དབུ་ཤོག>ཞིང་འབྲོག་གསར་པ།
  • ཁྲོམ་རར་བྲིན་ཁ་རྒྱུག་པའི་བསེ་འཁོར་གྱི་གྱོན་ཆས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-07

    242855_yis_1452057875731.jpg

    བསེ་འཁོར་གྱི་གྱོན་ཆས་ནི་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་མ་མིག་ཤང་རྒྱུད་ཀྱི་སྲོལ་རྒྱུན་གྱོན་ཆས་རེད། དེར་ལོ་རྒྱུས་ཡུན་རིང་ལྡན་ལ་འཚེམ་བཟོར་ཁྱད་ཆོས་ལྡན་པར་བརྟེན། ས་གནས་དང་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད། དེས་ན། 2013ལོར་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་ཡོད།

    སྒེར་རྩེ་རྫོང་གི་འབྲོག་པ་ནོར་ལྷས་སྲོལ་རྒྱུན་གྱི་ལག་རྩལ་རྒྱུན་འཛིན་བྱས་པ་དང་ཆབས་ཅིག་ས་གནས་དེའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་ཕྱོགས་སུ་སྐྱོད་བཞིན་ཡོད་ཅིང་། 2009ལོར་མ་དངུལ་སྒོར་ཁྲི་16བཏང་ནས་བསེ་འཁོར་དབུལ་སྐྱོར་མི་རིགས་གྱོན་ཆས་བཟོ་རྩལ་རྒྱུན་འཛིན་ཀུང་སི་བཙུགས་པ་དང་། ཀུང་སིའི་ལས་མི་ཚང་མ་ས་གནས་དེའི་འབྲོག་པ་ཡིན་པ་དང་། ཀུང་སི་བཙུགས་པ་ནས་ད་བར། ཁ་དན་ཚིག་གནས་དང་སྤུས་ཀ་ལེགས་པར་བརྟེན། གྱོན་ཆས་བྲིན་ཚད་ཇེ་མང་དུ་ཕྱིན་ནས་2015ལོར་ཡོང་འབབ་ཁེ་གཙང་སྒོར་ཁྲི་18བྱུང་ཞིང་། འདི་ནི་མ་མིག་ཤང་གི་འབྲོག་མོ་གཡུ་མཚོས་བསེ་འཁོར་གྱི་གྱོན་ཆས་སྟོན་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།