དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ལོ་13བསྟུད་མར་གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་བ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2016-02-27

    གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་གསལ། 2015ལོར་བོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་8244ཟིན་པ་དེ་ལོ་གོང་མ་ལས་12%འཕར་ནས་ལོ་13བསྟུད་མར་གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་ཡོད་པ་རེད།

    ལྗོངས་ཡོངས་ཀྱི་མི་འབོར་གྱི་བཅུ་ཆ་བརྒྱད་ཡན་བཟུང་བའི་བོད་ཀྱི་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་གལ་ཆེན་ཞིག་རེད། ད་ཕན་ལོ་ཤས་ནང་བོད་ཀྱིས་ཞིང་སྐྱོར་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། གཞི་གྲངས་ལས་མངོན་པར། བོད་ཀྱིས་ལོ་5ཡི་ནང་རིམ་རྩིས་བྱས་ན་ཞིང་སྐྱོར་མ་དངུལ་སྒོར་དུང་ཕྱུར་787བཏང་ནས་ཞིང་འབྲོག་ལས་ཀྱི་རྨང་གཞིའི་གནས་བབ་མངོན་གསལ་དོད་པོས་ལེགས་སུ་བཏང་ཡོད་པ་རེད།

    ད་ཕན་ལོ་ཤས་ནང་བོད་ཀྱི་ནས་དང་། ནོར། གཏེར་ཆུ་སོགས་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་ཕྱིན་ནས་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་ཁྲིད་སྟོན་ནུས་ལྡན་བྱུང་ཡོད་པ་རེད།

    ད་ཕན་ལོ་ཤས་ནང་ནས་ཀྱི་སོན་བཟང་ཁྱབ་གདལ་དང་། ཚད་གཞི་མཐོ་བའི་ཞིང་བཟང་འདེབས་པ། ཞིང་ལས་ཚན་རྩལ་ཞབས་ཞུ་བཅས་འཕེལ་རྒྱས་བྱུང་བ་ལས་བོད་ཀྱི་འབྲུ་རིགས་ཐོན་ཚད་ལོ་བསྟུད་མར་འཕར་བ་སྟེ་ན་ནིང་ཏུན་ཁྲི་བརྒྱ་ལས་ཐོག་མར་བརྒལ་ནས་ཞིང་པའི་འབྲུ་འདེབས་ཧུར་སེམས་འཕེལ་ཡོད། པ་སྣམ་རྫོང་བཅིན་དཀར་གྲོང་ཚོའི་གྲོང་མི་ཟླ་བ་དོན་གྲུབ་ཁྱིམ་གྱིས་ནས་མུའུ་93བཏབ་པ་དང་ན་ནིང་ནས་རྒྱ་མ་ཁྲི་7ལྷག་ཙམ་བསྡུས་པར་ཡོང་འབབ་སྒོར་ཁྲི་བཅུ་ལྷག་ཙམ་བྱུང་ཡོད་པ་རེད།

    ཞིང་འབྲོག་པའི་དངུལ་སྨར་ཡོང་འབབ་མང་དུ་གཏོང་ཆེད་བོད་ཀྱིས་ད་དུང་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་སྒྲིག་འཛུགས་བྱས་ནས་ལས་ཞུགས་གཞན་སྒྱུར་བྱས་ཡོད། བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ད་ཕན་ལོ་ཤས་ནང་བོད་དུ་ལོ་ལྟར་ཞིང་འབྲོག་པ་ཁྲི་60ལྷག་ཙམ་ལས་ཞུགས་གཞན་སྒྱུར་བྱས་པར་ལོ་ལྟར་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་20ལྷག་ཙམ་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་དང་ཡངས་ཤིང་རྒྱ་ཆེ་བའི་ཞིང་འབྲོག་ཁུལ་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། གཞི་གྲངས་ལས་མངོན་པར། “ལོ་ལྔ་ཚན་བཅུ་གཉིས་པའི”རིང“བརྒྱད་དུད་ཞིང་འཛོམས”འདུ་འགོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། སྲིད་འཛིན་གྲོང་ཚོ་5000ཙམ་གྱི་མི་འཚོ་སྡོད་ལ་འཚམ་པའི་ཁོར་ཡུག་འཛུགས་སྐྲུན་དང་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ། ཞིང་འབྲོག་ཁུལ་གྱི་བདེ་འཇགས་འཐུང་ཆུ་དང་གློག་མེད་ས་ཁུལ་གྱི་གློག་གི་གནད་དོན་སྤྱིར་ན་ཐག་གཅོད་བྱས་པ། ཤང་གྲོང་དུ་འོད་སྐུད་ཁྱབ་ཚད་དང་སྦྲག་ཐོག་བསྐུར་བྱ་ཁྱབ་ཚད་དེ་བཞིན་གྲོང་ཚོར་ཁ་པར་ཤར་གཏོང་ཐུབ་ཚད་ཚང་མ་100%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།