དབུ་ཤོག>ཞིང་འབྲོག་གསར་པ།
  • ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་རིང་བོད་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་གོང་འཕེལ་ལ་རྒྱུན་རྣམ་གསར་པ་དང་ནང་དོན་གསར་པ་བྱུང་བ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2016-03-03

    ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་ཚུན། ཀྲུང་དབྱང་གིས་ཐུགས་ཁུར་གནང་བ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག བོད་རང་སྐྱོང་ལྗོངས་ཀྱིས་ཚན་རིག་གོང་འཕེལ་གྱི་ལྟ་བས་མཛུབ་ཁྲིད་བྱེད་པ་དང་། ཁྱོན་ཡོངས་ནས་འཕར་སྣོན་བརྟན་པོ་དང་གྲུབ་ཆ་ལེགས་སྒྲིག བསྒྱུར་བཅོས་ལ་སྐུལ་འདེད། བརྟན་ལྷིང་རྒྱུན་འཁྱོངས་བཅས་ཀྱི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱས་ནས། ཞིང་འབྲོག་ལས་གོང་འཕེལ་གཏོང་ཐབས་བརྗེ་འགྱུར་ཇེ་མགྱོགས་སུ་བཏང་བ་དང་། བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཡོད་པས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་སྔོན་གཏན་འཁེལ་བའི་དམིགས་འབེན་ལེགས་གྲུབ་ཅུང་ཡག་པོ་བྱུང་ཡོད་ཅིང་། ཞིང་འབྲོག་པའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་བཅོས་ཐུབ་པ་དང་། ཞིང་འབྲོག་ལས་ཀྱི་ལས་ཆོད་མཐོར་གཏོང་དང་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་ཐེབས་ཡོད། འབྲུ་རིགས་ཐོན་འབབ་རྒྱུན་མཐུད་འཕར་བ་དེས་ཞིང་ལས་ཐོན་ལས་ཅན་གོང་འཕེལ་ལ་སྲ་ཞིང་བརྟན་པའི་འགན་སྲུང་བྱས་ཡོད་པ་དང་། སྔོན་དཔག་བྱས་ན་སྤྱི་ལོ་2015ལོར། ལྗོངས་ཡོངས་ཀྱི་འབྲུ་རིགས་སྤྱིའི་ཐོན་འབབ་ཏུན་ས་ཡ་གཅིག་དང་ཆིག་ཁྲི་བདུན་སྟོང་བརྒྱད་བརྒྱ་ཟིན་ཡོད་པ་དེ་ལོ་རྒྱུས་རང་བཞིན་གྱི་འགག་གཏོར་བྱུང་ཡོད།

    ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་ཚུན། བོད་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་ཁེ་གཉེར་མ་ལག་གསར་པ་ཟམ་མི་ཆད་པར་གོང་འཕེལ་ཕྱིན་པ་དང་། ཞིང་འབྲོག་ལས་ཐོན་ལས་ཅན་ལ་གྱུར་ཚད་ཐད་གོམ་སྟབས་གསར་པ་སྤོས་ཡོད། སྤྱི་ལོ་2015ལོར། རང་སྐྱོང་ལྗོངས་རིམ་པ་དང་དེ་ཡན་གྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་29ཡོད་པ་དང་། ལས་གཉེར་གཞི་ཁྱོན་ངེས་ཅན་ལྡན་པའི་ཞིང་འབྲོག་ལས་ཀྱི་ཆེད་ལས་མཉམ་ལས་ཁང་གི་སྤྱི་འབོར་4624ཟིན་པ་དེ་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཅིག་པའི་དུས་མཇུག་ལས་ལྡབ་11འཕར་ཡོད། རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་ཀྱི་སྤྱིའི་ཐོན་འབབ་སྒོར་དུང་ཕྱུར་25ཟིན་ཡོད་པ་དང་། དེ་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཅིག་པའི་དུས་མཇུག་ལས་བརྒྱ་ཆ་62དང་གྲངས་ཆུང་33འཕར་ཡོད་པ། ཞིང་འབྲོག་ལས་ཀྱི་ཐོན་ལས་ཅན་གྱི་ཁེ་གཉེར་བྱེད་ཚད་བརྒྱ་ཆ་40ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།