དབུ་ཤོག>ཞིང་འབྲོག་གསར་པ།
  • 2016ལོར་དངུལ་རྩས“ཞིང་གསུམ”ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་བསམ་འཆར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-27

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་། དབུལ་སྐྱོར། གྲོང་གསེབ་ཀྱི་ལས་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་ལག་བསྟར་མཐར་ཕྱིན་དང་ཕྱོགས་ཡོངས་ནས་ཞིང་ལས་སྤྱི་ཁྱབ་དངུལ་ཁང་གི《སྔར་ལས་ལྷག་པའི་སྒོ་ནས་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ནུས་ཤུགས་ཡོད་རྒུས་དངུལ་རྩའི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར》དོན་འཁྱོལ་དང་། དེ་བཞིན་དངུལ་ཁང་ཡོངས་ཀྱིས་དངུལ་རྩའི“ཞིང་གསུམ”ཞབས་ཞུའི་ལས་དོན་ལེགས་ལ་མྱུར་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཆེད། ལྗོངས་ཡན་ལག་དངུལ་ཁང་ཏང་ཨུད་ཀྱིས་ཞིབ་འཇུག་གཏན་འཁེལ་བྱས་པ་བརྒྱུད། ད་ལྟ་2016ལོར་དངུལ་རྩས“ཞིང་གསུམ”ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར་གཤམ་གསལ།

    གཅིག འཕེལ་རྒྱས་ཀྱི་ཡིད་ཆེས་དང“ཞིང་གསུམ”ཞབས་ཞུའི་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོར་འཁུར་རྒྱུ།

    (གཅིག)རང་རྒྱལ་གྱི“ཞིང་གསུམ”བྱ་གཞག་ལ་ཐོབ་པའི་དགའ་འོས་པའི་གྲུབ་འབྲས་ལ་ངོས་འཛིན་གཏིང་ཟབ་བྱེད་རྒྱུ། “ལོ་ལྔ་ཚན་བཅུ་གཉིས”རིང་ང་ཚོའི་ཏང་གི་རྒྱལ་ཡོངས་མི་རིགས་ཁག་གི་སྣེ་ཁྲིད་མཛད་དེ་སྣེ་མང་རྙོག་འཛིང་ཆེ་ལ་དཀའ་ཚེགས་ཤིན་ཏུ་ཆེ་བའི“ཞིང་གསུམ”ལས་དོན་ལ་དམིགས་ནས་བློ་བརྟན་ཡར་བརྩོན་དང་དཀའ་གནད་འགག་སྒྲོལ་གྱིས་ནུས་ཤུགས་ཡོད་རྒུས“ཞིང་གསུམ”བྱ་གཞག་གི་འཕེལ་རྒྱས་རྣམ་པ་གསར་པ་གཏོད་ཡོད་ལ། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་རྒྱུན་ཆད་མེད་པར“ཞིང་གསུམ”འཕེལ་རྒྱས་བཏང་བ་དང་། “ཞིང་གསུམ”གྱི་ཁྲོམ་རའི་གསོན་ཤུགས་ལ་སྐུལ་སློང་བཏང་བ། “ཞིང་གསུམ”གྱི་གཞི་རྒྱ་དང་སྤུས་ཚད་མཐོ་རུ་བཏང་བ་བཅས་ཚན་རིག་དང་མཐུན་པའི་བསམ་བློ་དང་འཐབ་ཇུས་ཀྱི་མ་ལག་གསར་པ་ཆ་ཚང་ཞིག་བསྐྲུན་ཡོད་པས“གྲོང་གསེབ་དེ་བས་མཛེས་པ་དང་། ཞིང་པ་དེ་བས་སྟོབས་འབྱོར་ལྡན་པ། ཞིང་ལས་དེ་བས་སྟོབས་ཤུགས་ཆེ་བ”བཅས་ཀྱི་འཛུགས་སྐྲུན་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་ལ། རང་ལྗོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། རྨང་གཞིའི་སྒྲིག་བཀོད། དམངས་འཚོ་འགན་ལེན། སྣོད་བཅུད་སྲུང་སྐྱོང་། སྒྱུར་བཅོས་སྒོ་དབྱེ་སོགས་ཀྱི་ཐད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཤུགས་སྣོན་གཏིང་ཟབ་ཐེབས་ཡོད་པས། ང་ཚོ“ལོ་ལྔ་ཚན་བཅུ་གསུམ”ནང་བདེ་བླག་ངང་བསྐྱོད་རྒྱུར་རྨང་གཞི་སྲ་བརྟན་བཏིང་ཡོད།

    (གཉིས)རང་ལྗོངས་ཀྱི“ཞིང་གསུམ”འཕེལ་རྒྱས་གཏོང་རྒྱུའི་གོ་སྐབས་དང་འཐབ་རྩོད་ལ་ངོས་འཛིན་གཏིང་ཟབ་བྱེད་རྒྱུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པས་བཏོན་པའི“ངེས་པར་དུ་དྲུག”གི་བོད་སྐྱོང་འཐབ་ཇུས་དང“ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང”བཅས་ཀྱི་གལ་ཆེའི་རྩ་དོན་དང་། སྔར་ལས་ལྷག་པའི་སྒོ་ནས་རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་དང་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་པས། རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་གསོན་ཤུགས་གསར་པ་གསོ་འཕེལ་ལེགས་སྒྲུབ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད་ལ། “ཞིང་གསུམ”ལ་རོགས་འདེགས་ཀྱི་དངོས་དོན་རང་བཞིན་གྱི་སྲིད་ཇུས་མང་དག་རྒྱུན་ཆད་མེད་པར་བཏོན་པ་བཅས་རང་ལྗོངས་ཀྱི“ཞིང་གསུམ”བྱ་གཞག་འཕེལ་རྒྱས་ཡོང་ཆེད་གོ་སྐབས་བཟང་པོ་བསྐྲུན་ཡོད། 2015ལོར་དངུལ་རྩའི་མ་ལག་གི་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུའི་བཞུགས་མོལ་ཚོགས་འདུ་རྒྱལ་ཁའི་ངང་བསྐོང་འཚོགས་བྱས་པས་བོད་ཀྱི་དངུལ་རྩའི་ལས་རིགས་ཀྱི་དངུལ་རྩའི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་ལྷག་པར་དུ་དངུལ་རྩས་དམངས་ཕན་དང་དབུལ་སྐྱོར་འགག་སྒྲོལ་ལས་དོན་ཐད་རོགས་འདེད་བྱེད་ཆེད་འཐབ་ཇུས་ཀྱི་ཁ་ཕྱོགས་དང་འཕེལ་རྒྱས་ཀྱི་ལམ་བུ་གསལ་སྟོན་བྱས་ཡོད། འོན་ཀྱང་མིག་སྔར“ཞིང་གསུམ”འཕེལ་རྒྱས་གཏོང་ཐབས་རགས་ཙམ་དང་། ས་ཁོངས་ཀྱི་འཕེལ་རྒྱས་དོ་མི་སྙོམས་པ། དངུལ་རྩ་མཁོ་འདོན་ཆ་མི་སྙོམས་པ། སྤྱི་པའི་ཞབས་ཞུའི་ནུས་ཤུགས་མི་འདང་བ་སོགས་དངོས་ཡོད་གནས་ཚུལ་བཅས་ཞིང་གསུམ”ལས་དོན་ལ་འཕྲད་པའི་དཀའ་ངལ་དང་འཐབ་རྩོད་སྔར་བཞིན་ནན་པོ་ཡིན་པ་མཐོང་དགོས་ལ་དེ་བས་ཀྱང་དཀའ་སྤྱད་འབད་འཐབ་བྱེད་དགོས།

    (གསུམ)དངུལ་རྩས“ཞིང་གསུམ”ཞབས་ཞུའི་སྲིད་ཇུས་ཀྱི་རྩོལ་ནུས་དང་ཆབ་སྲིད་ཀྱི་ལས་འགན་བརྟན་པོར་བསྲུང་རྒྱུ། ཞིང་ལས་དངུལ་ཁང་ནི་གཞུང་ཁོངས་མ་རྐང་ལམ་ལུགས་ཀྱི་ཚོང་ལས་དངུལ་ཁང་ཆེ་གྲས་ཞིག་གི་ངོས་ནས་ལྗོངས་ཡོངས་སུ་ལས་ཚིགས་ཁག་གྲོང་ཁྱེར་དང་གྲོང་གསེབ་ཚང་མར་ཁྱབ་པའི་དངུལ་རྩའི་སྒྲིག་གཞི་གཅིག་པུ་དེ་ཡིན་པས། དངུལ་རྩས“ཞིང་གསུམ”ཞབས་ཞུའི་གལ་ཆེའི་ལས་འགན་འཁུར་བཞིན་ཡོད་པའི་ཐོག་ནས་རྒྱལ་ཁབ་ཀྱི་འདོད་འདུན་དང་སྤྱི་ཚོགས་ཀྱི་དགོས་མཁོ་མངོན་གྱི་ཡོད་པས་སྲིད་ཇུས་ཀྱི་རྩོལ་ནུས་དང་ཆབ་སྲིད་ཀྱི་ལས་འགན་ཉིས་བརྩེགས་ཀྱི་གནས་བབ་ལྡན་ཡོད། དངུལ་ཁང་གོང་འོག་ཚང་མས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་དོན་ལ་ཕྱོགས་ཏེ་རྒྱུན་ཆད་མེད་པར་འགན་འཁྲི་དང་ལས་འགན་གྱི་འདུ་ཤེས་གཏིང་ཟབ་ཏུ་གཏོང་རྒྱུ་དང“ལོ་ལྔ་ཚན་བཅུ་གསུམ”རིང་གི་རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་ལྟ་བ་དང་། བསམ་ཕྱོགས། དམིགས་ཚད་དང་བྱ་ཐབས་གསར་པ་བཅས་ལ་དམ་པོར་གཞིགས་ཏེ་དངུལ་རྩས་མཐའ་སྲུང་གི་འགན་འཁྲི་ལག་བསྟར་དང་ཐབས་ལམ་དང་ཐོན་རྫས་གསར་གཏོད་ཡག་པོ་བྱེད་རྒྱུ་དང“ཅན་བཞི”མཉམ་འགྲོས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་བཅས་བཏང་ནས་ཞིང་འབྲོག་ཁུལ་འཆམ་མཐུན་བརྟན་ལྷིང་དང་། ཞིང་འབྲོག་མང་ཚོགས་དབུལ་གྲོལ་ཕྱུག་གྱུར། ཞིང་འབྲོག་ལས་ཐོན་འཕར་འབབ་འཕར་ཡོང་རྒྱུར་རོགས་འདེགས་བཅས་དངུལ་རྩའི“ཞིང་གསུམ”ཞབས་ཞུའི་སྒྲིག་སྲོལ“སྲ་བརྟན”དང་ལམ་སྲོལ“གསོན་ཤུགས”ལྡན་པ་བྱས་ཏེ་ཁོངས་ཡོངས་སྒྲིག་གཞི་ཁག་གིས་སྔར་ལས་ལྷག་པའི་སྒོ་ནས་དངུལ་རྩས“ཞིང་གསུམ”ཞབས་ཞུའི་ཕྱོགས་བསྡུས་ནུས་པ་ཤུགས་ཆེར་གཏོང་རྒྱུར་མཛུབ་སྟོན་སྐུལ་འདེད་བྱས་ཡོད།

    གཉིས། སྤྱིའི་བླང་བྱ་ཁ་གསལ་གྱིས་དམིགས་ཚད་ཀྱི་ལས་འགན་ཁག་ལེགས་སྒྲུབ་བྱ་རྒྱུ།

    (བཞི)སྤྱིའི་བླང་བྱ་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་། དབུལ་སྐྱོར། གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་འཁྱོལ་ཡག་པོ། སྤྱི་ཁྱབ་དངུལ་ཁང་གི་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུའི་སྲིད་ཇུས་དོན་ཚན་བཅོ་བརྒྱད་དང་། རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ”གྱི་འཆར་འགོད་གྲོས་གཞི་དང་དེ་བཞིན་དངུལ་ཁང་ཡོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ”གྱི་འཆར་འགོད་མཛུབ་སྟོན་དུ་བྱས་ནས“བརྟན་ཁྲོད་མྱུར་བརྩོན་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས”ཀྱི་ལས་ཀའི་དགོངས་གཞིར་གཞིགས་ཏེ“སྲིད་ཇུས་ཀྱི་སྣེ་ཁྲིད་དང་། འདེད་འགུལ་གསར་གཏོད། ཞབས་ཞུ་གཏིང་ཟབ། འཕེལ་རྒྱས་མཐུན་སྦྱོར”བཅས་ཀྱི་བསམ་ཕྱོགས་ཁོང་ཆུད་བྱེད་རྒྱུ་དང་། “ཁྲོམ་རའི་བཟུང་ཚད་ཨང་དང་པོ་དང་། ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ། ཞབས་ཞུའི་འགན་འཁྲི་ཨང་དང་པོ”བཅས་ཀྱི་བླང་བྱ་རྒྱུན་འཁྱོངས་བྱེད་པའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཛུགས་རྒྱུ་དང་། ང་ཚོའི་དངུལ་ཁང་གི་ཕྱོགས་བསྡུས་ཞབས་ཞུའི་ལེགས་བྱ་འདོན་སྤེལ་བྱེད་རྒྱུ། དམངས་ཕན་ཞབས་ཞུ་གཏིང་ཟབ་གཏོང་རྒྱུ། དངུལ་རྩའི་ཐོན་རྫས་གསར་གཏོད། ཐབས་ལམ་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན། གཉེར་སྐྱོང་དོ་དམ་ལ་ཤུགས་སྣོན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་རྒྱ་ཁྱབ་དང་སྲ་བརྟན་གཏོང་རྒྱུ་བཅས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ”གྱི་འགོ་ཡག་པོ་ཞིག་འཛུགས་རྒྱུ་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་བཅས་ཡིན།

