
མང་ཚོགས་ཀྱིས་དྲོད་ཁང་ནང་ཤ་མོ་སྐོག་བཞིན་པ།
ཉེ་བའི་ལོའི་ནང་། ཧྲང་ཧེ་ཕུའུ་ཏུང་ཁུལ་གསར་དང་རྒྱལ་རྩེ་རྫོང་གཉིས་ཀྱིས་ཐུན་མོང་ཐོག་རྒྱལ་རྩེའི་རོང་ས་དམར་པོའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་སྐྲུན་པ་དང་། ཁུལ་དེར་རྒྱལ་རྩེ་རྫོང་རྒྱལ་རྩེ་གྲོང་རྡལ་དང་། མྱང་སྟོད་ཤང་། འཕྲེང་རིང་ཤང་བཅས་ཤང་ ༣དང་སྲིད་འཛིན་གྲོང་ཚོ 8 མཉམ་ཞུགས་བྱས་ཡོད། སྤྱིའི་རྒྱ་ཁྱོན་ལ་མུའུ་ཁྲི 6 ཡོད་པ་དང་དཔེ་སྟོན་ཁུལ་དེར་ལྟེ་བའི་ཁུལ་དང་དྲོད་ཕོག་ཁུལ་གཉིས་སུ་དབྱེས་ཡོད།
ལྟེ་བའི་ཁུལ་ནི་རྒྱལ་རྩེ་རྫོང་རྒྱལ་རྩེ་གྲོང་རྡལ་ཤར་ཕྱོགས་གྲོང་ཚོར་ཡོད་པ་དང་རྒྱ་ཁྱོན་ལ་མུའུ 203ཡོད། ཞིང་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་པ་དེས་ས་གནས་དེ་གའི་མང་ཚོགས་ལ་ཕན་པ་གང་ལེགས་ཐོབ་ཡོད་པ་མ་ཟད།རྒྱལ་རྩེ་རྫོང་གི་སྲོལ་རྒྱུན་ཞིང་ལས་དེ་དེང་རབས་ཅན་གྱི་ཞིང་ལས་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད།