དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ཀྱི་ཚན་རྩལ་གྱིས་ཞིང་འབྲོག་ལས་ཐོན་འཕར་ལ་ལེགས་སྐྱེས་འབུལ་ཚད་45%ཟིན་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-01-28

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཚན་རྩལ་གསར་གཏོད་བྱ་ཤུགས་ཆེ་རུ་བཏང་སྟེ་ཞིང་འབྲོག་ལས་འཕེལ་རྒྱས་མགྱོགས་མྱུར་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་ཁྲིད་སྟོན་བྱས་ཡོད། གྲངས་གཞི་ལས་མངོན་གསལ། བོད་ཀྱི་ཚན་རྩལ་གྱིས་ཞིང་འབྲོག་ལས་ཀྱི་འབབ་འཕར་ལ་ལེགས་སྐྱེས་འབུལ་ཚད་45%ཟིན་ཡོད་པ་རེད།

    “བོད་ནས་ཨང་2000པ”ནི་བོད་ལྗོངས་ཞིང་ལས་ཚན་རྩལ་ཁང་གིས་ལོ་19རིང་ནས་སོན་གསར་པ་འདེམས་གསོ་བྱས་པ་ཞིག་ཡིན་པ་དང་ཆ་སྙོམས་མུའུ་རེ་ནས་ཐོན་འཕར་སྤྱི་རྒྱ་25བྱུང་བས། ལོ་ལྔ་ཙམ་རིང་རིམ་རྩིས་ལྟར་ན་ཁྱོན་རྒྱ་ཁྱོན་མུའུ་ཁྲི་133.5ཁྱབ་གདལ་བཏང་ནས་ཞིང་འབྲོག་པར་འབབ་འཕར་སྒོར་དུང་ཕྱུར་1.5བྱུང་ཡོད།

    བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་གངས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདས་ཟིན་པའི་ལོ་ལྔ་ཡི་རིང་། བོད་ཀྱིས་ནས་འདེབས་གསོ་བྱ་རྒྱ་གཙོ་གནད་དུ་བྱས་ནས་ཞིང་འབྲོག་ལས་ཚན་རྩལ་གསར་གཏོད་བྱ་ཤུགས་ཆེ་རུ་བཏང་སྟེ། རིམ་རྩིས་ལྟར་ན། ཁྱོན་ནོར་སྲིད་མ་དངུལ་སྒོར་ཁྲི་5437བཏང་སྟེ་ནས་དང་། གཟན་རྩྭ། འབྲི་གཡག ལུག བོད་ཕག་སོགས་ཐོན་ལས་ཅན་གྱི་འཕེལ་རྒྱས་ཁྲོད་འགག་རྩའི་ལག་རྩལ་གྱི་འཇུར་མིག་གཙོ་གནད་དུ་ཐག་གཅོད་བྱས་ནས“བོད་ནས་ཨང་2000”པས་ཚབ་མཚོན་བྱས་པའི་ཞིང་ལས་སྐྱེ་དངོས་སྣ་ཁ་16འདེབས་གསོ་བྱས་ཏེ་ཚན་རྩལ་གྱིས་བོད་ཀྱི་ཞིང་འབྲོག་ལས་འབབ་འཕར་ལ་ལེགས་སྐྱེས་འབུལ་ཚད་45%ཟིན་ཡོད་པ་རེད།

    བོད་ལྗོངས་ཞིང་འབྲོག་ཐིང་ཞིང་འབྲོག་ཐོན་ལས་ཁྲུའི་ཁྲུའུ་ཀྲང་ཉི་མས་བོད་ཀྱིས་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རྨང་གཞི་འཛུགས་མགྱོགས་སུ་གཏོང་བ་དང་བསྟུན་ནས་ནས་ཀྱི་ཟས་རིགས་དང་། ཚགས་ཤ། བོད་བྱ། བོད་ཕག་སོགས་ཞིང་འབྲོག་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་ཚད་མགྱོགས་མྱུར་མཐོ་རུ་ཕྱིན་པས། འཛམ་གླིང་དུ་ཕྱོགས་པའི་ས་མཐོའི་ཞིང་འབྲོག་ལས་ཀྱི་སྤུས་རྟགས་ཁག་གཅིག་ཆགས་ནས“ཁེ་ལས་ཀྱི་ཁེ་སྤོགས་འཕར་བ་དང་ཞིང་འབྲོག་པར་ཡོང་འབབ་མང་དུ་སོང་བའི”ཕྱོགས་གཉིས་ལ་ཕན་པ་ཐོབ་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་ཅེས་བཤད།

    ཅིང་ཏུང་ཚོང་རའི་བོད་ལྗོངས་འགྲེམས་ཁང་དྲ་བར་ཞུགས་ཚེ། བེ་ཤ་དང་། ཁ་ཆེ་ཤ་སྐམ། ཚགས་ཤ་སོགས་བོད་ཀྱི་ཞིང་ལས་ཐོན་རྫས་སྣ་ཁ་བརྒྱ་ལྷག་ཙམ་ཡོད་པར་དྲ་དམངས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རོང་སྟོད་གྲོང་རྡལ་གྱི་ཡེ་ཤེས་ལྷ་མོས་ན་ནིང་ཟླ་7པར་ཐའོ་པའོ་དྲ་ཐོག་ཚོང་ཁང་བཙུགས་ནས་ས་ཆ་དེ་གའི་རི་སྐྱེས་ཡུལ་ཟོག་ཐོན་རྫས་ཚོང་གཉེར་བྱེད་ཀྱི་ཡོད། ཁོང་གིས“དེ་སྔ་ཡུལ་ཟོག་ཐོན་རྫས་དེ་རིགས་རྫོང་གྲོང་དུ་ཉོ་ཚོང་བྱེད་པ་དང་ཕྱིར་ཚོང་བྱེད་ཚད་ཀྱང་སྤྱིར་བཏང་ལས་མེད། ལོ་ཕྱེད་ལྷག་ཙམ་གྱི་དུས་ཚོད་ནང་། ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་3ཙམ་བྱུང་བས་བསམ་ཚོད་ལས་ཧ་ཅང་གི་མང་བ་བྱུང”ཞེས་བཤད།

    གྲངས་གཞི་ལས་མངོན་གསལ། 2015ལོར་ཐོ་འགོད་བྱས་པའི་བོད་ལྗོངས་ཀྱི་འཁྲུག་ཆ་དོད་པའི་ཐའོ་པའོ་དྲ་ཐོག་ཚོང་ཁང་1200ལས་བརྒལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།