    (ལྔ)གཙོ་བོའི་དམིགས་ཚད།

    —— ཞབས་ཞུའི་ཐབས་ལམ་གང་མགྱོགས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ། དངུལ་རྩའི་སྒྲིག་གཞི་མེད་པའི་ཤང་གྲོང་རྡལ་ལ་དངོས་ལྡན་ལས་ཚིགས་གསར་པ་དང་ཞིང་གསུམ་དངུལ་རྩའི་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་ཡག་པོ་བྱེད་རྒྱུ། དེའི་ནང་ལོ་ཧྲིལ་པོའི་འཆར་གཞིར་ཤང་གྲོང་རྡལ་དུ་ལས་གཉེར་སོའོ་10གསར་སྐྲུན་བྱེད་རྒྱུ་དང་། རྫོང་མན་ལ་རང་རོགས་སྒྲིག་ཆས་150གསར་སྣོན་བྱེད་རྒྱུ། ཞིང་གསུམ་དངུལ་རྩའི་ཞབས་ཞུའི་ས་ཚིགས་1300ཡན་གསར་སྣོན་བྱེད་རྒྱུ་བཅས“གསུམ་ཤར་གཏོང”གི་ཆ་རྐྱེན་འཛོམས་པའི་སྲིད་འཛིན་གྲོང་ཚོ་ཚང་མར་ཁྱབ་པ་བྱེད་རྒྱུ།

    —— ཞིང་འབྲེལ་དངུལ་བུན་འཕར་སྣོན་བརྟན་བརླིང་རྒྱུན་འཁྱོངས་ཐུབ་པ་བྱེད་རྒྱུ། ལོ་ཧྲིལ་པོའི་འཆར་གཞིར་རིམ་རྩིས་ཞིང་འབྲེལ་དངུལ་བུན་སྒོར་དུང་ཕྱུར་200གཏོང་འཇོག་བྱེད་རྒྱུ་དང་། ཞིང་འབྲེལ་དངུལ་བུན་དངོས་འཕར་སྒོར་དུང་ཕྱུར་70ཡན་ཟིན་པ་བྱེད་རྒྱུ། ཞིང་འབྲོག་ཁུལ་གྱི་ཁང་པ་ཉོ་སྐྲུན་གྱི་དངུལ་བུན་གསར་འཕར་སྒོར་དུང་ཕྱུར་8ཡན་ཟིན་པ་བྱེད་རྒྱུ།

    —— རྫོང་ཁོངས་ཀྱི་བཅོལ་དངུལ་འཕར་སྣོན་བརྟན་བརླིང་རྒྱུན་འཁྱོངས་ཐུབ་པ་བྱེད་རྒྱུ། འཆར་གཞི་ལྟར་ན་རྫོང་ཁོངས་བཅོལ་དངུལ་ཁག་གསར་འཕར་སྒོར་དུང་ཕྱུར་150ཡན་ཟིན་པ་བྱེད་རྒྱུ་དང་དེའི་ནང་རྗོང་ཁོངས་སྒེར་གྱི་བཅོལ་དངུལ་གསར་འཕར་སྒོར་དུང་ཕྱུར་30ཟིན་པ་བྱེད་རྒྱུ།

    —— དངོས་ཚན་དཔལ་འབྱོར་སྒྲིག་འཛུགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ལོ་ཧྲིལ་པོའི་འཆར་གཞིར་དབུལ་སྐྱོར་སྣེ་འདྲེན་ཁེ་ལས་7དང་། ཞིང་འབྲོག་ལས་ཐོན་ལས་ཅན་སྣེ་འདྲེན་ཁེ་ལས་14 ཞིང་འབྲོག་ཁུལ་གྱི་མཉམ་ལས་དཔལ་འབྱོར་རྩ་འཛུགས་100བཅས་ལ་རོགས་སྐྱོར་བྱེད་རྒྱུ།

    —— ཞིང་འབྲེལ་གྱི་ནོར་སྲིད་ཐད་གསབ་མ་དངུལ་ཚབ་གཉེར་གཏོང་སྤྲོད་བྱེད་རྒྱུའི་ཐབས་ལམ་འཐུས་ཚང་འཛུགས་རྒྱུ། ལོ་ཧྲིལ་པོའི་ནང་ཞིང་ཕན་ICགཱ་ཁྲི་10 གསར་སྤྲོད་བྱེད་རྒྱུ་དང་བསྡོམས་འབོར་ཁྲི་30ཡན་ཟིན་པ་བྱེད་རྒྱུ། ཞིང་ཕན་སྡུད་ཐིག་གཱ་གསོག་ཚད་ཀྱི་བརྗེ་པོ་རྒྱག་ཚད་བརྒྱ་ཆ་50ཡན་ཟིན་པ་བྱེད་རྒྱུ། ཞིང་འབྲེལ་གྱི་ནོར་སྲིད་ཐད་གསབ་མ་དངུལ་ཚབ་གཉེར་གྱི་ལས་སྒོ་རྒྱ་ཁྱབ་དང་སྲ་བརྟན་གཏོང་རྒྱུ་དང་སྲིད་གཞུང་ནས་ཞིང་འབྲོག་དུད་ཚང་བར་གྱི་ཐད་གསབ་མ་དངུལ་གཏོང་སྤྲོད་ཀྱི་ལྗང་མདོག་ཐབས་ལམ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ།

    —— གོ་རིམ་ལྡན་པའི་སྒོ་ནས་རྫོང་ཁོངས་ཡིད་རྟོན་མ་ལག་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ། ཡིད་རྟོན་རྫོང་དང་། ཤང(གྲོང་རྡལ)གྲོང་ཚོ་བཅས་རིམ་གསུམ་ཡིད་རྟོན་ཁོར་ཡུག་འཛུགས་སྐྱོང་གཏིང་ཟབ་དང་འཐུས་ཚང་གཏོང་རྒྱུ་དང་ས་གནས་དེ་གའི་སྲིད་གཞུང་དང་མི་དམངས་དངུལ་ཁང་ལ་གཞོགས་འདེགས་ཧུར་ཐག་གིས་ཞིང་འབྲོག་ཁུལ་གྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལས་འགུལ་སྤེལ་ཏེ་རྗོང་ཁོངས་ཀྱི་དངུལ་རྩའི་སྣོད་བཅུད་ཁོར་ཡུག་མཉམ་སྐྲུན་བྱེད་རྒྱུ། དེའི་ནང་ལོ་ཧྲིལ་པོར་ཡིད་རྟོན་རྫོང་གསར་པ་10དཔྱད་འདེམས་བྱེད་རྒྱུ་དང་ལོ་མཇུག་ལ་35ཡན་ཟིན་པ་བྱེད་རྒྱུ་དང་། ཡིད་རྟོན་ཤང་དང་གྲོང་རྡལ་80གསར་འཕར་ཡོང་བ་བྱེད་རྒྱུ་དང་ལོ་མཇུག་ལ་450ཡན་ཟིན་པ་བྱེད་རྒྱུ། ཡིད་རྟོན་གྲོང་ཚོ་གསར་པ་200དཔྱད་འདེམས་བྱེད་རྒྱུ་དང་ལོ་མཇུག་ལ་4500ཡན་ཟིན་པ་བྱེད་རྒྱུ་བཅས་ཀྱི་འཆར་གཞི་ཡོད།

    —— ཉེན་ཟོན་ཉེན་འགོག་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ། ལས་བཟོའི་སྲོལ་མཐུན་འདུ་ཤེས་དང་ཉེན་ཟོན་ཉེན་འགོག་འདུ་ཤེས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་དང་། ཉེན་ཁའི་དོན་རྐྱེན་ཁག་ལ་སྔོན་འགོག་མུ་མཐུད་བྱས་ནས་དངུལ་ཁང་ཡོངས་ཀྱི་ཞིང་འབྲེལ་དངུལ་བུན་གྱི་ཉེན་བུན་གྱི་བཟུང་ཚད་བརྒྱ་ཆ་1.5ཡི་ནང་མུ་མཐུད་ཚོད་འཛིན་ཐུབ་པ་བྱེད་རྒྱུ་དང་ལོ་དེ་གའི་དུས་བཀག་ཟིན་པའི་དངུལ་བུན་ཚུར་བསྡུ་ཚད་བརྒྱ་ཆ་98ཡན་རྒྱུན་སྲུང་ཐུབ་པ་བྱེད་རྒྱུ།

    གསུམ། སྲིད་ཇུས་ཀྱི་ཁྲིད་སྟོན་འབུར་དུ་ཐོན་པ་བྱས་ནས་རང་ལྗོངས་ཀྱི་དམངས་ཕན་དངུལ་རྩའི་སྲིད་ཇུས་དོན་འཁྱོལ་ནུས་ལྡན་འགན་སྲུང་བྱ་རྒྱུ།

    (དྲུག)སྲིད་ཇུས་ཀྱི་ཁྲིད་སྟོན་འཐུས་ཚང་གཏོང་རྒྱུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་དངུལ་རྩའི་མ་ལག་གི་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུའི་བཞུགས་མོལ་ཚོགས་འདུ། རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ”རིང་གི་དམངས་ཕན་དངུལ་རྩའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་དང་ནུས་ལྡན་གྱི་སྒོ་ནས་ཀྲུང་དབྱང་དང་། སྤྱི་ཁྱབ་དངུལ་ཁང་། རང་སྐྱོང་ལྗོངས་ཀྱི“ཞིང་གསུམ”འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ཁག་བརྒྱུད་འདྲེན་ལག་བསྟར་དང་རིག་པའི་གཞུང་ལུགས་དང་དོན་དངོས་གཉིས་ཟུང་འབྲེལ་རྒྱུན་འཁྱོངས་ཀྱིས་སྤྱི་ཁྱབ་དངུལ་ཁང་དང་རང་སྐྱོང་ལྗོངས་ཀྱི་བྱ་ཐབས་སྲིད་ཇུས་ཀྱི་སྤྱི་ཁོག་སྒྲོམ་གཞིའི་རྨང་གཞིའི་ཐོག་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་ཀྱི་འཕེལ་རྒྱས་འདུ་ཤེས་ལ་གཞིགས་ནས་དངུལ་ཁང་ཡོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ”གྱི་ལས་དོན་གྱི་དམིགས་ཚད་ལས་འགན་དང་། སྤྱིའི་བླང་བྱ། ལས་དོན་གྱི་བྱ་ཐབས་བཅས་འཆར་འགོད་བྱས་ཏེ་དངུལ་རྩའི“ཞིང་གསུམ”ཞབས་ཞུའི་བྱ་གཞག་ཁག་ཡང་དག་གི་འགྲོ་ལམ་ཐོག་མདུན་སྐྱོད་འགན་སྲུང་ཐུབ་པ་བྱེད་རྒྱུ།

    (བདུན)ཡིད་བུན་གཏོང་འཇོག་དང་གཙོ་གནད་ཁ་གསལ་བྱེད་རྒྱུ། བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་དགོས་མཁོ་གཞིར་བཟུང་བ་དང་ཉེན་ཟོན་ཉེན་འགོག་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག སྔོན་ལ“ཞིང་གསུམ”ཁྱབ་ཁོངས་ཀྱི་ཡིད་བུན་མ་དངུལ་གྱི་དགོས་མཁོ་བསྐང་རྒྱུ། འགྲིམ་འགྲུལ་དང་། ནུས་པའི་འབྱུང་ཁུངས། ཆུ་བེད། ཁོར་ཡུག འཕྲིན་གཏོང་དང་གྲོང་ཁྱེར་གྱི་རྨང་གཞིའི་འཛུགས་སྐྲུན་གྱི་རྣམ་གྲངས། རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ”གྱི་འཆར་འགོད་གཙོ་གནད་རྣམ་གྲངས་སོགས་ཀྱི་མ་དངུལ་དགོས་མཁོ་འགན་ལེན་བྱེད་རྒྱུ་དང་། “ཞིང་གསུམ”གྱི་གཙོ་གནད་རྣམ་གྲངས་ལས་རིགས་ཀྱི་སྤྱོད་དུད་ཀྱི་ཆོག་འཐུས་ཆ་རྐྱེན་དམའ་རུ་གཏོང་རྒྱུ་དང་ཁྱད་ལྡན་ལེགས་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་གྱིས་ལེགས་ཆ་ལྡན་པའི་ཞིང་འབྲོག་ལས་དང་། འཐུང་ཆུ། ཡུལ་སྐོར། སྐྱེ་དངོས། བོད་སྨན། རིག་གནས་ཐོན་ལས། མི་རིགས་ལག་ཤེས་བཟོ་ལས། དཔེ་གསར་བཟོ་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་རྒྱུ། རྫོང་ཁོངས་ཡུལ་སྐོར་གསར་སྤེལ་གྱི་འཛུགས་སྐྲུན་རྣམ་གྲངས་ལ་ཁྱད་པར་ཅན་གྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་རྒྱུ། རྫོང་ཁོངས་ཀྱི་ཁེ་ལས་ཆུང་ཕྲན་དང་། དམངས་འཚོའི་དངུལ་རྩ། དངུལ་རྩའི་དབུལ་སྐྱོར་ལ་ཡིད་བུན་མ་དངུལ་གྱི་རྒྱབ་སྐྱོར་མུ་མཐུད་བྱེད་རྒྱུ། སྔར་ལས་ལྷག་པའི་སྒོ་ནས“ཕ་ལམ་དང་། གསེར། དངུལ། ཟངས”བཅས་གཱ་བཞི་ཡི་གྲངས་ཉུང་ཡིད་རྟོན་དངུལ་བུན་བེད་སྤྱོད་གང་ལེགས་དང“གསེར་སྙེའི་ནོར་སྲིད་འགན་ལེན་ཞིང་ཕན་དངུལ་བུན”སོགས་ཞིང་དུད་ཡིད་བུན་ཐོན་རྫས་གསར་གཏོད་དང་ཁྱབ་སྤེལ་བཏང་ནས་ཞིང་འབྲོག་དུད་ཚང་གི་མ་དངུལ་བསྡུ་རྒྱུག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་རྒྱུ།

