དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷ་སར་ཁ་ཆེ་ཤ་སྐམ་མུའུ་རེའི་ཐོན་ཚད་ཁེ་སུམ་བརྒྱ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-19

    ཉེ་ཆར་སྨྱན་སྦྱོར་ཞིག་གིས“བོད་དུ་ཁ་ཆེ་ཤ་སྐམ་འདེབས་ཀྱི་མེད་པ”དང་ཀྲུང་གོའི་ཁ་ཆེ་ཤ་སྐམ་90%ནི་ཧྲང་ཧའེ་ཁྲུང་མིང་དུ་འདེབས་ཀྱི་ཡོད་ཅེས་བརྗོད་ཅིང་། “བོད་དུ་སྔར་ཚོད་ལྟའི་ངང་བཏབ་ཀྱང་ལེགས་འགྲུབ་བྱུང་མེད”ཅེས་བསྒྲགས། དེའི་ཐད་ལྷ་ས་གྲོང་ཁྱེར་ཞིང་འབྲོག་ཅུས་ཀྱི་འབྲེལ་ཡོད་མི་སྣས“བོད་དུ་ཁ་ཆེ་ཤ་སྐམ་འདེབས་ཀྱི་མེད་པ”མ་ཟད། “སྔར་ཚོད་ལྟའི་ངང་བཏབ་ཀྱང་ལེགས་འགྲུབ་བྱུང་མེད”ཅེས་པའི་སྐད་ཆ་དེ་དོན་དངོས་དང་མི་མཐུན་ཞིང་། དེ་ནི་ཆོད་སྡོམ་ཡང་དག་ཀྱང་མིན་ཞེས་བཤད།

    ལྷ་ས་གྲོང་ཁྱེར་ཞིང་འབྲོག་ཅུས་ཐོན་ལས་ཁའོ་ཡི་ཁའོ་ཀྲང་ཚེ་ཕུན་གྱིས་གསར་འགོད་པར“སྟག་རྩེ་རྫོང་གིས་2006ལོར་ཁ་ཆེ་ཤ་སྐམ་དངོས་སུ་ཚོད་ལྟའི་ངང་བཏབ་ནས་ལོ་དེར་ལེགས་འགྲུབ་བྱུང་། ད་ལྟ་ལྷ་ས་གྲོང་ཁྱེར་དུ་མཉམ་ལས་ཁང་གསུམ་གྱིས་ཁ་ཆེ་ཤ་སྐམ་འདེབས་ཀྱི་ཡོད་པ་དང་འདེབས་ཁྱོན་མུའུ་བརྒྱ་ཙམ་ཟིན། ལྷ་ས་གྲོང་ཁྱེར་ཕུད་ཉིང་ཁྲི་དང་ལྷོ་ཁ་སོགས་དང་ལྷག་དོན་དུ་ཉིང་ཁྲིར་འདེབས་ཁྱོན་དེ་བས་ཀྱང་ཆེན་པོ་ཡོད”ཅེས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ས་མཐོའི་ཁོར་ཡུག་ཁྲོད་སྤུས་ཀ་སྔར་བས་ལེགས་པའི་ཁ་ཆེ་ཤ་སྐམ་འདེབས་སླད་འབྲེལ་ཡོད་སྡེ་ཚན་གྱིས་དུས་ཡུན་རིང་པོར་ཉམས་མྱོང་ཕྱོགས་སྡོམ་དང་ལག་རྩལ་སྒྱུར་བཀོད་ཟམ་མི་ཆད་པར་བྱས་པ་དང་། ད་ཆ་ཅུང་འཐུས་ཚང་དང་གནད་སྨིན་གྱི་འདེབས་འཛུགས་མ་ལག་ཆ་ཚང་ཞིག་ཡོད། ད་ལྟ་ལྷ་ས་གྲོང་ཁྱེར་གྱི་མཉམ་ལས་ཁང་གསུམ་གྱི་མུའུ་རེའི་ཐོན་ཚད་ཁེ་སུམ་བརྒྱ་ཙམ་ཟིན་པ་དང་ལོ་གཅིག་གི་ཐོན་ཚད་ཁེ་ཁྲི་3ཟིན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།