དབུ་ཤོག>ཞིང་འབྲོག་གསར་པ།
  • མང་ཚོགས་ཀྱི་སྙིང་ཉེ་བ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཝང་ཧྲན་གྱིས།   |     སྤེལ་དུས།  2015-12-04

    རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་ཚུན་རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཚོས་ཞིང་འབྲོག་ཁུལ་དུ་བསྐྱོད་དེ་སྲིད་ཇུས་དྲིལ་བསྒྲགས་ལ་སྣང་ཆེན་བྱེད་པ་དང་། དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ། བྱ་བ་དངོས་བསྒྲུབས་པ་སོགས་ཀྱི་ཁར་རང་ངོས་ཀྱི་ལེགས་ཆ་སྤྱད་དེ་རྣམ་གྲངས་བརྩོན་ལེན་དང་། མ་དངུལ་ནང་འདྲེན། གསོ་སྦྱོང་ལེགས་གཉེར་བཅས་བྱས་ཏེ་ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱ་སྐྱེད་བཏང་བ་སོགས་ལ་མང་ཚོགས་ཀྱི་བསྟོད་བསྔགས་རྒྱ་ཁྱབ་ངང་ཐོབ་ཡོད་པ་རེད།

    མང་ཚོགས་ཀྱི་སྙིང་ཉེ་བ་བྱེད་བསམས་ན་མང་ཚོགས་ཁྲོད་ནས་ཡོང་རྒྱུ་དང་མང་ཚོགས་ཁྲོད་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱི་འབོད་སྒྲ་ཉན་པ། སྐད་ཆ་ངོ་མ་ཉན་པ། གནས་ཚུལ་དངོས་ཤེས་རྟོགས་བྱེད་པ། མང་ཚོགས་ཀྱིས་གང་ལ་སེམས་ཁྲལ་བྱེད་པ་དང་མང་ཚོགས་ལ་དགོས་མཁོ་གང་ཡོད་པ་ཤེས་རྟོགས་བྱེད་པ། མང་ཚོགས་ཀྱི་བསམ་འདུན་ངོ་མ་ཁོང་དུ་ཆུད་པ་བཅས་བྱེད་དགོས། དོན་དངོས་ཐོག་ཤང་དང་གྲོང་ཚོར་བཅའ་སྡོད་ལས་དོན་ནི་ལས་བྱེད་པའི་འཇོན་ཐང་སྣ་ཚོགས་ཆེ་རུ་གཏོང་བའི་བྱེད་ཐབས་ཤིག་ཡིན། ལས་དོན་དེའི་ཐད་ཀའི་དམིགས་ཕྱོགས་ནི་མང་ཚོགས་ཀྱི་བློ་གྲོས་གཅིག་སྡུད་ཐོག་མི་དམངས་མང་ཚོགས་ཀྱི་རླབས་ཆེན་ལག་ལེན་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་གྱིས་ཐབས་ཇུས་ཚན་རིག་ཅན་དང་དམངས་གཙོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་ང་ཚོའི་བྱེད་ཐབས་སྲིད་ཇུས་ཁག་ལས་མི་དམངས་མང་ཚོགས་ཀྱི་བསམ་འཆར་དང་། བསམ་འདུན། ཁེ་ཕན་བཅས་སྔར་བས་མཚོན་པར་བྱ་རྒྱུ་དེ་ཡིན།

    ཕྱོགས་གཅིག་ནས་སྲིད་དོན་དམངས་ལ་འདྲི་རྒྱུ་དང་། དགོས་མཁོ་དམངས་ལ་འདྲི་རྒྱུ། ཐབས་ཇུས་དམངས་ལ་འདྲི་རྒྱུ་བཅས་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱིས་གང་ཞིག་འབོད་པར་འགོ་ཁྲིད་ཀྱིས་ལན་ཞིག་རྒྱག་པ་དང་མང་ཚོགས་ལ་གང་ཞིག་མཁོ་བ་འགོ་ཁྲིད་ཀྱིས་དེ་སྤྲོད་ཐབས་བྱེད་དགོས། མང་ཚོགས་ཀྱིས་དགའ་པོ་བྱེད་སར་དགའ་པོ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ན་གཞི་ནས་མང་ཚོགས་ཀྱི་བྱ་བ་དེ་རང་ཉིད་ཀྱི་བྱ་བ་ལྟ་བུར་བརྩིས་ཏེ་སེམས་ནང་བཞག་ནས་ལེགས་པར་སྒྲུབ་ཐུབ།

    ཕྱོགས་གཞན་ཞིག་ནས་མང་ཚོགས་ཀྱི་བསམ་འདུན་ལ་བརྩི་འཇོག་དང་མང་ཚོགས་ཀྱིས་གང་ཞིག་འབོད་པ་ཉན་ཏེ“དེ་མ་ཉིད་སྒྲུབ་པའི”སྤྱོད་ཚུལ་ཐོག་ནས་དུས་ཚོད་དམ་འཛིན་གྱིས་སྒྲུབ་དགོས་པ་དང་། མང་ཚོགས་སེམས་ནང་བཞག་སྟེ་བྱ་བ་གང་ཞིག་ཡིན་རུང་སྔོན་དུ་མང་ཚོགས་ལ་བསམ་བློ་གཏོང་དགོས་པ། མང་ཚོགས་ལ་དཀའ་ངལ་གང་ཞིག་འཕྲད་པ་དུས་ཐོག་ཏུ་ཤེས་རྟོགས་བྱེད་དགོས་པ། མང་ཚོགས་ལ་བསམ་འཆར་གང་ཞིག་ཡོད་པ་ཁེངས་སྐྱུང་ངང་ཉན་དགོས་པ། མང་ཚོགས་ཀྱིས་དོགས་འདྲི་བྱས་པར་ལན་གསལ་པོ་རྒྱག་དགོས། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་དཀའ་ངལ་དངོས་དང་འབྲེལ་བ་ཡོད་པའི་བྱ་བར་ཆ་མཚོན་ན། སེམས་ཁུར་གང་ཡང་མི་བྱེད་པ་དང་གོ་མེད་ཚོར་མེད་བྱེད་མི་རུང་བར་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་བཏོན་ཏེ་བྱ་བ་རྣམས་བརྟག་དཔྱད་ཞིབ་འཇུག་བྱས་པའི་རྨང་གཞིའི་ཐོག་ཏན་ཏིག་དང་ཡག་པོའི་སྒོ་ནས་སྒྲུབ་དགོས། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ན་གཞི་ནས“མང་ཚོགས་ཀྱི་སྙིང་ཉེ་བ་ངོ་མ”ཞིག་བྱེད་ཐུབ་པ་དང་གཞི་ནས་མང་ཚོགས་དང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱེད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།