    (བརྒྱད)སྲིད་ཇུས་ཀྱི་ཐོན་ཁུངས་འགན་ལེན་ཡོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གཙོ་གནད་རྫོང་དུ་ཉིང་ལག་དངུལ་ཁང་འཛུགས་སྐྱོང་བྱེད་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་དང་། མཐའ་མཚམས་ལུང་ཁུག་ས་ཁུལ་གྱི་གཞི་རིམ་དངུལ་ཁང་ལ་གླ་ཕོགས་དང་འགྲོ་གྲོན་སོགས་འཐབ་ཇུས་ཐོན་ཁུངས་བཀོད་སྒྲིག་བྱེད་རྒྱུའི་ཐད་ཕྱོགས་ལྷུང་བྱེད་རྒྱུ། ལས་བྱེད་གསོ་སྐྱོང་དང་། ལས་བཟོ་གསོ་སྦྱོང་། མི་ཆོས་རིང་ལུགས་ཀྱི་སེམས་ཁུར་སོགས་ཐད་སྔར་ལས་ལྷག་པའི་སྒོ་ནས་ཞིབ་ཕྲའི་བྱ་ཐབས་འདོན་རྒྱུ་དང་ལམ་སྲོལ་གྱི་བྱ་ཐབས་འཐུས་ཚང་གཏོང་རྒྱུ། སྔར་ལས་ལྷག་པའི་སྒོ་ནས་འཐབ་ས་དང་པོའི་དཔུང་ཁག་གི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་དང་གསར་དུ་བསྡུས་པའི་ལས་བཟོ་བརྒྱ་ཆ་80ཡན་ཞིང་འབྲོག་ཁུལ་གྱི་གཞི་རིམ་ལས་གཉེར་སྒྲིག་གཞིར་གསབ་སྣོན་བྱེད་རྒྱུ་དང་། “ཞིང་གསུམ”གྱི་དམིགས་བསལ་ནོར་དོན་སྔོན་རྩིས་སྲིད་ཇུས་ལག་བསྟར་བྱ་རྒྱུ་དང་རིམ་ཁག་གཞི་རིམ་སྒྲིག་གཞིར་ནོར་དོན་གཏོང་འཇོག་བྱེད་ཤུགས་ཆེ་རུ་བཏང་སྟེ་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ། གཏན་འཇགས་མ་རྩ་འཛུགས་སྐུན་བྱེད་རྒྱུར་གཏོང་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་ལ་རྫོང་རིམ་པ་མན་གྱི་ལས་གཉེར་སྒྲིག་གཞིའི་ལས་གཉེར་སྤྱོད་ཁང་དང་ལས་བཟོའི་འཁོར་རྒྱུག་ཁང་པ་འཛུགས་སྐྲུན་འགན་ལེན་ཐུབ་པ་བྱེད་རྒྱུ་དང་འཁོར་རྒྱུག་ཁང་པའི་བཟོ་སྐྲུན་གྱི་ཚད་གཞི་བརྒྱ་ཆ་30ལས་བརྒལ་མི་ཆོག་པའི་འགྱུར་ཚད་གཞིར་བཟུང་འོས་འཚམ་གྱི་མཐོ་རུ་གཏོང་རྒྱུ་མ་ཟད་གཏན་འཇགས་མ་རྩའི་རྙིང་འགྱུར་རིན་གཅོག་བྱེད་རྒྱུའི་ལོ་ཚད་འོས་འཚམ་གྱི་དམའ་རུ་གཏོང་རྒྱུ། ལས་ཚིགས་ཀྱི་ཞབས་ཞུའི་ཐབས་ལམ་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་རྒྱུ་དང་གཞི་རིམ་ལས་ཚིགས་འཛུགས་སྐྲུན་གྱི་མ་དངུལ་གཏོང་འཇོག་གྲངས་ཚང་འགན་ལེན་བྱེད་རྒྱུ་མ་ཟད་གསར་འཛུགས་ཚང་མར་སྒོར་ཁྲི་1000ཀྱི་ཚོང་གཉེར་འཁོར་རྒྱུག་མ་རྩ་གཏོང་སྤྲོད་བྱས་ཏེ་ལས་སྒོ་འཕེལ་རྒྱས་འགན་ལེན་ཡོང་རྒྱུའི་ཐོག་སྤྱོད་རྒྱུ།

    བཞི། གསར་གཏོད་ཀྱི་འགུལ་ཤུགས་ཤུགས་ཆེར་བཏང་ནས་ཐོན་རྫས་དང་ཞབས་ཞུའི་ཐབས་ལམ་འཛུགས་སྐྱོང་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་རྒྱུ།

    (དགུ)ཞིང་དུད་དངུལ་རྩའི་ཐོན་རྫས་གསར་གཏོད་བྱ་རྒྱུ། “ཕ་ལམ་དང་། གསེར། དངུལ། ཟངས”བཅས་གཱ་བཞིའི་ཡིད་བུན་ཐོན་རྫས་མུ་མཐུད་ཡག་པོ་སྤེལ་རྒྱུའི་རྨང་གཞིའི་སྟེང“དུད་ཚང་རྒྱ་ཁྱབ་དང་། རིམ་པ་སྤོར་རྒྱུ། དངུལ་གྲངས་སྤོར་རྒྱུ”བཅས་བརྒྱུད་ཞིང་དུད་ཡིད་རྟོན་དངུལ་བུན་གྱི་བདག་སྤྲོད་དང་། ཞིབ་བཤེར། གཏོང་སྤྲོད་བཅས་ཀྱི་ལས་དོན་མགྱོགས་སུ་གཏོང་རྒྱུ་དང་དངུལ་བུན་གྱི་དུས་ཚད་སྟབས་བསྟུན་གཏན་འཁེལ་དང་མ་དངུལ་བསྡུ་རྒྱུག་གི་དགོས་མཁོ་སྒྲིག་སྦྱོར་ལུགས་མཐུན་བྱས་ཏེ་ཞིབ་བཤེར་མཆན་འགོད་ཀྱི་ནུས་ཚད་མཐོ་རུ་གཏོང་རྒྱུ། རིམ་ཁག་དངུལ་ཁང་གིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བརྟག་ཞིབ་ལས་དོན་སྤེལ་ཏེ“གཱ་བཞི”ཡི་གྲངས་ཉུང་ཡིད་བུན་ཐོན་རྫས་ཀྱི་ཁྱད་པར་ལྡན་པའི་བེད་སྤྱོད་འཚོལ་ཞིབ་བྱེད་དགོས་པ་དང་ཡིད་སྤྲོད་འབོར་ཚད་སྐབས་ཐོག་མཐོ་རུ་གཏོང་དགོས་པ་དང་ཐོན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་གྱི་ལས་དོན་གང་མགྱོགས་བསྒྲུབས་ཏེ“གསེར་སྙེའི་ནོར་སྲིད་འགན་ལེན་ཞིང་ཕན་དངུལ་བུན”ལ་རིག་པས་ཁུངས་སྐྱེལ་དང་ཚོད་སྤེལ་ལས་དོན་དོན་འཁྱོལ་བྱས་ནས“ཕ་ལམ་དང་། གསེར། དངུལ། ཟངས”བཅས་བཞི་དང་ཕན་ཚུན་གསབ་རེས་ལྡན་པའི་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་དུད་དངུལ་རྩའི་ཐོན་རྫས་གསར་གཏོད་བྱེད་རྒྱུ་དང་དངུལ་ཁང་དང་སྲིད་གཞུང་མཉམ་ལས་ཀྱི་ཁག་ཐེག་རྣམ་པའི་ཐོག་ནས་ཞིང་འབྲོག་མང་ཚོགས་ཀྱི་སྒོར་ཁྲི་20ནས་སྒོར་ཁྲི་100དབར་གྱི་འབྲིང་རིམ་འབོར་ཚད་ཀྱི་དངུལ་རྩའི་དགོས་མཁོ་བསྐང་རྒྱུ་དང་། དཔེ་གསར་གྱི་ཡིད་བུན་ཐོན་རྫས་ཚོད་ལྟ་བྱེད་ཁུལ་དུ་གཏོང་འཇོག་བེད་སྤྱོད་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ནུས་ཤུགས་ཡོད་རྒུས་ཆུ་ཤུར་རྫོང་རྒྱལ་ཁབ་རིམ་པའི་གྲོང་གསེབ་སྒྱུར་བཅོས་ཚོད་ལྟ་བྱེད་ཁུལ་དང་པ་སྣམ་རྫོང་སོགས་རང་སྐྱོང་ལྗོངས་རིམ་པའི་གྲོང་གསེབ་སྒྱུར་བཅོས་ཚོད་ལྟ་བྱེད་ཁུལ་4གསར་གཏོད་ཀྱི་ལས་སྟེགས་ལ་རྒྱབ་སྐྱོར་བྱེད་རྒྱུ། ས་ཁོངས་ཁག་གི་ནོར་ཁྲལ་དང་། ས་ཞིང་། སྲིད་གཞུང་གི་ཡིད་སྣོན་སོགས་ཕྱོགས་ལྷུང་སྲིད་ཇུས་གཞིར་བཟུང་ད་ཡོད་ཀྱི་དངུལ་རྩའི་ཐོན་རྫས་གསར་འཕེལ་དང་ས་ཁོངས་ཅན་དུ་སྒྱུར་བཅོས་འོས་འཚམ་བྱེད་ཆོག གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་བྱེད་དབང་དང་རྩ་ར་འགན་གཙང་གཉེར་སྐྱོང་བྱེད་དབང་གཏའ་འཇོག་དངུལ་བུན་དང་། ཞིང་པའི་སྡོད་ཁང་གཏའ་འཇོག་དངུལ་བུན་བཅས་ལས་སྒོ་གསར་གཏོད་ཁྱབ་གདལ་ཧུར་ཐག་གཏོང་རྒྱུ། གྲོང་གསེབ་ཀྱི་མཉམ་ལས་རྩ་འཛུགས་ལ་ཆེད་གཏོགས་ཀྱི་ཡིད་བུན་ཐོན་རྫས་གསར་གཏོད་དང་སྤྱི་ཁྱབ་དངུལ་ཁང་གི་ཞིང་དུད་དང་རྫོང་ཁོངས་ཁེ་ལས་ཆུང་ཕྲན་གྱི་ཡིད་བུན་གྱི་འབྲེལ་ཡོད་དོ་དམ་བྱ་ཐབས་སྡེབ་སྒྲིག་བྱེད་རྒྱུ། 《ཀྲུང་གོ་ཞིང་ལས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གི་ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་དངུལ་བུན་དོ་དམ་བྱ་ཐབས》འདོན་རྒྱུ་དང་ཆེད་གཏོགས་ཅན་ཐོན་རྫས་ཀྱིས་ཞིང་འབྲོག་ཁུལ་གྱི་ཆེད་ལས་མཉམ་ལས་རྩ་འཛུཌ་གཞི་ཁྱོན་ཅན་དུ་འགྱུར་རྒྱུའི་གཉེར་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དང་། ཐོན་སྐྱེད་ཀྱི་གྲུབ་ཆར་ཆགས་སྒྲིག་བྱེད་རྒྱུ་དང་ཐོན་སྐྱེད་ཀྱི་འབྲེལ་ཐག་རིང་དུ་གཏོང་རྒྱུར་རྒྱབ་སྐྱོར་གྱིས་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཐོན་ལས་ཅན་གཉེར་སྐྱོང་བྱེད་ཚད་མཐོ་རུ་གཏོང་རྒྱུ། རྣམ་གསར་གྱི་ཞིང་ལས་གཉེར་སྐྱོང་གཙོ་གཟུགས་གསར་པའི་ཐོན་རྫས་དང་འབྲེལ་མཐུད་ཡག་པོ་ཏན་ཏིག་བྱེད་རྒྱུ་དང་། ཁྱིམ་ཚང་གི་ཞིང་རའི(ཆེད་ལས་དུད་ཚང་ཆེན་པོ)དངུལ་བུན་དང་ནགས་ཚལ་བདག་དབང་གཏའ་འཇོག་དངུལ་བུན། ཞིང་འཕྲུལ་གཏའ་འཇོག་དངུལ་བུན་སོགས་ཀྱི་ལས་སྒོ་ཁྱབ་སྤེལ་ཧུར་ཐག་གཏོང་རྒྱུ། གྲོང་གསེབ་སྒེར་གྱི་ཐོན་སྐྱེད་གཉེར་སྐྱོང་དངུལ་བུན་སྤེལ་གཉེར་གྱི་ཁྱབ་ཁོངས་རིམ་བཞིན་རྒྱ་ཆེར་གཏོང་རྒྱུ་དང་ས་ཁོངས་ཁ་ཤས་སུ་གྲོང་རྡལ་ཅན་འཛུགས་སྐྲུན་ཚོད་ལྟ་ཁྱབ་སྤེལ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་སྒོར་ཁྲི་100ནས་སྒོར་ཁྲི་1000དབར་གྱི་གྲངས་འབོར་མི་འདྲ་བའི་འབོར་ཆེན་མ་དངུལ་གྱི་བསྡུ་རྒྱུག་དགོས་མཁོ་བསྐང་རྒྱུ། དངུལ་ཁང་དང་ཁག་ཐེག་ཀུང་སི་དང་དངུལ་ཁང་དང་སྲིད་གཞུང་དབར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱབ་ནས་ཁེ་ལས་འབྲིང་བ་དང་ཆུང་ཕྲན་གྱི་གྲངས་འབོར་ཆུང་བའི་འགན་ལེན་འགན་བཅོལ་ཚོད་སྤེལ་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་། རིམ་ཁག་ནོར་སྲིད་དང་སྲིད་ཇུས་རང་བཞིན་གྱི་ཁག་ཐེག་ཀུང་སི་དང་མཉམ་དུ་ཉེན་ཁའི་གུན་གསབ་དང་ཉེན་འགན་མཉམ་འཁུར་གྱི་རྒྱུན་རིང་ལམ་སྲོལ་བཙུགས་ནས་གཉེར་སྐྱོང་གཙོ་གཟུགས་ཁག་ལ་སྔར་ལས་ལྷག་པའི་མ་དངུལ་བསྡུ་རྒྱུག་གི་སྟབས་བདེའི་ཐབས་ལམ་མཁོ་འདོན་བྱེད་རྒྱུ།

