དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ལྗོངས་ཀྱི་གནད་སྨིན་དབུལ་སྐྱོར་ཚང་མར་ཁྱབ་པ།

  • ཡོང་ཁུངས།  མི་དམངས་དྲ་བ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2016-02-20

    མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་དང་ཆེས་དབུལ་བའི་ས་ཁུལ་འབའ་ཞིག་ཡིན་པའི་བོད་དུ་མི་འབོར་དབུལ་པོ་ཁྲི་77.7ཡོད་པ་དེས་སྤྱིའི་མི་འབོར་གྱི་23.96%བཟུང་ཡོད། དབུལ་པོའི་ཚད་གཞི་ཚབས་ལྕི་བ་དང་། མི་སྡོད་ཁོར་ཡུག་ཞན་པ། ནད་དང་། གནོད་འཚེ། བུ་ལོན་བཅས་ཀྱིས་རྐྱེན་པས་དབུལ་པོར་འགྱུར་བའི་སྣང་ཚུལ་རྒྱ་ཁྱབ་ཡོད་པས་དབུལ་སྐྱོར་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད།

    “སུ་ལ་དབུལ་སྐྱོར་བྱེད་པ་དང་། སུས་དབུལ་སྐྱོར་བྱེད་པ། ཇི་ལྟར་དབུལ་སྐྱོར་བྱེད་པ”བཅས་ལ་དམིགས་ཏེ་བོད་ཀྱིས་དུད་ཚང་རེ་རེ་བཞིན་མཐིལ་རྟོགས་དང་རྣམ་གྲངས་རེ་རེ་བཞིན་བརྟག་དཔྱད་བྱས་པ་དང་འབྲེལ་གཱ་དང་ཡིག་ཚགས་བཟོས་ཏེ་དབུལ་སྐྱོར་བྱ་ཡུལ་དབྱེ་འབྱེད་བྱས་པ་བརྒྱུད། མི་འབོར་དབུལ་པོའི་འགུལ་རྣམ་གྱི་དོ་དམ་མ་ལག་ཐོག་མར་བཙུགས་ཡོད། 2015ལོའི་ཟླ་7པར་ལྗོངས་ཏང་ཨུད་ཀྱིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི“འགོ་ཁྲིད་ཨང་དང་པོའི”དབུལ་སྐྱོར་བྱེད་པོའི་འགན་འཁྲི་སྔར་བས་ཁ་གསལ་བཟོས་ཏེ“རང་སྐྱོང་ལྗོངས་ཀྱིས་འགན་གཙོ་བོ་ཁུར་བ་དང་། ས་ཁུལ་དང་གྲོང་ཁྱེར་གྱིས་ཐད་ཀར་དོ་དམ་བྱེད་པ། རྫོང་གིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། ཤང་དང་གྲོང་རྡལ་གྱིས་ཆེད་མངགས་ལས་དོན་སྒྲུབ་པ”བཅས་ཀྱི་དབུལ་སྐྱོར་དོ་དམ་སྒྲིག་གཞི་བཙུགས་པ་དང་འབྲེལ་ནོར་སྲིད་ཆེད་དོན་དབུལ་སྐྱོར་མ་དངུལ་གྱི་དོ་དམ་ལམ་སྲོལ་གསར་གཏོད་བྱས་ནས་དབུལ་པོའི་ཚད་གཞི་ཚབས་ལྕི་བ་དང་། དབུལ་པོའི་མི་འབོར་མང་བ། དབུལ་སྒྲོལ་དཀའ་གནད་ཆེ་བ་བཅས་ཀྱི་ས་ཁོངས་སུ་མ་དངུལ་བཏང་ཡོད་པ་རེད།

