ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་འགན་སྲུང་ཏན་ཏིག་བྱེད་པ་མ་ཟད། མི་བེད་སྤྱོད་བྱེད་མཁན་ཚན་པས་དུས་ཐོག་ཏུ་ལས་མིའི་གླ་ཆ་སྤྲོད་རྒྱུར་སྟབས་བདེ་སྐྲུན་ཆེད། ཉེ་དུས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་གཉེར་འགན་ཁུར་བའི་ལས་མིའི་གླ་ཆའི་འགན་སྲུང་གཱ་སྤྲོད་པའི་མཛད་སྒོ། ཁྲེང་ཀོན་མེ་ཏོག་ལྡུམ་རའི་ཁུལ་གསུམ་པའི་རྣམ་གྲངས་ཀྱི་ལས་ཡུལ་དུ་འཚོགས་པ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། ལས་དོན་དེ་ཏན་ཏིག་ངང་ཡག་པོ་སྒྲུབ་ཆེད་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་ཁང་གིས་ཆེད་མངག་ཕྱི་ཕྱོགས་སུ་ལས་མི་གླ་པ་བྱེད་མཁན་ཚོར་ལས་མིའི་གླ་ཆའི་འགན་སྲུང་གཱ་ཞེས་པ་བཟོས་ཡོད་པ་རེད། གཱ་དེ་བེད་སྤྱོད་བྱེད་མཁན་གྱིས་ས་ཆ་གཞན་གྱི་འཛུགས་སྐྲུན་དངུལ་ཁང་ནང་དང་རང་འདེམས་སྒྲིག་ཆས་བརྒྱུད་དངུལ་བཅོལ་ལེན་དང་། རྩིས་ཐོ་གཱ་བསྒྱུར་གྱི་འགྲོ་ལུགས་གཉེར་བའི་རིན་པ་སྤྲོད་དགོས་ཀྱི་མེད་པ་དང་དུས་མཚུངས་གཱ་ནང་གི་དུས་བཀག་བཅོལ་དངུལ་གྱི་སྐྱེད་ཀ་དེ་མཚུངས་ཀྱིས་མཐོ་རུ་གཏོང་རྒྱུ་རེད།