    (བཅུ)དངུལ་རྩའི་དབུལ་སྐྱོར་དཔེ་སྟོན་གསར་གཏོད་བྱེད་རྒྱུ། གཅིག་ནི་ལམ་སྲོལ་གསར་གཏོད་བྱེད་རྒྱུ། ཀྲུང་དབྱང་གི“གནད་སྨིན་དྲུག”གི་བླང་བྱ་གཞིར་བཟུང་རང་འགུལ་ངང་བོད་རང་སྐྱོང་ལྗོངས་སྲིད་གཞུང་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་འཆར་བཀོད་དང་འབྲེལ་མཐུད་བྱས་ནས་དངུལ་རྩའི་གནད་སྨིན་དབུལ་སྐྱོར་ལས་དོན་ལག་བསྟར་བྱེད་རྒྱུ་དང་། དབུལ་སྐྱོར་གཞུང་ལས་ཁང་དང་། ནོར་སྲིད་ཐིང་། ཞིང་ལས་དངུལ་ཁང་བཅས་གསུམ་གྱི་མཉམ་ལས་གྲོས་མཐུན་གྱི་ལམ་སྲོལ་འཐུས་ཚང་བཏང་ནས“གསེར་སྙེའི་དབུལ་སྐྱོར་ཞིང་ཕན་དངུལ་བུན”གྱི་ཐོན་རྫས་ཚོད་ལྟ་ཁྱབ་སྤེལ་གཏོང་རྒྱུ། “ཁེ་ལས་གཅིག་ལ་དབུལ་སྐྱོར་བྱེད་རྒྱུ་དང་། རྣམ་གྲངས་གཅིག་ལ་རྒྱབ་སྐྱོར་བྱེད་རྒྱུ། ཐོན་ལས་གཅིག་སྣེ་ཁྲིད་བྱེད་རྒྱུ། དབུལ་པོའི་དུད་ཚང་ཁྱུ་གཅིག་ལ་ཞོར་ཕན་ཐོན་པའི”རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་དང་སྲིད་ཇུས་རང་བཞིན་གྱི་ཁག་ཐེག་ཀུང་སི་དང་མཉམ་དུ་ཉེན་ཁའི་གྱོང་གསབ་འཛུགས་རྒྱུ་ཟུང་འབྲེལ་བྱེད་རྒྱུའི་བྱ་ཐབས་ཐོག་ནས་དངུལ་རྩ་དང་ཐོན་ལས། ལས་ཞུགས་བཅས་ཀྱི་འབྲེལ་མཐུད་དབུལ་སྒྲོལ་དཔེ་སྟོན་བསྐྲུན་རྒྱུར་བརྩོན་ལེན་བྱེད་རྒྱུ། གཉིས་ནི་བསམ་ཕྱོགས་གསར་གཏོད་བྱེད་རྒྱུ། “རྫོང་གཅིག་ལ་ཁྱད་ཆོས་གཅིག་ལྡན་པ་དང་ཤང་གཅིག་ལ་ཐོན་ལས་གཅིག་ཡོད་པའི”དབུལ་སྐྱོར་གྱི་བསམ་ཕྱོགས་ལ་གཞིགས་པ་དང་། ས་ཁུལ་དེ་གར་ཡོད་པའི་སྤུས་ལེགས་ཐོན་ཁུངས་ལ་བརྟེན་ནས་རང་ངོས་ཀྱི་དངུལ་རྩའི་ཆ་འཕྲིན་ལེགས་ཆ་བེད་སྤྱོད་བཅས་གྲོང་གསེབ་ཀྱི་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་དཔུང་ཁག་དང་། ཞིང་འབྲོག་མང་ཚོགས་ཀྱི་མཉམ་སྡེབ་རྩ་འཛུགས། ཤང་གྲོང་གི་བུད་མེད། གཞོན་ནུ་བྱ་གཞག་གཏོད་མཁན་སོགས་གཉེར་སྐྱོང་གཙོ་གཟུགས་ཀྱི་དངུལ་རྩའི་སྲིད་ཇུས་དྲིལ་བསྒྲགས་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་ཞིང་འབྲོག་ཁུལ་གྱི་གཉེར་སྐྱོང་གཙོ་གཟུགས་ཀྱི་དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས་འདང་ངེས་བེད་སྤྱོད་བྱེད་རྒྱུར་མཛུབ་ཁྲིད་བྱས་ཐོག་རང་ཡུལ་དང་བྲལ་ཡང་དབུལ་སྒྲོལ་ཕྱུག་གྱུར་བྱེད་རྒྱུ་དང་མི་བྲལ་བ་བཅས། གསུམ་ནི་དུས་རྩིས་ཀྱི་ལས་སྟེགས་ཡག་པོ་སྤྱོད་རྒྱུ། གོང་ནས་འོག་བར་གྱི་དབུལ་སྐྱོར་རྣམ་གྲངས་ཀྱི་ཆེད་དམིགས་མ་དངུལ་གྱི་རྩིས་སྒྱུར་དང་། གཅིག་བསྡུས། གཏོང་སྤྲོད་ལམ་སྲོལ་འཛུགས་རྒྱུ་དང་ང་ཚོའི་དངུལ་ཁང་གི་ལས་ཚིགས་དང་། དྲ་རྒྱ། དུས་རྩིས་ཀྱི་ལེགས་བྱ་འདོན་སྤེལ་བྱས་ཏེ་གྲོང་གསེབ་ཀྱི་འགན་བཅོལ་གསར་པ་དང་། ཞིང་འབྲེལ་གྱི་ནོར་སྲིད་ཁ་གསབ། གྲོང་གསེབ་ཀྱི་སྤྱི་པའི་བྱ་གཞག ཞིང་ལས་ཀྱི་ཐོན་ལས་འཁོར་འབྲེལ། གྲོང་གསེབ་ཀྱི་ཚོང་ཟོག་ཉོ་ཚོང་ཁྲོམ་རའི་ཚབ་བསྡུ་ཚབ་གཉེར་བྱེད་རྒྱུ་བརྩོན་ལེན་གྱིས་རྫོང་ཁོངས་ཀྱི་མ་དངུལ་སྟོབས་ཆེར་གཏོང་རྒྱུ། བཞི་ནི་དབུལ་སྐྱོར་དངུལ་བུན་གྱི་སྒྲིག་སྲོལ་ལམ་ལུགས་སྐབས་ཐོག་དག་བཅོས་བཟོ་སྒྲིག་བྱེད་རྒྱུ། རང་སྐྱོང་ལྗོངས་ཀྱི་གསར་དུ་བཏོན་པའི“ལོ་ལྔ་ཚན་བཅུ་གསུམ”རིང་གི་དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས་ལ་གཞིགས་ཏེ《ཀྲུང་གོ་ཞིང་ལས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་དོ་དམ་ལག་བསྟར་ཞིབ་སྲོལ》དག་བཅོས་བཟོ་སྒྲིག་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་བེད་སྤྱོད་ཁྱབ་ཁོངས་ཚད་ལྡན་བཟོ་རྒྱུ་དང་ལས་སྒོའི་བརྒྱུད་རིམ་སྟབས་བདེར་གཏོང་རྒྱུ་བཅས་རིམ་ཁག་དངུལ་ཁང་གི་དངུལ་རྩའི་དབུལ་སྐྱོར་ལས་དོན་མུ་མཐུད་ཁྱད་པར་ཅན་གྱི་དཔྱད་ཞིབ་དཔྱད་བསྡུར་ནང་བཅུག་ནས་ང་ཚོའི་དངུལ་ཁང་གི་དངུལ་རྩའི་དབུལ་སྐྱོར་ཁྲོམ་རའི་གནས་བབ་འབུར་དུ་ཐོན་པ་བྱེད་རྒྱུ་དང་སྤྱི་ཚོགས་ཀྱི་འགན་འཁྲིའི་སྲིད་ཇུས་ཀྱི་ཁྲིད་སྟོན་ལག་བསྟར་བྱེད་རྒྱུ།

    (བཅུ་གཅིག)ཐབས་ལམ་མ་ལག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། དངུལ་རྩའི་སྒྲིག་གཞི་མེད་པའི་ཤང་གྲོང་རྡལ་ལ་ལས་ཚིགས་གསར་འཛུགས་བྱ་རྒྱུའི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ་དང་ཆ་རྐྱེན་འཛོམས་རེ་བཞིན་འཛུགས་སྐྲུན་བྱེད་རྒྱུའི་རྩ་དོན་གཞིར་བཟུང་། སྤྱི་ཁྱབ་དངུལ་ཁང་དང་ལྟ་སྐུལ་དོ་དམ་ཚན་པའི་རྒྱབ་སྐྱོར་ལ་བརྟེན་ནས་དངུལ་རྩའི་སྒྲིག་གཞི་མེད་པའི་ཤང་གྲོང་རྡལ་ལ་མུ་མཐུད་མི་ནུས་ལས་ཚིགས་གསར་སྣོན་བྱས་ཏེ་ལས་ཚིགས་འཛུགས་སྐྲུན་བྱ་རྒྱུའི་ཐོན་ཁུངས་ཀྱི་གཏོང་འཇོག་འགན་ལེན་བྱེད་རྒྱུ། 2016ལོའི་ལོ་མཇུག་ལ་འགྲིམ་འགྲུལ་དང་། གློག་ཤུགས། འཕྲིན་གཏོང་གི་ཆ་རྐྱེན་ཚང་བའི་སྲིད་འཛིན་གྲོང་ཚོར་རྩ་བའི་ཆ་ནས་ཞིང་གསུམ་དངུལ་རྩའི་ཞབས་ཞུའི་ས་ཚིགས་ཚང་མར་ཁྱབ་པ་བྱེད་རྒྱུ་དང་། ཞིང་གསུམ་དངུལ་རྩའི་ཞབས་ཞུའི་ས་ཚིགས་ཀྱི་རྨང་གཞིའི་དངུལ་རྩའི་ཞབས་ཞུའི་འཐབ་སས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང《ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཞིང་གསུམ་དངུལ་རྩའི་ཞབས་ཞུའི་ས་ཚིགས་ཀྱི་དོ་དམ་བྱ་ཐབས(ཚོད་སྤྱོད)》གཞིར་བཟུང་དངུལ་རྩའི་ཞབས་ཞུའི་དྲིལ་བསྒྲགས་བྱེད་ཚད་རྒྱ་ཆེར་གཏོང་རྒྱུ་དང་། ཚོང་དུད་ལ་སྐུལ་ལྕག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྒྲིག་ཆས་སྒྲིག་སྦྱོར་ཆ་ཚང་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་གྲོང་ཚོ་ནས་ཁ་བྲལ་མི་དགོས་པར་དེང་རབས་ཅན་གྱི་དངུལ་རྩའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱེད་རྒྱུ་དང་སྔར་ལས་ལྷག་པའི་སྒོ་ནས་ཞིང་འབྲོག་མང་ཚོགས་ཀྱི་དངུལ་རྩའི་འཛད་སྤྱོད་འདུ་ཤེས་དང་དངུལ་རྩའི་ཞབས་ཞུ་ལོངས་སྤྱོད་ཀྱི་ཚོར་སྣང་ལ་ཤུགས་སྣོན་རྒྱག་རྒྱུ། ཆ་རྐྱེན་མ་ཚང་བའི་ཐག་རིང་ལུང་ཁུག་ལ་མུ་མཐུད་རླངས་འཁོར་དངུལ་ཁང་དང་རྟ་ཐོག་དངུལ་ཁང་སོགས་སྐོར་སྐྱོད་དངུལ་རྩའི་ཞབས་ཞུ་གཏིང་ཟབ་སྤེལ་རྒྱུ་དང་དངུལ་རྩའི་ཞིང་གསུམ་ཞབས་ཞུའི་ས་ཚིགས་ཀྱི་དུས་རྩིས་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་རྒྱུ། དུས་ཐོག་ཏུ་བཅོལ་ལེན་མ་ལག་གི་རིམ་པ་སྤར་ནས་བཅོལ་ལེན་གྱི་རྩོལ་ནུས་ཕུན་སུམ་ཚོགས་སུ་གཏོང་རྒྱུ། དངུལ་ཁང་གཱ་སྤྲོད་ཚད་རྒྱ་ཆེར་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་ཞིང་ཕན་གཱ་ཡི་འབྲེལ་ཡོད་ལག་བརྒྱུད་འགྲོ་ལུགས་སྒྲུབ་གྲོན་འཐེན་གཅོག་བཅས་བྱས་ནས་གང་ཐུབ་ཅི་ཐུབ་ཀྱིས་ཞིང་འབྲོག་མང་ཚོགས་ལ་དངུལ་ཁང་གཱ་ཡི་བཅོལ་ལེན་སྟབས་བདེ་སྐྲུན་རྒྱུ་དང་བཅོལ་ལེན་གྱི་མ་གནས་དམའ་རུ་གཏོང་རྒྱུ། ཐོན་ཁུངས་གཏོང་འཇོག་བྱེད་ཤུགས་ཤུགས་ཆེར་གཏོང་རྒྱུ་དང་གཙོ་བོའི་ལས་གྲྭར་མཁོ་བའི་ལས་གཉེར་འཁོར་སྐྱོད་སྲུང་སྐྱོབ་ཀྱི་འགྲོ་གྲོན་དང་། རྨང་གཞིའི་འཕྲིན་གཏོང་། གློག་ཤུགས་སྒྲིག་ཆས་སོགས་མཁྲེགས་ཆས་ཐོན་ཁུངས་ཀྱི་གཏོང་འཇོག་འགན་ལེན་བྱེད་རྒྱུ། “ཞིང་གསུམ་དངུལ་རྩའི་ཞབས་ཞུའི་ས་ཚིགས་+དངུལ་ཁང་དང་བྲལ་བའི་རང་རོགས་དངུལ་ཁང་+སྟབས་བདེ་ཁང”བཅས་ཟུང་འབྲེལ་གྱི་ཞིང་གསུམ་དངུལ་རྩའི་ཞབས་ཞུའི་དཔེ་སྟོན་ས་ཚིགས་ཚོད་ལྟ་ཁྱབ་སྤེལ་བྱེད་རྒྱུ། ཞིང་གསུམ་དངུལ་རྩའི་ཞབས་ཞུའི་ས་ཚིགས་ལས་སྟེགས་རྨང་གཞིར་བྱས་ནས་སྤྱོད་དུད་ཀྱི་དགོས་མཁོར་གཞིགས་ཏེ། “Eགྲོང་གསེབ་ཀྱི་བདག་གཉེར”སྤྱད་ནས་གོང་ནས་འོག་བར་གྱི་གྲོང་གསེབ་ཀྱི་ཚོང་ཟོག་འགྲོ་རྒྱུག་གི་དུས་རྩིས་ཐབས་ལམ་ཤར་བགྲོད་ཐུབ་པ་བྱེད་རྒྱུ། སྦར་མཐིལ་དངུལ་ཁང་དང་། འཕྲིན་ཐུང་དངུལ་ཁང་། དྲ་ཐོག་དངུལ་ཁང་སོགས་དཔེ་གསར་གྱི་ཞབས་ཞུའི་ཐབས་ལམ་ཁྱབ་གདལ་ཧུར་ཐག་བཏང་ནས་དུས་རབས་གསར་པའི་ཞིང་འབྲོག་མང་ཚོགས་ཀྱིས་དྲ་འབྲེལ་དངུལ་རྩའི་བྱ་ཐབས་སྤྱད་ནས་དངུལ་རྩའི་ལས་སྒོ་སྤེལ་ཐོག་དབུལ་གྲོལ་ཕྱུག་འགྱུར་གྱི་ནུས་པ་ཤུགས་ཆེར་གཏོང་རྒྱུ།

