དབུ་ཤོག>ཞིང་འབྲོག་གསར་པ།
  • སེམས་སུ་མང་ཚོགས་བཅངས། ནུས་ཤུགས་གཅིག་ཏུ་བསྒྲིལ།

  •     སྤེལ་དུས།  2015-12-04

    ལྷ་ས་གྲོང་ཁྱེར་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཁག་བཞི་པའི་གྲོང་ཚོར་བཅའ་སྡོད་ལས་དོན་ན་ནིང་ཟླ་11ཚེས་20ཉིན་རྩིས་སྤྲོད་ལེན་དང་བརྗེ་རེས་བྱས་ཚུན། རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་མཛུབ་ཁྲིད་ནུས་ལྡན་འོག་ལྷ་ས་གྲོང་ཁྱེར་གྱིས་ལྟེ་བའི་གྲོང་ཁྱེར་གྱི“ཕྱོགས་བདུན་ཐད་ཀྱི”གནས་བབ་ཨང་དང་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། “འཐབ་ཇུས་ཆེན་པོ་དྲུག”ལ་སྐུལ་འདེད་ཧུར་ཐག་གཏོང་བ། གྲོང་ཚོར་བཅའ་སྡོད་ལས་དོན་གཏིང་ཟབ་སྤེལ་བ་བཅས་བྱས་པས་གྲོང་ཁྱེར་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་རྒྱུན་མཐུད་སྐུལ་འདེད་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བཅས་བྱུང་ཡོད།

    གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་གང་ཡོད་བརྒྱབ་པ།

    སྐབས་གསར་པའི་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཚན་ཁག་དཔུང་ཁག་གི་བྱང་ཚད་སྔར་བས་མཐོ་རུ་གཏོང་ཆེད་ལྷ་ས་གྲོང་ཁྱེར་གྱི་ཁག་བཞི་པའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིའི་རིག་གནས་སློབ་ཚན་གྱི་འཚོགས་དུས་2056དང་། ཏང་གི་སློབ་ཚན་གྱི་འཚོགས་དུས་1690 རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཀྱི་སློབ་ཚན་འཚོགས་དུས་1436བཅས་འཚོགས་ནས་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིའི་འགན་ནུས་སྒྲུབ་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད། མིག་སྔའི་བར་ལྷ་ས་གྲོང་ཁྱེར་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཁྱོན་བསྡོམས་ཏང་ཡོན་གྱི་གསོ་སྦྱོང་འཛིན་གྲྭ་ཐེངས་684གཉེར་ནས་ཏང་ཡོན་མི་ཐེངས་9752ལ་གསོ་སྦྱོང་བྱས་པ་དང་མ་དངུལ་སྒོར་ཁྲི་29.8བཏང་བ་དང་། གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཚན་ཁག་ལ་ཏང་ཞུགས་ཧུར་བརྩོན་ཅན་787གསོ་སྐྱོང་བྱས་པ་དང་། ཏང་ཡོན་གསར་པ་441འཕེལ་རྒྱས་བཏང་བ། ཕྱུག་འགྱུར་འཇོན་ཐང་ཅན་121ཏང་ཡོན་ལ་གསོ་སྐྱོང་བྱས་པ། ཏང་ཡོན་125ཕྱུག་འགྱུར་འཇོན་ཐང་ཅན་ལ་གསོ་སྐྱོང་བྱས་པ། ཏང་ཡོན་ཕྱུག་འགྱུར་འཇོན་ཐང་ཅན་324གྲོང་ཚོ་དང་ཚོགས་ཆུང་གི་ལས་བྱེད་པར་གསོ་སྐྱོང་བཅས་བྱས་པ་རེད། སྒྲིག་ཁྲིམས་བཟོ་བ་དང་ལག་བསྟར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་མིག་སྔའི་བར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོ་རིམ་པའི་རྩ་འཛུགས་ལ་ཡུལ་སྲོལ་དམངས་ཆིངས་942བཟོ་བ་དང་། ཏང་དོན་དང་གྲོང་ཚོའི་ལས་དོན་ཡོངས་བསྒྲགས་ལམ་ལུགས་ཀྱི་དོན་ཚན་786 ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སོགས་ཐད་ཀྱི་སྒྲིག་སྲོལ་ལམ་ལུགས་ཀྱི་དོན་ཚན་609བཅས་སྒྲིག་འཛུགས་དང་འཐུས་སྒོ་ཚང་དུ་གཏོང་རོགས་བྱས་ཤིང་། གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཏང་ཀྲི་པུའུ་ལ་གཞོགས་འདེགས་བྱས་ནས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”ཐེངས་862འཚོགས་པ་བཅས་རེད།

