དབུ་ཤོག>ཞིང་འབྲོག་གསར་པ།
  • ​ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཁྲོད་རྩིས་ཞུ་བྱེད་མི་ཆོག་པའི་སྨན་བཅོས་འགྲོ་གྲོན་གང་དག་ཡོད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-09

    ལན། ཆང་རག་བཏུང་པ་དང་། རྒྱག་རེས་རྒྱག་པ། དུག་འཐེན་པ་བཅས་ལས་ཐོན་པའི་སྨན་བཅོས་འགྲོ་གྲོན་དང་། རང་ཤི་བརྒྱབ་པ་དང་རང་གིས་རང་ལ་མནར་གཅོད་བཏང་བ(སྨྱོ་ནད་ཡོད་པ་ཕུད)ལས་ཐོན་པའི་སྨན་བཅོས་འགྲོ་གྲོན། འགྲིམ་འགྲུལ་ལས་འཛོལ་དང་སྨན་བཅོས་ལས་འཛོལ་སོགས་ཕུང་གསུམ་པས་འགན་འཁུར་དགོས་པའི་སྨན་བཅོས་འགྲོ་གྲོན། མཛེས་བཟོ་དང་མཛེས་བཟོ་དབྱིབས་བཟོ་སོགས་གཞི་རྩའི་སྨན་བཅོས་མིན་པ་ལས་ཐོན་པའི་སྨན་བཅོས་འགྲོ་གྲོན་དང་སོ་བསྒར་བའི་འགྲོ་གྲོན། རང་ཉིད་ཀྱིས་ཉོས་པའི་སྨན་རྫས་དང་། འཚོ་བཅུད་དངོས་པོ། འཕྲོད་སྦྱོར་དངོས་པོ་བཅས་ཀྱི་གཏོང་སྒོ། དམག་མི་བསྡུ་བ་དང་། ལས་མི་བསྡུ་བ། སློབ་ཞུགས་གཟུགས་པོ་བརྟག་དཔྱད་འགྲོ་གྲོན། འགྲིམ་འགྲུལ་འགྲོ་གྲོན(སྦྲུམ་མས་སྨན་ཁང་དུ་ཕྲུ་གུ་བཙའ་བ་དང་མྱུར་སྐྱོབ་བྱེད་པར་སྐྱེལ་བ་ཕུད)ལས་རྨས་འགན་བཅོལ་ཐེབས་རྩས་གཏོང་དགོས་པའི་སྨན་བཅོས་འགྲོ་གྲོན། གནས་གཏན་འཁེལ་མིན་པའི་སྨན་བཅོས་སྒྲིག་གཞིར་ཐོན་པའི་སྨན་བཅོས་འགྲོ་གྲོན་བཅས་རེད། སྨན་བཅོས་འགྲོ་གྲོན་དེ་ཁྲིམས་ལྟར་ཕུང་གསུམ་པས་འགན་འཁུར་དགོས་མོད། འོན་ཀྱང་ཕུང་གསུམ་པ་སུ་ཡིན་གཏན་འཁེལ་བྱེད་ཐབས་མེད་རིགས་ལ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཐེབས་རྩས་གཏན་འབེབས་གཞིར་བཟུང་རྩིས་ཞུ་དང་སྐྱིན་གསབ་བྱེད་དགོས་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།