    ལྔ། དངུལ་རྩའི་ཞབས་ཞུ་གཏིང་ཟབ་སྤེལ་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་དགོས་མཁོ་གང་ཐུབ་བསྐང་རྒྱུ།

    (བཅུ་གཉིས)ཞིང་གསུམ་བྱ་གཞག་པུའུ་ཡི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། སྤྱི་ཁྱབ་དངུལ་ཁང་གི་འབྲེལ་ཡོད་ལས་ཀའི་བཀོད་སྒྲིག་ལག་བསྟར་གཏིང་ཟབ་ཀྱིས《ཀྲུང་གོ་ཞིང་ལས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གི་ཞིང་གསུམ་དངུལ་རྩའི་བྱ་གཞག་པུའུ་ཡི་ལམ་ལུགས་སྒྱུར་བཅོས་ཀྱི་ལག་བསྟར་ཞིབ་སྲོལ》(ཞིང་དངུལ་བོད་སྤེལ〔2015〕ལོའི་ཡིག་ཨང་192)པའི་དགོངས་དོན་གཞིར་བཟུང་ཕྱོགས་ཡོངས་ནས་ཞིང་གསུམ་བྱ་གཞག་པུའུ་ལམ་ལུགས་སྒྱུར་བཅོས་ཀྱི་འབྲེལ་ཡོད་ལས་དོན་ཏན་ཏིག་སྤེལ་རྒྱུ་དང་། སྤྱི་ཁྱབ་དངུལ་ཁང་དང་ཡན་ལག་དངུལ་ཁང་རིམ་ངོས་ནས་སྔར་ལས་ལྷག་པའི་སྒོ་ནས་བྱ་གཞག་པུའུ་དོ་དམ་གྱི་གཞི་སྒྲོམ་འཐུས་ཚང་གཏོད་རྒྱུ་དང་ཉིང་ལག་དངུལ་ཁང་རིམ་ངོས་ནས་གཉེར་སྐྱོང་གི་ནུས་པ་མུ་མཐུད་ཤུགས་ཆེར་གཏོང་རྒྱུ་དང“རིམ་གསུམ་ཀྱི་ལྟ་སྐུལ་མཛུབ་ཁྲིད་དང་རིམ་གཅིག་གཉེར་སྐྱོང”གི་དོ་དམ་སྒྲིག་སྲོལ་འཐུས་ཚང་འཛུགས་གཉེར་བྱེད་རྒྱུ། བྱ་གཞག་པུའུ་སྒྱུར་བཅོས་ཀྱི་འབྲེལ་ཡོད་ལམ་ལུགས་བྱ་ཐབས་འཐུས་ཚང་གཏོང་རྒྱུ་དང་སྔར་ལས་ལྷག་པའི་སྒོ་ནས“ཁེར་རྐྱང་དྲུག”སྟེ་ཁེར་རྐྱང་གི་མ་རྩ་དོ་དམ་དང་། ཁེར་རྐྱང་གི་ཡིད་བུན་དོ་དམ། ཁེར་རྐྱང་གི་རྩིས་པའི་ཞིབ་རྩིས། ཁེར་རྐྱང་གི་ཉེན་ཁའི་གུན་གསབ། ཁེར་རྐྱང་གི་ཞིབ་བཤེར་རྩིས་སུབ། ཁེར་རྐྱང་གི་མ་དངུལ་དོ་སྙོམས་དང་འཁོར་སྐྱོད་ལས་གཉེར། ཁེར་རྐྱང་གི་དཔྱད་ཞིབ་སྐུལ་ལྕག་གཅུན་སྡོམ་གྱི་འཁོར་སྐྱོད་ལས་གཉེར་ལམ་སྲོལ་ཡག་པོ་བཟོ་རྒྱུ་དང་ང་ཚོའི་དངུལ་ཁང་ཁོངས་གཏོགས་ཀྱི་རྫོང་ཁོངས་ཉིང་ལག་དངུལ་ཁང་74དང་རིམ་པ་གཉིས་པའི་ཡན་ལག་དངུལ་ཁང་གི་ལས་གཉེར་པུའུ་ཡི་ལས་སྒོ་ཆ་ཚང་ཞིང་གསུམ་དངུལ་རྩའི་བྱ་གཞག་པུའུ་ཡི་སྒྱུར་བཅོས་ཀྱི་ཞིབ་རྩིས་ཁྱབ་ཁོངས་ནང་བཅུག་ནས་ཞིང་གསུམ་དངུལ་རྩའི་བྱ་གཞག་པུའུ་ཡིས“ཞིང་གསུམ”ལས་སྒོ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་གྱི་འགན་ལེན་ནུས་པ་འདོན་སྤེལ་བྱེད་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ།

