
འཕྱོངས་རྒྱས་རྫོང་ཤ་གསོས་ཤང་གི་ཞིང་འབྲོག་མང་ཚོགས་ཀྱིས་ཞིང་ཁྱིམ་དཔེ་དེབ་ཁང་དུ་སློབ་སྦྱོང་བྱེད་བཞིན་པ།
ཉེ་བའི་ལོའི་ནང་འཕྱོངས་རྒྱས་རྫོང་གིས་གྲོང་གསེབ་ཏུ་རིག་གནས་དར་རྒྱས་ཡོང་ཆེད་ཕྱོགས་ཡོངས་ནས་གྲོང་གསེབ་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ཞིང་འབྲོག་མང་ཚོགས་ལ་ཕྱུག་འགྱུར་ལམ་བུ་འཚོལ་རོགས་བྱས་པ་དང་ཐོན་སྐྱེད་ལག་རྩལ་དེ་བས་མང་བ་ཁོང་དུ་ཆུད་པ་བྱས་པ་དང་ཆབས་ཅིག ད་དུང་གཞི་རིམ་དུ་ཤེས་ཡོན་སྐྱེལ་བའི་བྱེད་སྒོ་ཤུགས་ཆེན་སྤེལ་ཡོད།