དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ཀྱིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ལས་བྱེད་པ་གསོ་སྦྱོང་དང་འདེམས་བསྐོའི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-23

    གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་ལས་སྒྲུབ་གསར་གཏོད་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས། གཞི་རིམ་ལས་བྱེད་པའི་དཔུང་ཁག་གྲུབ་ཆ་ལེགས་གཏོང་། མི་སྤྱོད་ཀྱི་ལམ་ལུགས་ཡག་པོ་འཛུགས་པ། གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ཏང་སྲིད་ལས་བྱེད་པ་གསོ་སྦྱོང་དང་འདེམས་བསྐོའི་སྦྲེལ་ཐག་ཆགས་པ་བཅས་བྱ་ཆེད། 2012ལོ་ནས་བཟུང་རང་ལྗོངས་ཀྱིས་ལོ་བཞི་བསྟུད་མར་ལྗོངས་ཡོངས་ཀྱི་ཕུལ་བྱུང་གྲོང་ཚོའི(སྡེ་ཁུལ)ཏང་ཀྲི་པུའི་ཧྲུའུ་ཅིའི་ཁྲོད་ནས་ཤང་གྲོང་གཞུང་ལས་པ་600ལྷག་ཙམ་བདམས་པར་བརྟེན་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་ལས་སྒྲུབ་གསར་གཏོད་ལ་སྔར་བས་སྐུལ་མ་ཐེབས་པ་མ་ཟད། ཞིང་འབྲོག་ཁུལ་གྱི་ཏང་གི་སྲིད་འཛིན་རྨང་གཞི་བརྟན་དུ་འགྲོ་ཐུབ་པ་བྱུང་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཀྱིས་ཕུལ་བྱུང་གྲོང་ཚོའི(སྡེ་ཁུལ)ཏང་ཀྲི་པུའི་ཧྲུའུ་ཅིའི་ནང་ནས་ཤང་གྲོང་གི་གཞུང་ལས་པ་འདེམས་པའི་ལས་དོན་སྤེལ་སྐབས། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་པ་དང་འབྲེལ་ཕུལ་བྱུང་གྲོང་ཚོའི(སྡེ་ཁུལ)ཏང་ཀྲི་པུའི་ཧྲུའུ་ཅིའི་ཁྲོད་ནས་ཤང་གྲོང་གི་གཞུང་ཞབས་པ་འདེམས་སྐབས་ངེས་པར་དུ་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ལས་ཀའི་ཐད་འཇོན་ཐང་ལྡན་པ། སྤྱོད་ཚུལ་ལེགས་པ། ལས་ཀའི་གྲུབ་འབྲས་མངོན་གསལ་བཅས་ཡོད་པ་དགོས་པ་མ་ཟད། གྲོང་ཚོའི(སྡེ་ཁུལ)ཏང་ཀྲི་པུའི་ཧྲུའུ་ཅི་ལོ་དྲུག་ཡན་བྱེད་མྱོང་བའམ་ཡང་ན་གྲོང་ཚོའི(སྡེ་ཁུལ)ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ(གྲོང་མི)ཨུ་ལྷན་གྱི་ཀྲུའུ་རེན་ལོ་དྲུག་ཡན་བྱེད་མྱོང་མཁན་འདེམས་དགོས་པ་ཁ་གསལ་བཏོན་ཡོད། འདེམས་བསྐོའི་ལས་དོན་ཁྲོད་ཐོག་མཐའ་བར་གསུམ་དུ་གཞུང་དྲང་དང་། འདྲ་མཉམ། འགྲན་རྩོད། ཕུལ་བྱུང་འདེམས་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་དང་། གོང་ནས་འོག་དང་གོང་འོག་ཟུང་འབྲེལ་མཐའ་འཁྱོངས་བྱས་ཁར་གཏན་འབེབས་ཀྱི་གོ་རིམ་ནན་པོར་གཞིགས་ཏེ་བདམས་པའི་མི་སྣ་སྒྲིག་འཛུགས་ཀྱིས་ཁས་ལེན་ཐུབ་པ་དང་། ལས་བྱེད་པས་ཁས་ལེན་ཐུབ་པ། མང་ཚོགས་ཀྱིས་ཁས་ལེན་ཐུབ་པ་བཅས་ཡོང་རྒྱུར་འགན་ལེན་བྱས་ཡོད།

    སྨན་གླིང་རྫོང་གནས་ལུང་ཤང་རྒྱ་ཕང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་དོན་གྲུབ་ནི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་འཇོན་ཐང་ཅན་ཞིག་ཡིན། ཁོང་གི་སྣེ་ཁྲིད་འོག་རྒྱ་ཕང་གྲོང་ཚོ་དེ་ལྗོངས་ཡོངས་ཀྱི་འབྱོར་འབྲིང་གྲོང་ཚོ་དང་དུས་བདེའི་གྲོང་ཚོར་གྱུར་ཡོད། 2014ལོར་ཤང་གྲོང་གཞུང་ལས་པར་བདམས་རྗེས། ཁོང་ནུས་མེད་ཟབ་ཟོབ་ཀྱི་བདེ་སྐྱིད་གྲོང་གསར་དུ་བཏང་བ་དང་དུས་ཐུང་ལོ་གཉིས་ནང་བདེ་སྐྱིད་གྲོང་གསར་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། “ང་གཞུང་ལས་པར་གྱུར་གྱི་རེད་སྙམ་མ་བྱུང་། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་གཞི་རིམ་ལས་བྱེད་པར་ཐུགས་ཁུར་ཚད་མེད་གནང་གི་ཡོད་པས། ང་ཚོས་ལས་དོན་ཡག་པོ་མ་བསྒྲུབས་ན་ག་ནས་འགྲིག”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།