    (བཅུ་གསུམ)གཙོ་གནད་ཁྱབ་ཁོངས་ཀྱི་ཡིད་བུན་དགོས་མཁོ་བསྐོང་རྒྱུ། རིམ་ཁག་དངུལ་ཁང་གིས“ཁྲོམ་རའི་བཟུང་ཚད་ཨང་དང་པོ་དང་། ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ། ཞབས་ཞུའི་འགན་འཁྲི་ཨང་དང་པོར”བཟུང་རྒྱུའི་བླང་བྱ་གཞིར་བཟུང་རང་འགུལ་ངང་ང་ཚོའི་དངུལ་ཁང་གི་མ་དངུལ་གྱི་དུས་རྩིས་དང་། ལས་ཚིགས་དྲ་རྒྱ། སྒྲིག་གཞིའི་མི་སྣ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འགུལ་སོགས་ཀྱི་ཕྱོགས་བསྡུས་ལེགས་བྱ་འདོན་སྤེལ་དང་རྣམ་གྲངས་ཆེན་པོ་དང་། ལས་རིགས་ཆེན་པོ། སྤྱོད་དུད་ཆེན་པོ་དམ་འཛིན་གྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱེད་པའི་ཁྲོད་ཁྲོམ་རའི་བཟུང་ཚད་རྒྱ་ཆེར་གཏོང་རྒྱུ་དང་ལས་སྒོའི་གཞི་ཁྱོན་ཇི་ཟབ་ཏུ་གཏོང་རྒྱུ། ཁ་གཏད་ལྗོངས་ཐད་གཏོགས་ཚན་པ་དང་། ཚོགས་ཚོའི་སྤྱོད་དུད། ཁྲོམ་རའི་ལས་རིགས་གཅིག་པ་དང་དེ་བཞིན་ལས་སྒོའི་གཙོ་དམ་ཚན་པ་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བོད་ཀྱི་འགྲིམ་འགྲུལ་དང་། ནུས་པའི་འབྱུང་ཁུངས། ཆུ་བེད། ཁོར་ཡུག འཕྲིན་གཏོང་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གོང་འོག་རྣམ་གྲངས་དང་ས་ཁུལ་ཁག་གི་བོད་སྐྱོར་སྲོག་ཤིང་རྣམ་གྲངས་དང་སྦྲེལ་མཐུད་ཧུར་ཐག་གིས་གྲོང་གསེབ་ཀྱི་གཞུང་ལམ་དང་གློག་དྲ་སྒྱུར་བཅོས་རིམ་སྤོར་དང་དེ་བཞིན་གློག་མེད་པའི་ས་ཁུལ་ལ་གློག་ཤུགས་འཛུགས་སྐྲུན་བྱེད་རྒྱུའི་རྣམ་གྲངས་ཀྱི་མ་དངུལ་བསྡུ་རྒྱུག་བྱེད་རྒྱུའི་ལས་དོན་མུ་མཐུད་ཡག་པོ་སྤེལ་རྒྱུ། སྤྱི་ཁྱབ་དངུལ་ཁང་གིས་བོད་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུའི་ཡིད་བུན་སྲིད་ཇུས་ལ་གཞིཌ་ནས་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དང《འཐབ་ཇུས་མཉམ་ལས་གྲོས་མཐུན》བཞག་པའི་གོ་སྐབས་དང་བསྟུན་ནས་བོད་ལྗོངས་འདི་ཉིད་འཛམ་གླིང་གི་ཡུལ་སྐོར་དམིགས་འཕེན་ས་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དང་གཙོ་བོ་ལྷ་ས་ལྟེ་བར་བྱེད་པ་དང་། གཞིས་རྩེ་དང་ལྷོ་ཁའི་གཤོག་ཟུང་བརྐྱང་ནས་ནག་ཆུ་དང་། མངའ་རིས། ཉིང་ཁྲི་སོགས་ས་ཁུལ་གྲོང་ཁྱེར་གྱི་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་ཞོར་ཕན་སྣེ་ཁྲིད་ཀྱི་རྣམ་པ་གཏོད་རྒྱུ། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། ཡུལ་སྐོར་མགྲོན་ཁང་། ཡུལ་སྐོར་ཞབས་ཞུ་བཅས་ཞོར་འབྲེལ་ལས་རིགས་ཆེན་པོ་གསུམ་དང་སྦྲེལ་མཐུད་ཀྱིས་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས“ཀྲུང་གོའི་ཡུལ་སྐོར་རྣམ་གྲངས་མཛོད་ཁང་ནང་ལེགས་འདེམས”བྱུང་བ་དང་བོད་རང་སྐྱོང་ལྗོངས་རིམ་པ་དང་དེ་ཡན་གྱི་ཡུལ་སྐོར་གསར་སྤེལ་འཆར་འགོད་དམ་ཡང་ན་དེ་ཡན་གྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་དཀར་ཆག་སོགས་སྤུས་ལེགས་ཡུལ་སྐོར་རྣམ་གྲངས་ནང་ཚུད་པའི་སྤྱོད་དུད་ཀྱི་ཆོག་འཐུས་དང་། རྣམ་གྲངས་ཆོག་འཐུས། ཁག་ཐེག་དོ་དམ། ཡིད་བུན་དབང་བསྐུར་སོགས་ཀྱི་ཐད་སྲིད་ཇུས་ཕྱོགས་ལྷུང་བྱེད་རྒྱུ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་དངུལ་རྩའི་ཞབས་ཞུ་མུ་མཐུད་ཡག་པོ་སྒྲུབ་རྒྱུ། དངུལ་ཁང་ཁག་གིས་ཁྱད་ལྡན་དང་ཚད་གཞི་མཐོ་བའི་ཞིང་ཁ་དང་། དཔེ་གསར་གྱི་ཆུ་བེད་ཆུ་འདྲེན། རང་བྱུང་གི་རྩ་ར་སྲུང་སྐྱོང་། དེང་རབས་ཅན་གྱི་ཞིང་འཕྲུལ་སྒྲིག་ཆས་ཀྱི་ཡིད་བུན་གཏོང་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རང་སྐྱོང་ལྗོངས་ཀྱི“ཁུལ་བདུན་རྒྱུད་བདུན”གྱི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་འཐབ་ཇུས་གནས་བབ་ཐོག་རྐང་པ་བརྟན་འཛུགས་ཀྱིས་དངུལ་རྩའི་དགོས་མཁོ་སྔོག་འདོན་གཏིང་ཟབ་ཀྱིས་ལྗོངས་ནང་ཁུལ་གྱི་བོད་སྨན་དང་། འཐུང་ཆུ། རིག་གནས་ཐོན་ལས། མི་རིགས་ལག་ཤེས་བཟོ་ལས། དཔེ་གསར་ཁྱད་ལྡན་གྱི་བཟོ་ལས་ཐོན་ཁུངས་གསར་སྤེལ་བྱེད་རྒྱུར་རྒྱབ་སྐྱོར་གྱིས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་ཞིང་འབྲོག་མང་ཚོགས་ལ་དེའི་ཁྲོད་ནས་ཁེ་ཕན་སྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ། གོམ་སྟབས་བརྟན་པོས“མཛེས་སྡུག་ལྡན་པའི་གྲོང་གསེབ”འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ། རིམ་ཁག་དངུལ་ཁང་གིས་དངུལ་ཁང་དང་སྲིད་གཞུང་དབར་གྱི་འབྲེལ་བར་དོ་ཁུར་གཏིང་ཟབ་བྱས་ཐོག་ལས་སྒོ་འཕེལ་རྒྱས་གཏོང་རྒྱུའི་ཁོར་ཡུག་བཟང་པོ་སྐྲུན་དེ་ས་ཁུལ་དེ་གའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་། ཐོན་ཁུངས་བཟང་པོ། ཐོན་རྫས་ཁྱབ་ཚུལ་གཞིར་བཟུང་ཉེན་ཟོན་ཉེན་འགོག་དང་ནུས་མཐོ་སྤུས་ལེགས་ཀྱི་གྲོང་རྡལ་ཅན་འཛུགས་སྐྲུན་གྱི་རྣམ་གྲངས་དང་སྦྲེལ་མཐུད་ཧུར་ཐག་བྱེད་དགོས། རང་སྐྱོང་ལྗོངས་ཀྱི་བཙུགས་པའི་རྣམ་གསར་གྱི་གྲོང་ཁྱེར་གྲོང་རྡལ་ཅན་འཛུགས་སྐྲུན་དང་དྲོད་ཁང་སྒྱུར་བཅོས་རྣམ་གྲངས་དམ་འཛིན་ལྷོད་མེད་ཀྱིས་རྣམ་གྲངས་ཀྱི་མ་དངུལ་བསྡུ་རྒྱུག་དང་། དུས་རྩིས། ཚབ་གཉེར་སོགས་ཀྱི་ཞབས་ཞུ་ཡག་པོ་སྒྲུབ་དགོས་པ་དང་སྲིད་གཞུང་གི་གཙོ་གནད་འབྲེལ་ཡོད་ཚན་པས་གཏན་འཁེལ་བྱས་པའི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར། ནུས་ཤུགས་ཡོད་རྒུས་སྲིད་གཞུང་གི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་རྣམ་གྲངས་དང་། ཡུག་གཅིག་གནས་སྤོས་ཀྱི་རྣམ་གྲངས། གནོད་འཚེ་ཕོག་ཁུལ་བསྐྱར་སྐྲུན་བྱེད་རྒྱུའི་རྣམ་གྲངས་བཅས་ཀྱི་མ་དངུལ་བསྡུ་རྒྱུག་གི་དགོས་མཁོར་རྒྱབ་སྐྱོར་བྱེད་དགོས། ཁེ་ལས་འབྲིང་བ་དང་ཆུང་ཕྲན་གསོ་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་ཧུར་ཐག་གིས་རྫོང་ཁོངས་ཀྱི་བཟོ་ལས་སྡེ་གླིང་དང་། དཔལ་འབྱོར་གསར་སྤེལ་ཁུལ། ཐོན་ལས་སྡེ་ཁུལ་བཅས་ལ་བརྟེན་ནས་ཁེ་ལས་འབྲིང་བ་དང་ཆུང་ཕྲན་གྱི་སྤྱོད་དུད་ཚོགས་པ་རྒྱ་ཆེར་གཏོང་དགོས་པ་དང་ཁེ་ལས་ཆུང་ཕྲན་བཟང་བདམས་ཀྱིས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། བོད་ཀྱི་མ་རྩ་བསྡུ་རྒྱུག་གཙོ་བོའི་ཁག་ཐེག་ཀུང་སི་དང་འགན་བཅོལ་ཀུང་སི་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་རྒྱབ་པ་བརྒྱུད་དངུལ་ཁང་དང་ཁག་ཐེག་ཀུང་སི་དང་འགན་བཅོལ་ཀུང་སིའི་མཉམ་ལས་ལམ་སྲོལ་འཐུས་ཚང་བཏང་ཐོག་དངུལ་ཁང་དང་ཁག་ཐེག་ཀུང་སི་ཕན་ཚུན་མཉམ་འབྲེལ་གྱིས་ཁེ་ལས་ཆུང་ཕྲན་གྱི་ཡིད་བུན་ཐོན་རྫས་སྤེལ་གཉེར་བྱེད་རྒྱུ། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་སོགས་ཚན་པ་བཞིས་འགྲེམས་སྤེལ་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་བ་དང་ཆུང་ཕྲན་གྱི་གྲངས་ཉུང་དངུལ་བུན་གྱི་འགན་ལེན་འགན་བཅོལ་གྱི་དོ་དམ་ཚོད་སྤྱོད་གནས་སྐབས་བྱ་ཐབས》(བོད་ནོར་དཔལ〔2015〕ལོའི་ཡིག་ཨང་34པར)གཞིགས་ཏེ་ང་ཚོའི་དངུལ་ཁང་གི་འགན་ལེན་འགན་བཅོལ་དངུལ་བུན་ཚོད་སྤེལ་བྱེད་རྒྱུ། ཁེ་ལས་འབྲིང་བ་དང་ཆུང་ཕྲན་གྱི་སྤྱོད་དུད་ཚོང་གཉེར་བྱེད་རྒྱུའི་ཇུས་གཞི་བཟོ་རྒྱུ་དང་དང་ཐོག་སྲིད་གཞུང་གི་ཁས་ལེན་ངོས་འཛིན་ཐུབ་པ་བྱེད་རྒྱུ་དང་། རྨང་གཞི་སྲ་བརྟན། ཁྲོམ་རའི་མདུན་ལམ་ལེགས་པའི་སྤྱོད་དུད་གཙོ་གནད་གསོ་སྐྱོང་བྱེད་རྒྱུ། ནོར་སྲིད་དང་། ཁྲལ་བསྡུ། ས་ཆ་སོགས་ཚན་པ་དང་མཉམ་འབྲེལ་བྱས་པ་བརྒྱུད་ཆོག་འཐུས་ཀྱི་ཆ་རྐྱེན་དམའ་རུ་གཏོང་རྒྱུའི་རྨང་གཞིའི་སྟེང་ཡིད་བུན་གྱི་ཆ་རྐྱེན་འོས་འཚམ་གྱིས་ལྷུག་ཏུ་གཏོང་རྒྱུ་དང་བརྒྱུད་རིམ་གང་ཐུབ་ཅི་ཐུབ་ཀྱིས་སྟབས་བདེ་བཟོ་རྒྱུ། ཞིབ་མཆན་གང་ཐུབ་ཅི་ཐུབ་ཀྱིས་མགྱོགས་སུ་གཏོང་རྒྱུ་བཅས་ཁེ་ལས་འབྲིང་བ་དང་ཆུང་ཕྲན་ལ་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་རྒྱུ། དེ་དང་ཕྱོགས་མཚུངས་ཁེ་ལས་ཆུང་ཕྲན་གྱི་གཙོ་བདག་དང་། ཁེ་ལས་ཀྱི་རྐང་བདག མཐོ་རིམ་དོ་དམ་མི་སྣ་བཅས་མཉམ་འགུལ་གྱི་ཚོང་གཉེར་བྱས་ཏེ་ནོར་སྲིད་བློ་འདྲི་དང་ཚབ་གཉེར་ལས་སྒོ་དང་དེ་བཞིན་དངུལ་གཉེར་དོ་དམ་ཐོན་རྫས་སོགས་རིན་སྤོར་གྱི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ། ལྗོངས་ཡན་ལག་དངུལ་ཁང་གིས་ཁ་གསལ་བྱས་པའི་གོང་གསལ་གཙོ་གནད་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཡིད་བུན་ཁྱབ་ཁོངས་ལ་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཐོག་རྣམ་གྲངས་ཀྱི་དངུལ་བུན་སྐྱེད་ཚད་བརྒྱ་ཆ་10མར་གཅོག་བྱེད་རྒྱུ་དང་ལྗོངས་ཡན་ལག་དངུལ་ཁང་ལ་གོང་བསྐོར་སྙན་སེང་ཞུས་རྗེས་ལག་བསྟར་བྱེད་རྒྱུ།

    (བཅུ་བཞི)དངུལ་རྩའི་སྣོད་བཅུད་ཁོར་ཡུག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། 《ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཡིད་རྟོན་ཤང(གྲོང་རྡལ)དང་གྲོང་ཚོ་དཔྱད་འདེམས་ཀྱི་དོ་དམ་བྱ་ཐབས(ཚོད་སྤྱོད)》དང《ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཡིད་རྟོན་རྫོང་དཔྱད་འདེམས་ཀྱི་དོ་དམ་བྱ་ཐབས(ཚོད་སྤྱོད)》ནང“སྙན་ཞུ་རང་མོས་དང་། ཡིད་རྟོན་དཔྱད་འདེམས། ལོ་ལྟར་ལོ་བཤེར། འགུལ་རྣམ་དོ་དམ”བཅས་ཀྱི་རྩ་དོན་གཞིར་བཟུང་གོམ་སྟབས་བརྟན་པོའི་སྒོ་ནས་ཡིད་རྟོན་རྫོང་དང་། ཤང་(གྲོང་རྡལ)དང་གྲོང་ཚོ་དཔྱད་འདེམས་དང་དཔྱད་བཤེར་བྱེད་རྒྱུའི་ལས་དོན་ལ་སྐུལ་འདེད་བཏང་སྟེ་ཡིད་རྟོན་དཔྱད་འདེམས་བྱེད་ཚད་རྒྱ་ཆེར་གཏོང་རྒྱུ། ཡིད་རྟོན་རྒྱུན་ཆད་མེད་པར་ཞན་དུ་ཕྱིན་པ་དང་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ངན་པ་ཅུང་གཅིག་སྡུད་ཆེ་བའི་སྲིད་འཛིན་གྲོང་ཚོར་ཚོན་རྟགས་སེར་པོའི་ཐ་ཚིག་སྒྲོག་རྒྱུ་དང་རྫོང་ཁོངས་ཡིད་རྟོན་མ་ལག་འཛུགས་སྐྱོང་ཆོག་འཐུས་ཀྱི་ཕྱིར་འཐེན་ལམ་སྲོལ་འཐུས་ཚང་གཏོང་རྒྱུ། སྲིད་གཞུང་གི་གཙོ་ཁྲིད་དང་། མི་དམངས་དངུལ་ཁང་གི་སྣེ་ཁྲིད། ཚོང་ལས་དངུལ་ཁང་ཁག་མཉམ་དུ་བཞུགས་རྒྱུའི་བླང་བྱ་ལྟར་ལྗོངས་ཡོངས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་། ཞིང་འབྲོག་མང་ཚོགས་སྒེར་གྱི་ཡིག་ཚགས་འཐུས་ཚང་གཏོང་རྒྱུ། གོམ་སྟབས་བརྟན་པོས་ཞིང་འབྲེལ་དཔལ་འབྱོར་གཙོ་གཟུགས་ཀྱི་གློག་རྡུལ་ཡིད་རྟོན་ཡིག་ཚགས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས“ཕ་ལམ་དང་། གསེར། དངུལ། ཟངས”བཅས་གཱ་བཞི་དཔྱད་འདེམས་བྱེད་ཆེད་གཞི་འཛིན་མཁོ་འདོན་གྱིས་མི་ནུས་གྲོན་ཆུང་དང་ནུས་ཚད་མཐོ་རུ་གཏོང་རྒྱུ། སྨྱན་སྦྱོར་དང་དྲིལ་བསྒྲགས་བྱ་ཐབས་ཁག་བརྒྱུད“ཡིད་རྟོན་ནི་གཟི་བརྗིད་དང་ཡིད་སྐྱུར་ནི་ངོ་ཚ”ཡིན་པའི་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་ནས་དེ་བས་མང་བའི་རྫོང་ཁོངས་ཀྱི་གཉེར་སྐྱོང་གཙོ་གཟུགས་དང་ཞིང་འབྲོག་ཁུལ་མང་ཚོགས་ལ་ཡིད་རྟོན་མ་ལག་འཛུགས་སྐྱོང་ཁྲོད་ནས་ཁེ་ཕན་གང་མང་སྐྲུན་རྒྱུ།

    དྲུག མཐུན་སྦྱོར་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས་དངུལ་རྩའི“ཞིང་གསུམ”ཞབས་ཞུའི་ལས་དོན་གྱི་རྨང་གཞི་སྲ་བརྟན་གཏོང་རྒྱུ།