    ཐབས་ཤེས་ཡོད་རྒུས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་བཏང་བ།

    ལྷ་ས་གྲོང་ཁྱེར་གྱི་ཁག་བཞི་པའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་འཚམས་འདྲི་དང་བརྟག་ཞིབ་གཏིང་ཟབ་བྱས་པ་དང་བཅའ་སྡོད་གྲོང་ཚོའི(གྲོང་ལྷན)གཞི་རྩའི་གནས་ཚུལ་ཤེས་རྟོགས་བྱེད་པའི་རྨང་གཞིའི་ཐོག་བཅའ་སྡོད་གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་བསམ་ཕྱོགས་གསལ་བཟོ་དང་རང་ངོས་ཀྱི་ཁྱད་ཆོས་གནད་འཁེལ་འཚོལ་རོགས་བྱས་པ་དང་བཅའ་སྡོད་གྲོང་ཚོར(གྲོང་ལྷན)ཁྱད་ཆོས་ལྡན་པའི་གྲོང་གསེབ་གསར་པའི་འཛུགས་སྐྲུན་ལམ་བུའི་ཐོག་སྐྱོད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུའི་རླབས་ཆེན་དམིགས་ཚད་མངོན་འགྱུར་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། མིག་སྔའི་བར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་བཅའ་སྡོད་གྲོང་ཚོར(གྲོང་ལྷན)འཕེལ་རྒྱས་ཀྱི་བསམ་ཕྱོགས་404གསལ་པོ་བཟོ་རོགས་བྱས་པ་དང་། འཕེལ་རྒྱས་ཀྱི་ལམ་281འཚོལ་རོགས་བྱས་པའི་ཐོག་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་རྣམ་གྲངས་229བཟོས་པ་དང་འཐུས་ཚང་དུ་བཏང་བ་དང་དེ་བཞིན་ལག་བསྟར་བྱས་ཡོད། དེ་དང་ཆབས་ཅིག“ལས་རིགས་བཞིའི་འདུ་འགོད”ལ་དམ་འཛིན་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ངལ་རྩོལ་ནུས་ཤུགས་གྲོང་ཁྱེར་དེའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཁྲོད་ལས་ཞུགས་ཐུབ་རྒྱུར་སློབ་གསོ་ཁྲིད་སྟོན་དང་གཅིག་སྡུད་སྒྲིག་འཛུགས་བྱས་ནས་ཡོང་འབབ་འཕར་བ་དང་ཕྱུག་འགྱུར་སྣེ་ཁྲིད་བྱས་ཡོད། མིག་སྔའི་བར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་དམངས་ཆེད་དོན་སྒྲུབ་ཀྱི་འགྲོ་གྲོན་ཁྲོད་ནས་མ་དངུལ་སྒོར་ཁྲི་585.05བཏང་ནས་རྣམ་གྲངས་291ལེགས་བསྒྲུབས་བྱས་པ་དང་། བཅའ་སྡོད་ཚན་པས་རྣམ་གྲངས་82དོན་འཁྱོལ་བྱས་པར་སྒོར་ཁྲི་1012.91བཏང་བ། སྒེར་དང་ཁེ་ལས་ཀྱིས་མ་དངུལ་སྒོར་ཁྲི་146.81དོན་འཁྱོལ་བཅས་བྱས་པ་རེད།

    མང་ཚོགས་ལ་དོན་དངོས་བསྒྲུབས་པ་དང་དཀའ་གནད་ཧུར་ཐག་སེལ་བ།

    གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་མདོ་གནད་དང་དཀའ་གནད་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་མང་ཚོགས་ཀྱི་འཕྲལ་མཁོ་ཆེ་ཤོས་ལ་དམིགས་ཏེ་ནུས་ཤུགས་ཡོད་རྒུས་ཞིང་འབྲོག་མང་ཚོགས་ལ་དོན་དངོས་སྒྲུབ་དང་། བྱ་བ་བཟང་པོ་བསྒྲུབས་པ། དཀའ་གནད་སེལ་བ་བཅས་བྱས་ཡོད། མིག་སྔའི་བར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་བཅའ་སྡོད་གྲོང་ཚོ(གྲོང་ལྷན)ལ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དངོས་ཚན་94དང་མཉམ་ལས་དཔལ་འབྱོར་རྩ་འཛུགས་དངོས་ཚན་58འཕེལ་རྒྱས་གཏོང་རོགས་བྱས་པ་དང་། ཞིང་འབྲོག་པ་མི་ཐེངས་1648ལྗོངས་ནང་ཁུལ་དུ་གསོ་སྦྱོང་བྱེད་པར་བཏང་བ་དང་མི་ཐེངས་11ལྗོངས་ཕྱིར་གསོ་སྦྱོང་བྱེད་པར་བཏང་བ། ཕྱིར་སྐྱོད་ལྟ་སྐོར་དང་སློབ་སྦྱོང་ཐེངས་397སྒྲིག་འཛུགས་བཅས་བྱས་ཡོད། སློབ་ཞུགས་དང་། ལས་ཞུགས། སྨན་བཅོས། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འགན་སྲུང་། ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་སོགས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དཀའ་ངལ་དངོས་རབ་དང་རིམ་པ་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། མིག་སྔའི་བར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོའི(གྲོང་ལྷན)དམངས་འཚོའི་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་514ཐག་གཅོད་བྱས་པ་དང་། མང་ཚོགས་ལ་དོན་དངོས་དང་ལས་བཟང་1236བསྒྲུབས་པ། མ་དངུལ་སྒོར་ཁྲི་964.77བཏང་བ། མང་ཚོགས་589ལས་ཞུགས་དང་ལས་ཞུགས་བསྐྱར་མ་ཐུབ་པ་བྱས་པ། གྲོང་བཙུགས་སློབ་ཆུང་དུ་བསྐྱོད་དེ་དངོས་ཡོད་གནད་དོན་243ཐག་གཅོད་བྱས་པ། ཚན་རྩལ་དང་། ལག་རྩལ། འཕྲོད་བསྟེན། ཆ་འཕྲིན། ཞབས་ཞུའི་གཤམ་སྤེལ་བྱེད་སྒོ་བཅས་ཐེངས་364སྤེལ་བར་མ་དངུལ་སྒོར་ཁྲི་83.93བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།