དབུ་ཤོག>ཞིང་འབྲོག་གསར་པ།
  • མངའ་རིས་ས་ཁུལ་གྱིས་ཞིང་འབྲོག་མང་ཚོགས་ལ《ཞིང་དར་ཞིང་ཕན་སྲིད་ཇུས་ཀྱི་དྲིལ་བསྒྲགས་ལག་དེབ》སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-06

    ཉེ་ཆར། མངའ་རིས་ས་ཁུལ་ཞིང་འབྲོག་ཅུས་ཀྱིས་སྣེ་འཁྲིད་པ་དང་། ནོར་སྲིད་དང་། དམངས་སྲིད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། སློབ་གསོ་སོགས་སྡེ་ཚན་གྱིས་གཞོགས་འདེགས་འོག་རྒྱལ་ཁབ་དང་རང་སྐྱོང་ལྗོངས་དང་དེ་བཞིན་མངའ་རིས་ས་ཁུལ་གྱི་གསར་དུ་བཏོན་པའི་ཞིང་དར་ཞིང་ཕན་སྲིད་ཇུས་རབ་དང་རིམ་པ་གསེད་དཀྲོལ་བྱས་ཐོག《ཞིང་དར་ཞིང་ཕན་སྲིད་ཇུས་ཀྱི་དྲིལ་བསྒྲགས་ལག་དེབ》ལེགས་སྒྲིག་དང་ཕྱོགས་སྒྲིག་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་གཤམ་སྤྲོད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་ས་ཁུལ་གྱི་དྲིལ་བསྒྲགས་ལག་དེབ26000གཤམ་སྤྲོད་བྱ་རྒྱུའི་འཆར་གཞི་ཡོད་པ་དེ་ས་ཁུལ་དེ་ཡོངས་ཀྱི་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ཀྱི་ལས་དོན་རུ་ཁག་ཚང་མ་དང་དེ་བཞིན་གྲོང་ཚོ(གྲོང་ལྷན)140ཡི་ཞིང་འབྲོག་པའི་དུད་ཁྱིམ་ཚང་མར་ཁྱབ་ཅིང་། ད་རེས་ཀྱི་ཐེངས་དང་པོའི་གཤམ་སྤྲོད་བྱ་ཡུལ་ནི་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་རྒྱ་སྨྱུག་གྲོང་ཚོའི་མང་ཚོགས་ཡིན་པ་རེད། མངའ་རིས་ས་ཁུལ་ཞིང་འབྲོག་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་རང་སྐྱོང་ལྗོངས་སྲིད་གཞུང་དང་སྡེ་ཚན་ཁག་གིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་གཏོང་། ཞིང་འབྲོག་ལས་ཀྱི་དཔལ་འབྱོར་འཕེལ་རྒྱས་བཅས་དང་འབྲེལ་བ་ཡོད་པའི་ཞིང་དར་ཞིང་ཕན་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་། ད་རེས་གཤམ་སྤྲོད་བྱས་པའི《ཞིང་དར་ཞིང་ཕན་སྲིད་ཇུས་ཀྱི་དྲིལ་བསྒྲགས་ལག་དེབ》དེས་མང་ཚོགས་ལ་ཏང་གི་སྲིད་ཇུས་སློབ་སྦྱོང་བྱེད་རོགས་དང་། སྲིད་ཇུས་གང་དང་གང་ལོངས་སྤྱོད་བྱེད་ཆོག་པ་དང་ལོངས་སྤྱོད་ཇི་ཙམ་བྱེད་ཐུབ་པར་སྔར་བར་ཤེས་རྟོགས་ཐུབ་པ་བྱས་པས་མང་ཚོགས་ཀྱིས་རིམ་ཁག་རྩ་འཛུགས་དང་སྡེ་ཚན་གྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ལ་ལྟ་སྐུལ་བྱེད་པར་སྐུལ་མ་ཐེབས་པ་དང་། སྲིད་དོན་ཡོངས་བསྒྲགས་དང་ཁ་གསལ་གཏིང་གསལ་ཡོང་བར་སྐུལ་འདེད་ཐེབས་པ། རིམ་ཁག་སྡེ་ཚན་གྱིས་སྲིད་ཇུས་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པར་སྐུལ་མ་ཐེབས་པ་བཅས་བྱུང་ཐོག་ཏང་གི་སྲིད་ཇུས་བཟང་པོས་དམངས་ཡོངས་དང་ས་ཁུལ་ཡོངས་ལ་ཕན་པ་འདོགས་ཐུབ་པ་བྱུང་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།