    (བཅོ་ལྔ)དཔུང་ཁག་སྟོབས་ཆེའི་དངུལ་ཁང་གི་འཐབ་ཇུས་ལག་བསྟར་བྱེད་རྒྱུ། རིམ་ཁག་དངུལ་ཁང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བླང་བྱ་གཞིར་བཟུང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ང་ཚོའི་དངུལ་ཁང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ། མཐུན་སྦྱོར་ཅན་གྱི་དཔེ་མཚོན་ཞིང་ལས་དངུལ་ཁང་འཛུགས་སྐྱོང་ཐུབ་པ་བྱེད་རྒྱུ་དང་། “ལས་བྱེད་ཡག་པོའི”ཚད་གཞི་དོན་ཚན་ལྔ་གཞིར་བཟུང་། རྫོང་ཉིང་ལག་དངུལ་ཁང་གི་དཔུང་ཁག་ཁོངས་མི་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་འཁུར་མཁན་བཟང་འདེམས་ལེགས་སྒྲུག་བྱས་ནས་རྫོང་ཉིང་ལག་དངུལ་ཁང་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་བཙན་རྫོང་ནུས་པ་འདོན་སྤེལ་གང་ལེགས་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་ནུས་ཤུགས་ཤེར་གཏོང་རྒྱུ། མི་ཆོས་རིང་ལུགས་ཀྱི་སེམས་ཁུར་ལས་དོན་མུ་མཐུད་ཡག་པོ་སྤེལ་ནས་གཞི་རིམ་ལས་བཟོའི་ལས་རིགས་འཕེལ་རྒྱས་དང་། གོ་གནས་རིམ་སྤོར། གླ་ཕོགས་ཕན་བདེ། སྔོན་ཐོན་གཟེངས་བསྟོད་སོགས་ཐད་སེམས་ཁུར་བྱེད་རྒྱུ་དང་དཀའ་ངལ་ཅན་གྱི་ས་ཁུལ་དང་ལྷག་པར་དུ་ཐག་རིང་རྫོང་ཉིང་ལག་དངུལ་ཁང་ལ་ཕྱོགས་ལྷུང་བྱས་ཏེ་ལས་བཟོའི་ལས་ཀའི་ཧུར་བརྩོན་རང་བཞིན་སྐུལ་སློང་ཧུར་ཐག་བྱེད་རྒྱུ། སྔར་ལས་ལྷག་པའི་སྒོ་ནས“ཆུང་ངུ་ལྔ་འཛུགས་སྐྲུན”ཡག་པོ་བྱས་ནས་རྫོང་ཁོངས་ཉིང་ལག་དངུལ་ཁང་གི་ལས་བཟོའི་གཞུང་ལས་ཁང་དང་སྡོད་ཁང་གི་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ་དང་། ལས་བཟོའི་བསམ་བློའི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ། ལས་བཟོ་གཙོ་བདག་བྱེད་པའི་འདུ་ཤེས་དང་སྟོབས་ཤུགས་སྒྲིལ་ནུས་མཐོ་རུ་གཏོང་རྒྱུ་བཅས་ཀྱི་ཁོར་ཡུག་སྐྲུན་རྒྱུ། གཞི་རིམ་ལས་བཟོར་སེམས་ཁུར་གྱི་དངོས་དོན“བཅུ་གཉིས”དང“ལས་བཟོའི་ཁྱིམ་ཚང”འཛུགས་སྐྲུན་བཅས་མུ་མཐུད་ཡག་པོ་སྒྲུབ་ནས་དྲོ་སྐྱིད་དང་ཞི་མཐུན་གྱི“ཁྱིམ་གཞིས་རིག་གནས”སྐྲུན་རྒྱུ། གཅེས་སེམས་ཀྱི་ཐེབས་རྩ་ལམ་ལུགས་དང་རོགས་སྐྱོར་བྱེད་རྒྱུའི་གོ་རིམ་འཐུས་ཚང་བཏང་ནས་དཀའ་ངལ་ཡོད་པའི་ལས་བཟོའི་ཡིག་ཚགས་འཛུགས་ནས་གཙོ་བོ་ཚབ་ཆེའི་ནད་གཞི་ཕོག་པ་དང་འཚོ་བར་དཀའ་ངལ་ཡོད་པའི་ལས་བཟོར་རོགས་སྐྱོར་དང་འཚམས་འདྲིའི་ལས་དོན་ཡག་པོ་སྤེལ་རྒྱུ། ད་ཡོད་མི་སྣའི་ནུས་པར་སྐུལ་སློང་དང་མི་སྣ་འཕར་ཚད་ལ་ལེགས་བཅོས་བཅས་བྱས་ནས་དངུལ་ཁང་ཁག་གིས་ད་ཡོད་གཞི་རིམ་ལས་དོན་མི་སྣའི་མི་མངོན་པའི་ནུས་ཤུགས་ཡོད་ཚད་འདོན་སྤེལ་ཐུབ་པ་བྱེད་རྒྱུ་དང་ལས་གནས་ལེགས་བཅོས་དང་། ལས་རྗེས་དཔྱད་ཞིབ། གོ་གནས་རིམ་སྤར། ལག་རྩལ་གོ་མིང་དཔྱད་སྤྲོད། ཁྱིམ་ཚང་གི་དཀའ་ངལ་ཐག་གཅོད་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད་རྫོང་ཁོངས་ལས་བཟོའི་ལས་ཀའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་རྒྱུ། 2016ལོར་གསར་དུ་བསྡུས་པའི་སློབ་ཆེན་སློབ་མ་400ཡི་ནང་ནས་300ཡན་རྫོང་ཁོངས་ལས་ཚིགས་ལ་གསབ་སྣོན་བྱེད་རྒྱུ་དང་དངུལ་ཁང་ཁག་གིས་གསར་སྣོན་མི་སྣ་བཀོད་སྒྲིག་ལུགས་མཐུན་བྱེད་དགོས། གཞི་རིམ་ལས་གཉེར་སྒྲིག་གཞིར་མི་ནུས་ཐོན་ཁུངས་བཀོད་སྒྲིག་བྱེད་རྒྱུའི་ཕྱོགས་ལྷུང་ཅན་གྱི་སྲིད་ཇུས་མུ་མཐུད་དོན་འཁྱོལ་བྱེད་རྒྱུ་དང་བྱ་གཞག་དང་། ཐོབ་ཐང་། སྐུལ་ལྕག་བྱེད་སྲོལ་གྱི་མི་སྣ་ཉར་རྒྱུ་སོགས་ཀྱི་བྱ་ཐབས་བརྒྱུད་རྫོང་ཁོངས་ལས་བཟོའི་དཔུང་ཁག་བརྟན་བརླིང་ཡོང་བ་བྱེད་རྒྱུ། ལས་བཟོའི་བྱང་ཚད་མཐོ་རུ་གཏོང་རྒྱུ་སྟེ་ཞིང་དངུལ་སློབ་ཆེན་དང་། ལས་གནས་ཀྱི་རེས་སྐོར་གསབ་སྦྱོང་། འཕྲིས་རྦུར་སློབ་སྦྱོང་བཅས་བེད་སྤྱོད་ཡག་པོ་དང“འགྲན་སློབ་སྙེག་བརྒལ”གྱི་ནུས་ཤུགས་ལ་བརྟེན་ནས་རྫོང་ཁོངས་ལས་བཟོའི་བྱང་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ། རྫོང་ཁོངས་གཞོན་ནུ་ཤེས་ཡོན་ཅན་གསར་སྤེལ་བྱེད་རྒྱུའི་ལས་གྲྭ་མུ་མཐུད་ལག་ལེན་བསྟར་ནས་རྫོང་ཁོངས་ཀྱི་གཞོན་ནུ་ཤེས་ཡོན་གྱི་སྲོག་ཤིང་དང་འགོ་ཁྲིད་ཁོངས་མིའི་རྗེས་གྲབས་ལས་བྱེད་དཔུང་ཁག་གྲབས་གསོག་བྱེད་རྒྱུ། ལས་བཟོ་དར་མའི་ནུས་པ་རྒྱུན་ཆད་མེད་པར་འདོན་སྤེལ་བྱེད་རྒྱུའི་ལས་དོན་ཡག་པོ་སྤེལ་ནས་ལས་བཟོ་དར་མའི་རང་ངོས་ཀྱི་རིན་ཐང་ཚོར་སྣང་ཏན་ཏིག་ཐུབ་པ་བྱེད་རྒྱུ་དང་སྤེལ་རོགས་ཁྲིད་གསུམ་གྱི་ནུས་པ་རྒྱུན་ཆད་མེད་པར་འདོན་སྤེལ་བྱེད་རྒྱུ།

    (བཅུ་དྲུག)སྤྱི་ཚོགས་ཀྱི་འགན་འཁྲིའི་ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་བྱེད་རྒྱུ། རིམ་ཁག་དངུལ་ཁང་གིས་རང་ལྗོངས་ཀྱི་གཞི་རིམ་དངུལ་རྩའི་སྒྲིག་གཞི་དང་གཞི་རིམ་ཏང་རྩ་འཛུགས་གཞི་རིམ་གཉིས་མཉམ་འགུལ་གྱི་དམངས་ཕན་དངུལ་རྩའི་དཔེ་སྟོན་འཛུགས་སྐྱོང་དང་གོམ་གང་མདུན་སྤོས་ཀྱི་གཞི་རིམ་རྩ་འཛུགས་ཀྱི་ལེགས་ཆ་བེད་སྤྱད་ནས་ཞིང་འབྲོག་མང་ཚོགས་ལ་དེ་བས་ལེགས་པའི་དངུལ་རྩའི་ཞབས་ཞུ་སྒྲུབ་རྒྱུ་དང་སྔར་ལས་ལྷག་པའི་སྒོ་ནས་ཞིང་འབྲོག་ཁུལ་གྱི་དངུལ་རྩའི་སྣོད་བཅུད་ཁོར་ཁུག་འཛུགས་སྐྱོང་དང་སྲ་བརྟན་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། 《ཞིང་འབྲོག་ཁུལ་གྱི“གཉིས་ལྡན་དུད་སྦྲེལ”གྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་བསམ་འཆར》གཞིར་བཟུང་གཉིས་ལྡན་དུད་སྦྲེལ་གྱི་ཁྱིམ་བདག་དང་མཉམ་འགུལ་བྱས་ཏེ་དངུལ་རྩའི་ཞབས་ཞུའི་བྱ་ཐབས་གསར་པ་གཏོད་ནས་དངུལ་རྩའི་ཞབས་ཞུ་དང་གཉིས་ལྡན་དུད་སྦྲེལ་དབར་གྱི་མཉམ་འགུལ་རང་བཞིན་ཤུགས་ཆེར་གཏོང་དགོས་པ་དང་དུད་སྦྲེལ་གྱི་ཡོང་འབབ་འཕར་སྣོན་དང་བདེ་འཇགས”ཀྱི་སྤྱི་ཚོགས་རྩོལ་ནུས་ཆེ་ཤོས་འདོན་ཐུབ་པ་བྱེད་དགོས། དངུལ་ཁང་ཡོངས་ཀྱི་དམངས་བརྟན་དམངས་ཕན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་25ཡིས་བརྟན་ལྷིང་སྲུང་སྐྱོང་དང་དབུལ་སྐྱོར་རོགས་རམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་། དམངས་བརྟན་དམངས་ཕན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གནས་སྡོད་བྱེད་གནས་ཞབས་ཞུའི་ལས་སྟེགས་སུ་བྱས་ནས་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་གྱི་རོགས་སྐྱོར་ནུས་པ་ཧུར་ཐག་འདོན་རྒྱུ་དང་ཆབ་སྲིད་ཀྱི་ལང་ཕྱོགས་བརྟན་པ་དང་། དཀའ་ངལ་བཟོད་སྒོམ་ཐུབ་པ། ཞིང་ལས་ཤེས་པ་དང་ཞིང་པ་བསམ་མཁན་གཞོན་ནུ་ཕུལ་བྱུང་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་རྒྱུར་མུ་མཐུད་མངགས་རྒྱུ་མ་ཟད་དུས་ཚོད་གཏན་འཁེལ་དང་རྣམ་ཀུན་ཞིང་འབྲོག་ཁུལ་དུ་ཟབ་སྐྱོད་ཀྱིས་དངུལ་རྩའི་ཤེས་བྱ་ཡོངས་ཁྱབ་ཀྱི་སློབ་གསོ་སྤེལ་རྒྱུ། ཞིང་ལས་ཐོན་སྐྱེད་ལ་གཞོགས་འདེགས་དང་། འཚོ་བར་ལེགས་བཅོས་གཏོང་རྒྱུར་རོགས་རམ། ཕྱུག་འགྱུར་གྱི་རྣམ་གྲངས་འཚོལ་ཞིབ། རྣམ་གྲངས་མ་དངུལ་བརྩོན་ལེན་བཅས་ནུས་ཤུགས་ཡོད་རྒུས་མང་ཚོཌ་དབུལ་གྲོལ་ཕྱུག་འགྱུར་ཡོང་རྒྱུར་ཁྲིད་སྟོན་བྱེད་རྒྱུ། “4·25”སོགས་གནོད་འཚེ་ཕོག་ཁུལ་གྱི་དངུལ་རྩའི་ཞབས་ཞུའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུ་དང་ད་ཡོད་སྤྱི་ཁྱབ་དངུལ་ཁང་གི་སྲིད་ཇུས་གཞིར་བཟུང་གནོད་འཚེ་ཕོག་ཁུལ་གྱི་ཡིད་བུན་མ་རྩ་ངོས་གཏན་འཁེལ་བ་བྱེད་རྒྱུ་དང་ཐག་གཅོད་སོགས་ཀྱི་ལས་དོན་སྤེལ་འགོ་འཛུགས་རྒྱུ། གནོད་འཚེ་ཕོག་ཁུལ་གྱི་མ་རྩ་བསྡུ་རྒྱུག་གི་དགོས་མཁོ་དབང་ཚད་ནས་བརྒལ་བར་སྐབས་འཕྲལ་སྙན་ཞུ་དང་སྐབས་ཕྲལ་ཞིབ་བཤེར་དང་། སྐབས་འཕྲལ་ཞིབ་བཤེར་དང་སྐབས་འཕྲལ་འདེབས་ལན་བྱེད་རྒྱུའི་རྩ་དོན་ལ་གཞིགས་ནས་ཡིད་བུན་གྱི“ལྗང་མདོག་ཐབས་ལམ”གོང་བསྐོར་སྙན་ཞུའི་ལམ་སྲོལ་འཛུགས་རྒྱུ་དང་ཆབས་ཅིག་ས་གནས་ཀྱི་མ་རྩ་བསྡུ་རྒྱུག་གི་དགོས་མཁོའི་འཆར་གཞི་དང་སྦྲེལ་མཐུད་ཧུར་ཐག་བྱས་ནས་གཙོ་བོ་རྣམ་གྲངས་ལག་བསྟར་བྱེད་འཐུས་ཀྱི་ཚད་གཞི་མཐོ་བ་དང་། སྲིད་གཞུང་གི་དགོས་འདུན་ཆེ་བ། བུན་འཇལ་ཡོངས་ཁུངས་བརྟན་པའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་གང་ས་ཅི་ཐད་ནས་གནོད་འཚེ་ཕོག་ཁུལ་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་གཞིས་བསྐྱར་སྐྲུན་དང་ཐོན་སྐྱེད་འཚོ་བ་སླར་གསོ་འགན་ལེན་ཐུབ་པ་བྱེད་རྒྱུ། ཞིང་ལས་དངུལ་ཁང་བོད་དུ་བཙུཌ་ནས་ལོ་ངོ་20འཁོར་བའི་གོ་སྐབས་དང་བསྟུན་ནས“རྡོག་ཁྱེར་གཤམ་སྐྱོད་དང་གྲོང་སྐོར་ཐེམ་བརྒྱུད”ཀྱི་སྲོལ་རྒྱུན་གྱི་ཉམས་མྱོང་བཟང་པོར་ཕྱོཌ་བསྡོམས་བྱས་པ་དང་། དུས་རབས་གསར་པའི་འོག“རྟ་ཐོག་དངུལ་ཁང”དང་། དེང་རབས་ཀྱི་ལས་སྒོའི་རྩོལ་ནུས་ཚང་བའི“རླངས་འཁོར་དངུལ་ཁང” དམངས་ཕན་དངུལ་རྩ་སོཌ་དཔེ་སྟོན་གསར་པ་འཚོལ་ཞིབ་བྱས་ཡོད་ལ་ལྷག་བསམ་དང་། ཞབས་ཞུ། འགན་འཁྲི། སྒྲིག་མཐུན། ཡིད་བུན་སོཌ་རིག་གནས་རྒྱུ་རྐྱེན་གཞིར་བཟུང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དང་དེ་བཞིན“དཀའ་ངལ་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ་དང་གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས”པའི་ས་མཐོའི་ཞིང་ལས་དངུལ་ཁང་གི་རིག་གནས་རྒྱུན་འཛིན་གསར་གཏོད་ཐུབ་ཡོད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་སྲོག་ཤིང་རིན་ཐང་ལྟ་བ་དང་དེ་བཞིན“‘ཞིང་གསུམ’ཞབས་ཞུ་དང་འགན་འཁྲི་ཁུར་སེམས”ཅན་གྱི་ཞིང་ལས་དངུལ་ཁང་གི་སྙིང་སྟོབས་རྩ་བ་ཚུགས་ཤིང་ལག་བསྟར་ཐུབ་ཡོད།