    དབུལ་པོའི་རིགས་དང་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ། བོད་ཀྱིས“ཁག་གཅིག་ལྔའི”རོགས་སྐྱོར་བྱེད་ཐབས་གཙོ་གནད་ཐོག་ལག་བསྟར་བྱས་པ་སྟེ། ཁག་གཅིག་ལ་ཐོན་སྐྱེད་རོགས་སྐྱོར་བྱས་པ་དང་། ཁག་གཅིག་གནས་སྤོ་བྱས་པ། ཁག་གཅིག་ལ་མ་མཐའི་འཚོ་བའི་འགན་ལེན་སྲིད་ཇུས་ལག་བསྟར་བྱས་པ། ཁག་གཅིག་རྩལ་ནུས་ལས་ཞུགས་ཐུབ་པ་བྱས་པ། ཁག་གཅིག་ལ་དབུལ་སྐྱོར་རོགས་སྐྱོབ་བྱས་པ་བཅས་རེད། 2011ལོའི་ཟླ་བ་10ཚུན། རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཞི་བཏང་ནས་ཏང་ཡོན་ལས་བྱེད་པ་ཁྲི་10ལྷག་ཙམ་གྱིས་ལྗོངས་ཡོངས་ཀྱི་གྲོང་ཚོ་(གྲོང་ལྷན)5463གྱི་དུད་ཚང་དབུལ་པོ་དང“ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་སྤེལ་བ་དང“གཅིག་གཏད་གཅིག”གི་གནད་སྨིན་རོགས་སྐྱོར་བྱས་ནས་མངགས་གཏོང་ཚན་པའི་ལས་བྱེད་ལས་བཟོས་བཅའ་སྡོད་གྲོང་ཚོའི་དུད་ཚང་དབུལ་པོར་རོགས་སྐྱོར་བྱེད་སྟངས་ཚང་མར་ཁྱབ་པས་ཞིང་འབྲོག་མང་ཚོགས་ལ་དངུལ་སྨར་ཡོང་འབབ་སྒོར་དུང་ཕྱུར་15.1བྱུང་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་ལྕང་ར་ཤར་ཤང་གི་བསྟན་འཛིན་གྱིས་རི་མོའི་གསོ་སྦྱོང་འཛིན་གྲྭར་ལོ་གཉིས་སློབ་ཡོན་མི་དགོས་པར་སློབ་སྦྱོང་བྱས་པ་བརྒྱུད། ད་ཆ་རི་མོ་མཁས་པ་ཞིག་ཏུ་གྱུར་ཡོད། “རི་མོ་འབྲི་བའི་རྩལ་ནུས་ཤེས་པས་ཁྱིམ་ཚང་གི་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་འདུག”ཅེས་བསྟན་འཛིན་གྱིས་བཤད། བོད་ཀྱིས“སྦྲང་ཆར་ཟིལ་མའི་འཆར་གཞིའི”སྤུས་རྟགས་སྐྱེད་སྲིང་ཧུར་ཐག་བྱས་ཏེ་ཁྱིམ་ཚང་དབུལ་པོའི་དམའ་རིམ་སློབ་འབྲིང་ཐོན་ནས་སློབ་རིམ་འཕར་མི་ཐུབ་པའི་སློབ་མའི་སློབ་རྒྱུས་གསོ་སྦྱོང་དང་དར་མའི་ངལ་ནུས་ཀྱི་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དབུལ་སྐྱོར་བྱ་ཡུལ་གྱིས་རྩལ་ནུས་ཤེས་པ་དང་། ལས་ཞུགས་ཐུབ་པ། དངུལ་ཡོད་པ་བཅས་བྱ་ཆེད། བོད་ཀྱིས་2015ལོར་རྒྱལ་ཁབ་ཀྱི་ཆེད་དོན་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་16.75བཏང་ནས་རིགས་ཁག་གི་རྣམ་གྲངས་922ལག་བསྟར་བྱས་ཡོད་པ་རེད།

    མིག་སྔར་བོད་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་དེ་སྲིད་ཇུས་ཀྱི་དབུལ་སྐྱོར་དང་། ཆེད་དོན་རྣམ་གྲངས་ཀྱི་དབུལ་སྐྱོར། ལས་རིགས་ཀྱི་དབུལ་སྐྱོར། དངུལ་རྩའི་དངུལ་སྐྱོར། བོད་སྐྱོར་གྱི་དབུལ་སྐྱོར་བཅས་ཕྱོགས་ལྔ་གཞི་གཅིག་དང་སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས་བཅས་ཀྱིས་མཉམ་དུ་སྐུལ་འདེད་གཏོང་བའི་དབུལ་སྐྱོར་གྱི་རྣམ་པ་ཞིག་ཐོག་མར་ཆགས་ཡོད། རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་གི་འགན་འཁུར་མི་སྣས“2020ལོར་སླེབས་སྐབས། གྲོང་གསེབ་ཀྱི་དབུལ་པོའི་མི་འབོར་དབུལ་སྒྲོལ་ཐུབ་པ་དང་རྫོང་དབུལ་པོས་དབུལ་པོའི་ཞྭ་མོ་ཕུད་པའི་དབུལ་སྐྱོར་གྱི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱས་ནས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།