
བོད་ལྗོངས་མཁན་དཀར་འཕྲོད་བསྟེན་མཁོ་ཆས་ཚད་ཡོད་ཀུང་སིའི་ལས་མིས་ཕྱིས་རས་ཐུམ་རྒྱག་བཞིན་པ།
ཉེ་བའི་ལོ་ཤས་རིང་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བས། རྨང་གཞིའི་སྒྲིག་བཀོད་སྔར་ལས་འཐུས་ཚང་དུ་སོང་བ་དང་མ་འཇོག་ཁོར་ཡུག་རྒྱུན་སྲིང་ངང་ལེགས་སུ་ཕྱིན་ནས། ས་མཐོའི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་ལྗང་མདོག་ཐོན་ལས་རྟེན་གཞི་ཞིག་རགས་ཙམ་སྐྲུན་པ་དང་། ལྗང་མདོག་བཟའ་བཅའ་དང་སྨན་བཅོས་འཕྲོད་སྦྱོར། མི་རིགས་ལག་ཤེས་བཟོ་རྩལ་སོགས་གཙོ་བོར་བྱེད་པའི་ས་གཙང་བདེ་ཐང་ཐོན་ལས་འདུས་འཛོམས་དང་། ནུས་རྒྱུ་གསར་པའི་ཐོན་ལས་མཚོན་བྱེད་དུ་བྱེད་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འདུས་འཛོམས་སྤྱིར་ན་ཆགས་ཡོད་པ་རེད།