བྱང་ཚད་མཐོ་བའི་གྲོང་གསེབ་ཀྱི་ཉེར་སྤྱོད་ཤེས་ལྡན་པའི་དཔུང་ཁག་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-03-05

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས“ཤུགས་སྣོན་གསུམ”མཐའ་འཁྱོངས་བྱས་ནས་ཞིང་འབྲོག་མང་ཚོགས་ཁྱོན་ཡོངས་ཀྱི་བྱང་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་བ་དང་། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལས་ཞུགས་ཐུབ་རྒྱུར་སྐུལ་མ་གཏོང་བ། བློས་འགེལ་ཆོག་པ་དང་། སྣེ་ཁྲིད་ཐུབ་པ། སྙན་གྲགས་ཆེ་བ། འགན་འཁུར་བ། འབོད་སྐུལ་བྱེད་ཤུགས་ཆེ་བ། ཕྱུག་འགྱུར་སྣེ་ཁྲིད་ཀྱི་ནུས་པ་ལྡན་པ་བཅས་ཀྱི་གྲོང་གསེབ་ཀྱི་ཉེར་སྤྱོད་ཤེས་ལྡན་པའི་དཔུང་ཁག་སྐྱེད་སྲིང་ཧུར་ཐག་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་ཆབ་མདོའི་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་ཆེད་སྒུལ་ཤུགས་ཟམ་མི་ཆད་པར་བསྣན་ཡོད་པ་རེད།

    རྩ་འཛུགས་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་ཉེར་སྤྱོད་ཤེས་ལྡན་པའི་ཐོན་ཁུངས་ཀྱི་ཆ་འཕྲིན་མཛོད་བཙུགས་ཤིང་། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་ཞིང་འབྲོག་ཅུས་སོགས་ཚན་པ་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་གྲོང་གསེབ་ཀྱི་ཉེར་སྤྱོད་ཤེས་ལྡན་པར་བརྟག་དཔྱད་བྱས་ཏེ་གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་ཉེར་སྤྱོད་ཤེས་ལྡན་པ་23506ལ་ཆེད་ལས་རིགས་དང་། ལས་གཏོད་འདོད་འདུན། གསོ་སྦྱོང་གི་དགོས་མཁོ་སོགས་གནས་ཚུལ་ལ་གཞིགས་ཏེ་ཐོ་བཀོད་བྱས་ནས་ཆ་འཕྲིན་གྱི་རྩིས་ཐོ་བཟོས་ཡོད། དེ་དང་ཕྱོགས་མཚུངས་ལས་རིགས་མི་འདྲ་བར་གཞིགས་ནས་རིགས་དབྱེ་ནས་གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་ཉེར་སྤྱོད་ཤེས་ལྡན་པའི་ཐོན་ཁུངས་ཀྱི་ཆ་འཕྲིན་མཛོད་ནང་བཅུག་སྟེ“གྲོང་ཚོ་ཚང་མར་རང་ཉིད་ཀྱི་ལག་རྩལ་སྣེ་ཁྲིད་པ་དང་ཤང་གྲོང་ཚང་མར་རང་ངོས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་ཡོད་པ”བྱས་ཡོད་པ་རེད།

    སློབ་གསོའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་ཉེར་སྤྱོད་ཤེས་ལྡན་པ་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་བཏང་ཞིང་། ཆབ་མདོ་གྲོང་ཁྱེར་གྱིས་གསོ་སྦྱོང་བྱེད་ཐབས་ཟམ་མི་ཆད་པར་གསར་གཏོད་དང་ལོ་རེ་བཞིན་གསོ་སྦྱོང་བྱ་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་ཉེར་སྤྱོད་ཤེས་ལྡན་པའི་གསོ་སྦྱོང་འདུ་འགོད་ལ་སྐུལ་མ་ཏན་ཏིག་བཏང་ཡོད། ལོ་གསུམ་རིང་གྲོང་ཁྱེར་དེ་ཡོངས་ཀྱིས“ཕྱིར་བསྐྱོད་པ་དང་ནང་དུ་གདན་དྲངས་པའི”བྱེད་ཐབས་ལ་བརྟེན་ནས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་དང་། གྲོང་གསེབ་ཀྱི་ཉེར་སྤྱོད་ཤེས་ལྡན་པའི་སྣེ་ཁྲིད་པའི་གསོ་སྦྱོང་འཛིན་གྲྭ གྲོང་གསེབ་གསར་པ་འཛུགས་སྐྲུན་དང་དེ་བཞིན་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོ་སྦྱོང་འཛིན་གྲྭ་སོགས་ཐེངས་270ཙམ་གཉེར་བར་མི་གྲངས་17000ཞུགས་ཡོད་པས་གྲོང་གསེབ་ཀྱི་ཉེར་སྤྱོད་ཤེས་ལྡན་པའི་བྱང་ཚད་སྔར་བས་གོང་མཐོར་ཕྱིན་ནས་ལས་ཞུགས་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་ཐུབ་པ་བྱུང་ཡོད།

    སྟེགས་བུ་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་ཉེར་སྤྱོད་ཤེས་ལྡན་པ་གཞན་སྒྱུར་ལས་ཞུགས་ཐུབ་རྒྱུར་མཛུབ་ཁྲིད་བྱས་ཤིང་། ཆབ་མདོ་གྲོང་ཁྱེར་གྱིས་འགུ་རོ་གྲོང་རྡལ་གྱི་གསོ་སྦྱོང་རྟེན་གཞི་ཧུར་ཐག་བསྐྲུན་ནས་མཛེས་བཟོ་ཁང་དང་། སྐྲ་བཞར་ཁང་། བཟའ་བཏུང་ཞབས་ཞུ། གློག་ཆས་ཉམས་བཟོ་ཁང་སོགས་ཀྱི་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་ཕྱིར་ལས་མི་བྱེད་པར་འགྲོ་མཁན་ཞིང་འབྲོག་མང་ཚོགས་ལས་ཞུགས་བསྐྱར་མ་ཐུབ་ནུས་ལ་གཙོ་གནད་ཤུགས་སྣོན་བརྒྱབ་པ་རེད། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཆབ་མདོ་རང་གྲོང་གྱི་ལས་ཞུགས་ཆ་འཕྲིན་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ལོ་ལྟར་ཞིང་འབྲོག་པའི་ཡུལ་དངོས་ཀྱི་གདན་ཞུའི་ཚོགས་འདུ་དུས་ཐེངས་གཉིས་རེ་གཉེར་གྱི་ཡོད་པས་2014ལོ་ནས་ད་བར་མི་གྲངས་700ཙམ་ལྗོངས་ཕྱི་ནང་དུ་ལས་ཀར་བསྐྱོད་རྒྱུར་འོས་སྦྱོར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།