    (བཅུ་བདུན)སྔར་ལས་ལྷག་པའི་སྒོ་ནས་སྒྲིག་མཐུན་གཉེར་སྐྱོང་གི་དོ་དམ་ཆུ་ཚད་མཐོ་རུ་གཏོང་རྒྱུ། ཉེན་ཟོན་དོ་དམ་གྱི་མཐའ་ཚད་དམ་བཟུང་བྱེད་རྒྱུ་དང་། རྒྱུན་རྣམ་གསར་པའི་འོག་གི་རྙོག་འཛིང་རྣམ་པར་ཁ་གཏད་ཧུར་ཐག་གཅོག་རྒྱུ། མཐའ་ཚད་དམ་སྲུང་གི་བསམ་བློའི་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་དང་ཉེན་འགོག་གི་འབྲེལ་བ་དོ་སྙོམས་བྱས་ཏེ“ཞིང་གསུམ”དངུལ་རྩའི་ཞབས་ཞུ་རྒྱུན་ཆད་མེད་པར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུ། གཞི་རིམ་དངུལ་ཁང་གི་སྤྱོད་དུད་ཀྱི་ཅིང་ལི་བདམས་སྒྲུག་དང་དོ་དམ་བྱེད་རྒྱུར་ཤུགས་སྡོན་བརྒྱབ་ནས་སྤྱོད་དུད་ཀྱི་ཅིང་ལིའི་ཆོག་འཐུས་འགག་སྒོ་དམ་སྲུང་དང་། མདུན་སྒྲོམ་ལས་གནས་ཀྱི་འགུག་ཤུགས་ལ་ཤུགས་སྣོན། སྤྱོད་དུད་ཀྱི་ཅིང་ལིའི་སྒྲིག་མཐུན་བཀོལ་སྤྱོད་དང་ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཞིང་གསུམ་ཞབས་ཞུའི་ལས་སྒོའི་མི་སྣའི་སྤྱི་ཡོངས་ཀྱི་བྱང་ཚད་དང་ལས་སྒོའི་རྩོལ་ནུས་མཐོ་རུ་གཏོང་རྒྱུ། ལས་གཉེར་ལས་ཚིགས་ཀྱི་འཁོར་རྒྱུག་ལས་གཉེར་གྱི“གསུམ་ཅན་གསུམ་བཙན”དང་། ཡིད་བུན་རྨང་གཞིའི་དོ་དམ་གྱི“གསུམ་ཅན་གསུམ་མེད” བདེ་འཇགས་སྲུང་སྐྱོང་གི“གསུམ་ཅན་གསུམ་ཚད་ལོན”འཛུགས་སྐྱོང་བྱེད་རྒྱུའི་ལས་འགུལ་གཏིང་ཟབ་སྤེལ་རྒྱུ་དང་། གཞི་རིམ་ལས་ཚིགས་ཀྱི་ཐམ་ག་དང་གསང་སྲུང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས“ཞིང་གསུམ”ལས་སྒོའི་ཉེན་ཟོན་དོ་དམ་རྒྱུན་ཆད་མེད་པར་སྲ་བརྟན་གཏོང་རྒྱུ་དང་བཀོལ་སྤྱོད་ཀྱི་ཉེན་ཁ་ནན་འགོག་གིས་ཐོན་རྫས་དང་། ལས་སྒོ། ཞབས་ཞུའི་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་ལས་འགལ་བའི་བྱ་སྤྱོད་ནན་འགོག་བྱེད་རྒྱུ། གཞི་རིམ་ལས་གཉེར་སྒྲིག་གཞིའི་གློག་རྡུལ་ཆ་འཕྲིན་ཅན་གྱི་སྒྲིག་ཆས་ལ་ཤུགས་སྣོན་རྒྱག་རྒྱུ་དང་BoEingམ་ལག་ཤར་གཏོང་དངོས་སྤྱོད་ཁྱབ་གདལ་གཏོང་རྒྱུའི་ལས་དོན་ལ་སྐུལ་འདེད་དང་སྟོབས་ཤུགས་སྒྲིག་འཛུགས་ཀྱིས“ཞིང་གསུམ”ལས་སྒོའི་བསྡོམས་རྩིས་ཆ་འཕྲིན་དོ་དམ་མ་ལག་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་ཧུར་ཐག་གཏོང་རྒྱུ་བཅས་ཚན་རིག་དང་མཐུན་པའི་དོ་དམ་ཆུ་ཚད་དང་ཇུས་གཞིའི་གཞི་འཛིན་ཆུ་ཚད་མཐོ་རུ་གཏོང་རྒྱུར་གཡས་སྲུང་གཡོན་སྐྱོར་བྱེད་རྒྱུ། ཞིང་དུད་དངུལ་བུན་གྱི་ཉེན་ཁ་བཅོས་སྐྱོང་དང་གྱོད་གཞི་སྔོན་འགོག་བྱེད་རྒྱུར་ཤུཌ་སྣོན་དང་ཉེན་ཁ་ལེབ་བཤེར་དང་འགན་འཁྲི་སྒྲུབ་བཤེར་སོགས་ཀྱི་བྱ་ཐབས་སྤྱད་ནས་སྔོན་འགོག་དང་། ནན་བཤེར། བཅོས་སྐྱོང་བཅས་གསུམ་གནས་འཁེལ་ཐུབ་པ་བྱས་ཏེ་དངུལ་ཁང་ཡོངས་ཀྱི“ཞིང་གསུམ”ལས་སྒོ་སྐྱོན་བྲལ་ངང་འཕེལ་རྒྱས་རྒྱུན་མཐུད་ཐུབ་པ་འགན་ལེན་བྱེད་རྒྱུ།

    (བཅོ་བརྒྱད)འགོ་ཁྲིད་སྒྲིག་འཛུགས་དང་མཐུན་སྦྱོར་ལམ་སྲོལ་ལ་ཤུགས་སྣོན་རྒྱུག་རྒྱུ། རིམ་ཁག་དངུལ་ཁང་གིས་འགན་འཁྲིའི་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་ནས་རྡོག་རྩ་གཅིག་སྒྲིལ་གྱི་བསམ་བློ་འཛུགས་རྒྱུ་དང་བླ་ན་མེད་པའི་སྙིང་སྟོབས་བཏོན་ནས་མཐུན་སྒྲིལ་དམ་ཟབ་དང་དངོས་འཛིན་བདེན་སྒྲུབ་ཀྱི་སྒོ་ནས་དངུལ་རྩའི“ཞིང་གསུམ”ཞབས་ཞུའི་སྐོར་གྱི་ལྗོངས་ཡན་ལག་དངུལ་ཁང་གི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་དགོས། ཞིང་གསུམ་དངུལ་རྩའི་ཡན་ལག་པུའུ་དོ་དམ་ཨུ་ལྷན་གྱིས་སྣེ་ཁྲིད་ཀྱི་སྤྱིའི་འགན་འཁྲི་དམ་པོར་བཟུང་དགོས་པ་དང་ལོ་ཧྲིལ་པོའི་དངུལ་རྩས“ཞིང་གསུམ”ཞབས་ཞུའི་དམིགས་ཚད་ལས་འགན་དང་། སྒྱུར་བཅོས་གསར་གཏོད། གཉེར་སྐྱོང་དོ་དམ་སོགས་རྨང་གཞིའི་ལས་དོན་ཁག་གཅིག་འགྱུར་ཐོག་དོན་འཁྱོལ་བྱེད་དགོས་པ་དང་གྲོས་དོན་ཐབས་ཇུས་དང་། བཀོད་འདོམས་མཐུན་སྦྱོར། གོང་འབྲེལ་འོག་མཐུད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་ཀྱིས་གཉེར་སྐྱོང་སྒྲིག་གཞིས“ཞིང་གསུམ”ཞབས་ཞུའི་བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་ཁག་ཐག་གཅོད་བྱེད་རྒྱུར་རོགས་རམ་བྱེད་དགོས། རིམ་ཁག་དངུལ་ཁང་གིས་འགོ་ཁྲིད་ལས་བྱེད་པས《ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་འགོ་ཁྲིད་ལས་བྱེད་པ“ཞིང་གསུམ”ཞབས་ཞུའི་ལས་དོན་ལ་གནས་རྦུར་མཛུབ་སྟོན་བྱེད་རྒྱུའི་ལག་བསྟར་ཇུས་གཞི》(ཞིང་དངུལ་བོད་དོན་སྤེལ〔2015〕ལོའི་ཡིག་ཨང་214པའི)དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་དགོས་ཏེ་རིམ་པ་དང་པོའི་ཡན་ལག་དངུལ་ཁང་གི་དཔུང་ཁག་ཁོངས་མི་ས་ཁུལ་གྲོང་ཁྱེར་ལ་གནས་རྦུར་དང་རྫོང་འགན་གཙང་ལེན་རྒྱུ་དང་། རིམ་པ་གཉིས་པའི་ཡན་ལག་དངུལ་ཁང་གི་དཔུང་ཁག་ཁོངས་མི་ཡུག་འབྲེལ་རྫོང་ལ་གནས་རྦུར་བྱེད་རྒྱུ། ཉིང་ལག་དངུལ་ཁང་གི་དཔུང་ཁག་ཁོངས་མི་ཤང་འགན་གཙང་དང་དུད་ཚང་ལ་གནས་རྦུར་བྱེད་རྒྱུའི་བླང་བྱ་གཞིར་བཟུང་དུས་དང་རྣམ་པ་ཀུན་དུ་གནས་རྦུར་ཚན་པར་ཟབ་སྐྱོད་ཀྱིས་མཛུབ་སྟོན་ལས་སྒོ་སྤེལ་དགོས་པ་དང་གནས་རྦུར་མཛུབ་སྟོན་ཁྲོད་ཐོན་པའི་གནས་ཚུལ་རིམ་ཁག་དངུལ་ཁང་གིས་སྣེ་རིགས་ཕྱེ་སྟེ་སྤྱི་བསྡོམས་བྱེད་དགོས་པ་དང་དུས་ཐོག་ཏུ་ཞིབ་འཇུག་ཐག་གཅོད་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཞིག་མངོན་འགྱུར་ཐུབ་རྒྱུར་བརྩོན་ལེན་དང་རང་ལྗོངས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་བྱེད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    ཀྲུང་གོ་ཞིང་ལས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས།

    2016ལོའི་ཟླ་1ཚེས་6ཉིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།