དབུ་ཤོག>ཞིང་འབྲོག་གསར་པ།
  • གཞིས་རྩེ་གྲོང་ཁྱེར་གྱིས་འབྲུ་རིགས་ཐོན་འབབ་བརྟན་པོའི་ངང་འཕར་སྣོན་ཡོང་ཆེད་སོན་བཟང་གསོ་སྤེལ་གྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བ།

  • ཡོང་ཁུངས།  ​  བོད་ལྗོངས་འཕྲིན་དྲ།    |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2016-03-03

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་འབྲུ་རིགས་ཐོན་འབབ་བརྟན་པོའི་ངང་འཕར་སྣོན་དང་རྒྱུན་སྲིང་ཐོན་འཕར་ཡོང་ཆེད་གཞིས་རྩེ་གྲོང་ཁྱེར་གྱིས་སྔ་ས་ནས་ཇུས་འགོད་དང་སྔ་ས་ནས་བཀོད་སྒྲིག་བྱས་ཏེ། སོན་བཟང་གསོ་སྤེལ་ཁྱབ་གདལ་གྱི་ལས་དོན་དོན་འཁྱོལ་ཡག་པོ་བྱས་པས་དཔྱིད་རྨོས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་འགན་སྲུང་བྱས་ཡོད།

    རྒྱལ་རྩེ་རྫོང་རྩེ་ཆེན་ཤང་ནུབ་སྟོད་གྲོང་ཚོར་ཉིན་ཤས་བསྟུད་མར་གྲོང་མི་ཚོས་ཞིང་ལས་དལ་བའི་སྐབས་དང་བསྟུན་ནས།  ན་ནིང་གི་ནས་སོན་ལེགས་འདེམས་བྱས་པ་དང་སོན་འཐུམ་བརྒྱབ་པ་རེད། ད་ལོ་ནུབ་སྟོད་གྲོང་ཚོས་ཆབ་མདོ་གྲོང་ཁྱེར་ལ་ནས་ཀྱི་སོན་བཟང་སྤྱི་རྒྱ་ཁྲི་ཚོ17.5མཁོ་འདོན་བྱས་པ་དང་།  ནས་སོན་ལེགས་འདེམས་བྱེད་པ་དང་སོན་འཐུམ་རྒྱག་རིང་གྲོང་ཁྱེར་ཞིང་ལས་ཚན་རིག་ཞིབ་འཇུག་ཟོའོ་དང་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་ཀྱི་ཆེད་ལས་ལག་རྩལ་མི་སྣས་ས་གནས་ས་ཐོག་ཏུ་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་མཛུབ་ཁྲིད་བྱས་ནས། སོན་ལེགས་འདེམས་དང་སོན་འཐུམ་གྱི་སྤུས་ཚད་འགག་སྒོ་ནན་པོ་སྲུང་སྟེ་སོན་བཟང་མཁོ་སྤྲོད་ཀྱི་སྤུས་ཚད་དང་གྲངས་ཚད་འགན་ལེན་བྱས་ཡོད།

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།  རང་སྐྱོང་ལྗོངས་ཀྱི་སོན་བཟང་མཁོ་སྤྲོད་བྱེད་ཚད་ཀྱི་བཀོད་སྒྲིག་ལྟར་ན།  ད་ལོ་གཞིས་རྩེ་གྲོང་ཁྱེར་གྱིས་ས་ཆ་གཞན་དུ་སོན་བཟང་སྤྱི་འབོར་སྤྱི་རྒྱ་ཁྲི་ཚོ213བཀོད་གཏོང་བྱེད་དགོས་ཀྱི་ཡོད། དེང་སྐབས་གྲོང་ཁྱེར་དེ་ཡོངས་ཀྱི་སོན་བཟང་ལེགས་འདེམས་དང་སོན་འཐུམ་ལས་དོན་ཁག་གི་འཕེལ་རིམ་བདེ་བླག་བྱུང་ཡོད་པ་དང་། སྤྱི་ཟླ2པའི་ཟླ་མཇུག་གོང་དཔྱིད་འདེབས་ཐད་མཁོ་བའི་སོན་བཟང་ཚང་མ་བཀོད་གཏོང་དབོར་འདྲེན་ཟིན་པ་རེད།

    ཉེ་བའི་ལོའི་རིང་གཞིས་རྩེ་གྲོང་ཁྱེར་གྱིས་བོད་ནས་ཨང2000དང་ཧི་མ་ལ་ཡ་ཨང22སོགས་སོན་བཟང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་བས་ལོ་མང་བསྟུད་དེ་ལོ་ལེགས་བྱུང་ཡོད། སྤྱི་ལོ2015ལོར་གྲོང་ཁྱེར་དེ་ཡོངས་ཀྱིས་འབྲུ་རིགས་ཐོན་ཁུལ་གཙོ་བོའི་རྫོང(ཆུས)10ལ་སོན་བཟང་ཁྱབ་གདལ་དཔེ་སྟོན་ཁུལ་བཙུགས་པ་དང་ཁྱོན་མུའུ་ཁྲི་ཚོ67གྱི་སར་ནས་ཀྱི་སོན་བཟང་ཁྱབ་གདལ་བཏང་པ་རེད།  རྒྱལ་རྩེ་དང་བསམ་གྲུབ་རྩེ། པ་སྣམ། ལྷ་རྩེ་བཅས་རྫོང(ཆུས)བཞིས་གཙོ་གནད་ཐོག་མུའུ་རེ་ནས་རྒྱ་མ་སྟོང་ཐོན་ཐུབ་པའི་ཧི་མ་ལ་ཡ་ཨང22མུའུ་ཁྲི་བཏབ་པ་དང་མུའུ་རེ་ནས་རྒྱ་མ་སྟོང་ཐོན་ཐུབ་པའི་བོད་ནས་ཨང2000མུའུ་སྟོང་བཏབ་ནས་ཚད་ལྡན་ཅན་གྱི་ཐོན་སྐྱེད་དཔེ་སྟོན་རྟེན་གཞི་མུའུ15000དོན་འཁྱོལ་བྱས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།